ཞིང་ཆེན་ཡོངས་ཀྱི་དཔྱིད་དུས་ཀྱི་ཡུལ་སྐོར་དང་ཉིས་སྟོང་ཉེར་བཞི་ལོའི་ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ཀྱི་བྱ་བ་གཙོ་བོའི་ཆེད་དོན་གྲོས་ཚོགས་བསྡུས།
2024.02.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 13

ཟླ2པའི་ཚེས23ཉིན།  ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་དཔྱིད་དུས་ཀྱི་ཡུལ་སྐོར་དང2024ལོའི་ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ཀྱི་བྱ་བ་གཙོ་བོའི་ཆེད་དོན་གྲོས་ཚོགས་བསྡུས་ཏེ།  ཞིང་ཆེན་ཡོངས་ཀྱི་དགུན་དཔྱིད་དུས་ཀྱི་ཡུལ་སྐོར་བྱ་བ་སྤེལ་བའི་གནས་ཚུལ་ལ་ཕྱོགས་ཡོངས་ནས་གསེད་བཀྲོལ་བྱས་པ་དང་། རྣམ་པར་དབྱེ་ཞིབ་དང་བརྡར་གཅོད་བྱས་ཤིང་།  2024ལོའི་ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ཀྱི་བྱ་བ་གཙོ་བོར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད།  ཁོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་མཐའ་གཅིག་ཏུ་ལག་བསྟར་བྱེད་པ། དུས་རབས་གསར་བའི་ཡུལ་སྐོར་འཕེལ་རྒྱས་ཀྱི་གོ་སྐབས་གསར་བ་དམ་འཛིན་བྱས་ནས་ཡུལ་སྐོར་འཛད་སྤྱོད་ཀྱི་དགོས་མཁོ་གསར་བར་རང་འགུལ་གྱིས་བསྟུན་པ་དང་།  ཡུལ་སྐོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་བ་རྒྱུན་མཐུད་ངང་ཇེ་ཆེར་གཏོང་བ། ལྟེ་བ་གཅིག་དང་རྒྱུན་ཐག་གཅིག་དང་སྣེ་མང་ཅན་གྱི་སྐྱེ་ཁམས་ཁོར་ཡུག་འཕེལ་རྒྱས་ཀྱི་རྣམ་པ་ནུས་ཤུགས་གང་ཡོད་སྒོས་བསྐྲུན་ནས། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་གྱི་དམིགས་ས་འཛུགས་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་ཞེས་བསྟན།

ཝུའུ་ཞའོ་ཅུན་གྱིས་བསྟན་དོན། མཐོ་རིམ་ཇུས་འགོད་ལ་རྒྱུན་མཐུད་ངང་ཤུགས་སྣོན་པ་དང་།  འཆར་འགོད་མ་ལག་མགྱོགས་མྱུར་སྒོས་འཐུས་ཚང་དུ་གཏོང་བ། ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་དངོས་གཉེར་གོ་ཆོད་ཀྱི་སྲིད་ཇུས་དང་བྱེད་ཐབས་བཏོན་ནས།  ཡུལ་སྐོར་ལམ་ཐིག་ཡག་པོ་འཆར་འགོད་དང་གསར་སྐྲུན་ཡག་པོ་བྱེད་དགོས།  མི་འདང་ས་དང་ཞན་སར་ཤུགས་གང་ཡོད་སྒོས་ཁ་གསབ་བྱེད་པ་དང་། ལག་བསྟར་བྱེད་ཆོག་ལ་སྣེ་ཁྲིད་དང་འདེགས་སྐྱོར་ནུས་པ་དྲག་པའི་རྣམ་གྲངས་གཙོ་བོ་འཆར་འགོད་དང་འགྲུབ་པར་བྱེད་པ།  ཡུལ་སྐོར་རྨང་གཞིའི་སྒྲིག་ཆས་འཐུས་ཚང་དུ་གཏོང་བ་དང་། རྒྱལ་སྤྱིའི་རང་བཞིན་གྱི་ཚད་ལྡན་ལྗོངས་ཁུལ་འཛུགས་སྐྲུན་ལས་གཞི་ལག་བསྟར་གཏིང་ཟབ་བྱེད་པ། ཡུལ་སྐོར་ཁྲོམ་རའི་འཛུགས་སྐྲུན་གཏིང་ཟབ་དུ་སྤེལ་ནས།  ཡུལ་སྐོར་ཆེད་ལས་ཤེས་ལྡན་མི་སྣ་འདྲེན་གསོ་ཉར་སྤྱོད་གང་ལེགས་བྱེད་དགོས།   མཉམ་འདྲེས་བྱེད་འོས་ན་མཉམ་འདྲེས་དང་མཉམ་འདྲེས་བྱེད་ཐུབ་ན་མཉམ་འདྲེས་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་།  ཡུལ་སྐོར་དང་སྐྱེ་ཁམས། ཡུལ་སྐོར་དང་ཞིང་འབྲོག་ནགས་ལས། ཡུལ་སྐོར་དང་བདེ་གསོ། ཡུལ་སྐོར་དང་ལུས་རྩལ་བཅས་ཀྱི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ།  ཡུལ་སྐོར་དང་ཐོན་ལས་གཞན་དག་མཚམས་བརྒལ་མཉམ་འདྲེས་དང་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།   སྔོན་ལ་འཆར་འགོད་དང་། མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་པ། དྲིལ་སྒྲོག་འོས་སྦྱོར་ལ་དམ་འཛིན་ཡག་པོ་བྱེད་པ་དང་། ཞབས་ཞུ་མཐོར་འདེགས་དང་ལེགས་སྒྱུར།  ཡུལ་སྐོར་མང་བའི་དུས་བསུ་བར་གྲ་སྒྲིག་གང་ལེགས་བྱས་ནས། ཡུལ་སྐོར་བ་ཡོང་ན་སེམས་བདེ་བ་དང་བསྡད་ན་བློ་བདེ་བ། རྩེ་ན་ཡིད་སྤྲོ་བར་བྱེད་དགོས།  ལམ་ལུགས་དང་རྐྱེན་སྲོལ་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་། པུའུ་དང་ཞིང་ཆེན་གྱི་སྤྱི་འཛུགས་རྐྱེན་སྲོལ་བེད་སྤྱོད་གང་ལེགས་བྱེད་པ། བརྗེ་རེས་དང་མཉམ་ལས་ཀྱི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། མཚོ་སྔོན་ལ་རོགས་སྐྱོར་དང་ཤར་ནུབ་ཕྱོགས་མཉམ་ལས་ལ་ཁ་ཕྱོགས་པའི་སྟེགས་བུ་བེད་སྤྱོད་ཡག་པོ་བཏང་ནས། ཏང་ཨུའི་མགོ་ཁྲིད་བྱེད་པ་དང་། སྲིད་གཞུང་མཉམ་འགུལ། སྡེ་ཁག་མཐུན་སྦྱོར། སྤྱི་ཚོགས་ཚབ་ཞུགས། མི་དམངས་མང་ཚོགས་ཀྱིས་མཉམ་ཚོང་མཉམ་བསྐྲུན་མཉམ་སྤྱོད་བཅས་ཀྱི་ཡུལ་སྐོར་འཕེལ་རྒྱས་ཆེན་མོའི་རྣམ་པར་ཆགས་པར་བྱེད་དགོས།

ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་གྲོས་ཚོགས་ལ་ཞུགས་པ་དང་། ཧྲིན་ཀྲང་གཞོན་པ་ཧི་ལུའུ་ཁྲུན་གྱིས་འགོ་འཛིན་བྱས།


ལྷ་མོ་འཚོས་བསྒྱུར།