ཀྲུང་དབྱང་སྤྱི་ཚོགས་ལས་དོན་པུའུ་ཡིས་འགོ་ཡག་པོ་བརྩམས་ཏེ་སྤྱི་ཚོགས་ལས་དོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན།
2024.02.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

གསར་འགོད་པས་ཟླ2པའི་ཚེས22ཉིན་པེ་ཅིང་དུ་འཚོགས་པའི་རྒྱལ་ཡོངས་ཀྱི་སྤྱི་ཚོགས་ལས་དོན་པུའུ་ཡི་པུའུ་ཀྲང་དང་འཕྲིན་བཅར་ཅུའུ་ཡི་ཅུའུ་ཀྲང་གི་བཞུགས་མོལ་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔའི་བར་རྒྱལ་ཡོངས་ཀྱི་ཞིང་ཆེན་ཚང་མས་ཏང་ཨུའི་སྤྱི་ཚོགས་ལས་དོན་སྡེ་ཁག་དངོས་སུ་བཙུགས་ཏེ། ཁྱོན་ཡོངས་ནས་འགན་འཁྲི་སྒྲུབ་འགོ་བརྩམས་ཡོད། 2024ལོར་རིམ་པ་སོ་སོའི་ཏང་ཨུའི་སྤྱི་ཚོགས་ལས་དོན་སྡེ་ཁག་གིས་ཏང་གིས་སྤྱི་ཚོགས་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་པ་དང་། སྤྱི་ཚོགས་ལས་དོན་ལ་ཕན་འབྲས་ཐོན་རྒྱུར་སྤྱི་འདོམས་མཐུན་སྦྱོར་བྱ་རྒྱུར་སྐུལ་འདེད་གཏོང་བ། སྤྱི་ཚོགས་ལས་དོན་གྱི་སྟོབས་ཤུགས་བསྡུ་སྒྲིལ་ནུས་ལྡན་བྱེད་པ། སྤྱི་ཚོགས་ལས་དོན་གྱི་སྤྱི་ཡོངས་ཀྱི་ཕན་ནུས་ཟམ་མི་ཆད་པར་ཇེ་ཆེར་གཏོང་བ་བཅས་བྱས་ནས། སྤྱི་ཚོགས་ལས་དོན་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་གཏོང་རྒྱུ་རེད།

ཀྲུང་དབྱང་སྤྱི་ཚོགས་ལས་དོན་པུའུ་ཡི་འགན་འཁུར་བློ་མཐུན་གཙོ་བོས་བཤད་རྒྱུར། རྒྱལ་ཡོངས་ཀྱི་སྤྱི་ཚོགས་ལས་དོན་ཁོངས་གཏོགས་ཀྱིས་ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་རྒྱུ་རྒྱུན་འཁྱོངས་ལྷོད་མེད་བྱས་ཏེ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་མོ་བྱས་ནས། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཡང་དག་བླངས་ཏེ། “འདུ་ཤེས་བཞི”སྔར་ལས་ཇེ་དྲག་ཏུ་གཏོང་བ་དང“ཡིད་རྟོན་བཞི”སྔར་ལས་ཇེ་བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”སྒྲུབ་པ་བཅས་ལ་བརྟེན་ནས། ཏང་ཀྲུང་དབྱང་གི་བཅོས་སྒྱུར་ཇུས་ཆོད་གལ་ཆེན་ལ་གོ་བ་ཡང་དག་ལེན་པ་དང་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། རྒྱལ་ཡོངས་ཀྱི་སྤྱི་ཚོགས་ལས་དོན་ཁོངས་གཏོགས་ཀྱིས་འགན་འཁྲི་དང་ལས་འགན་ཡིད་ལ་བརྟན་པོར་ངེས་པར་བྱས་ནས། ཆེད་ལས་ཀྱི་འཇོན་ཐང་མངོན་སུམ་གྱིས་ཇེ་ཆེར་བཏང་སྟེ། ལམ་འཚོལ་མཁན་དང་ལམ་སྐྲུན་མཁན་བྱས་ནས་ནུས་ཤུགས་ཡོད་རྒུས་ལས་འགན་སྣ་ཚོགས་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས། མི་དམངས་ཀྱི་འཕྲིན་བཅར་ལས་དོན་ལ་གཅིག་གྱུར་ངང་འཆར་འགོད་མཛུབ་སྟོན་བྱེད་པ་དང་། མི་དམངས་ཀྱི་གྲོས་འགོ་བསྡུ་ལེན་ལས་དོན་ལ་མཛུབ་སྟོན་བྱེད་པའི་འགན་འཁྲི་ནན་ཏན་ངང་སྒྲུབ་ནས། འཕྲིན་བཅར་ལས་དོན་ཁྲིམས་སྐྱོང་ཅན་དུ་བསྒྱུར་བར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ། དམངས་ཀྱི་འབོད་སྐུལ་ལ་སྔར་ལས་གཟབ་ཉན་དང་དམངས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱེད་པ། དམངས་ཀྱི་བློ་གྲོས་གཅིག་སྡུད་གང་ལེགས་བྱེད་པ། དམངས་སེམས་གཅིག་སྡུད་བཅས་བྱེད་དགོས།

ཏང་འཛུགས་ལས་དོན་གྱིས་གཞི་རིམ་བཅོས་སྐྱོང་དང་གཞི་རིམ་གྱི་སྲིད་དབང་འཛུགས་སྐྲུན་ལ་སྣེ་འདོམས་དང་གཅིག་གྱུར་ངང་འཆར་འགོད་བྱས་ཏེ་སྐུལ་འདེད་གཏོང་རྒྱུ་ནི། ཀྲུང་དབྱང་སྤྱི་ཚོགས་ལས་དོན་པུའུ་ཡི་འགན་འཁྲི་གལ་ཆེན་ཞིག་ཡིན། གསར་འགོད་པས་ཚོགས་ཐོག་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2024ལོར། རྒྱལ་ཡོངས་ཀྱི་སྤྱི་ཚོགས་ལས་དོན་ཁོངས་གཏོགས་ཀྱིས་དུས་རབས་གསར་བའི“ཧྥིན་ཆའོ་ཉམས་མྱོང”རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བ་དང་།“སྟོང་ཁྲི་བཟོ་སྐྲུན”གྱི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་གཏོང་བ།“གཞི་རིམ་དུ་སྐྱོད་པ་བཞིའི”ལམ་ལུགས་བེད་སྤྱོད་ཡག་པོ་གཏོང་བ། “སྲང་ལམ་དང་ཡུལ་ཚོ་ནས་བརྡ་གཏོང་བ་དང་སྡེ་ཁག་ཏུ་འབྱོར་ཐོ་འགོད་པ”སོགས་ཀྱི་བྱེད་ཐབས་སྤྱད་དེ། གཞི་རིམ་བཅོས་སྐྱོང་གི་གནད་དོན་མངོན་གསལ་ཅན་ཐག་གཅོད་བྱས་ནས། གཞི་རིམ་བཅོས་སྐྱོང་གི་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་རྒྱུ་རེད། རྒྱལ་ཡོངས་ཀྱི་སྤྱི་ཚོགས་ལས་དོན་ཁོངས་གཏོགས་ཀྱིས་ཏང་གིས་ལས་རིགས་མཐུན་ཚོགས་དང་ཚོང་ཚོགས་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཡོངས་རང་བཞིན་གྱི་ལས་རིགས་མཐུན་ཚོགས་དང་ཚོང་ཚོགས་ཀྱི་ཏང་གི་ལས་དོན་ལ་ཤུགས་སྣོན་པ་དང་། ལས་རིགས་མཐུན་ཚོགས་དང་ཚོང་ཚོགས་ཀྱི་བཅོས་སྒྱུར་ཟབ་སྤེལ་དང་ཚུལ་སྒྱུར་འཕེལ་རྒྱས་ལ་མཐུན་སྦྱོར་ངང་སྐུལ་འདེད་བཏང་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ཁྲོད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་རྒྱུ་རེད། དབང་བའི་ལམ་ལུགས་བསྲེས་པའི་ཁེ་ལས་དང་སྤྱི་ལ་དབང་བ་མ་ཡིན་པའི་ཁེ་ལས། དཔལ་འབྱོར་གྱི་རྩ་འཛུགས་གསར་བ། སྤྱི་ཚོགས་ཀྱི་རྩ་འཛུགས་གསར་བ། ལས་ཞུགས་ཚོགས་པ་གསར་བ་བཅས་ཀྱི་ཏང་འཛུགས་བྱ་བར་སྐུལ་སྤེལ་ཏན་ཏིག་གཏོང་བ་དང་། སེམས་ཁུར་དང་གཅེས་སྐྱོང་བྱེད་ཤུགས་ཇེ་ཆེར་གཏོང་བ། ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་པ། བདེ་ཐང་ངང་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་གཏོང་བ་བཅས་བྱེད་རྒྱུ་རེད། དང་བླངས་ཞབས་ཞུའི་ལམ་ལུགས་དང་བྱ་བའི་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་དང་བླངས་ཞབས་ཞུའི་སྤུས་རྟགས་འཛུགས་སྐྲུན་སྔར་ལས་ཟབ་སྤེལ་བྱེད་པ། སྤྱི་ཚོགས་ལས་དོན་གྱི་འཇོན་མི་གསོ་སྐྱོང་ལ་ཤུགས་སྣོན་པ། དང་བླངས་ཞབས་ཞུའི་ལས་དོན་དང་སྤྱི་ཚོགས་ལས་དོན་གྱི་འཇོན་མིའི་དཔུང་སྡེ་འཛུགས་སྐྲུན་གྱི་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་རྒྱུ་རེད།

བན་དེ་སྐྱབས་ཀྱིས་བསྒྱུར།