ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཙུའུ་གྲོས་ཚོགས་བསྡུས།
2024.02.24 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 25

ཟླ2པའི་ཚེས23ཉིན། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་གྲོས་ཚོགས་ཐེངས་ཉེར་གཅིག་པ་བསྡུས་ཏེ་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་དང་བརྗོད་དོན་སློབ་གསོའི་སྤྱི་སྡོམ་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་བྱས་ལ། ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམངས་འཐུས་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་སྐོར་གྱི་དགོངས་དོན་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗེ་རེས་ཚོགས་འདུའི་ཐོག་སྟེང་གི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་གཏིང་ཟབ་བྱས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཝང་ལིས་མེན་གྱིས་འགོ་འཛིན་བྱས་པར་མ་ཟད་གཏམ་བཤད། ཉི་མ་སྒྲོལ་མ་དང་། ལོས་ཀང་། ཝང་ཅིན་ཀྲའེ། ཁྲིན་ཏུང་ཁྲང་བཅས་ཚོགས་འདུར་ཞུགས།

ཚོགས་འདུའི་སྟེང་བསྟན་དོན། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་སྟེང2024ལོའི་གཙོ་གནད་ལས་དོན་ཡག་པོར་བསྒྲུབ་རྒྱུ་དང་། བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་རྒྱུ། སྐོར་ཞིབ་བྱ་བ་གཏིང་ཟབ་ཏུ་འཕེལ་རྒྱས་གཏོང་རྒྱུ་བཅས་ཀྱི་ཐད་བླང་བྱ་གསལ་པོ་བཏོན་ཡོད་པས། དེ་ནི་ང་ཚོས་མིག་སྔར་དང་སླད་ཕྱིན་དུས་སྐབས་ཤིག་རིང་གོང་གསལ་གྱི་ལས་དོན་ཡག་པོར་བསྒྲུབ་རྒྱུའི་གཞི་འཛིན་ས་གལ་ཆེན་ཞིག་ཡིན་པ་དང་། རང་འཁྲིའི་བྱ་བ་དང་ཟུང་འབྲེལ་བྱེད་པ་དང་། གཅིག་གྱུར་གྱིས་གོ་བ་བླངས་ཏེ་ཁོང་དུ་ཆུད་པར་བྱེད་པ། གཅིག་གྱུར་གྱིས་དོན་འཁྱོལ་མཐར་ཕྱིན་བཅས་བྱ་དགོས། 

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། ཁྲིམས་སྐྱོང་འགན་ལེན་ལ་ཤུགས་བསྣན་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་། ཚྭ་མཚོ་དང་ནུས་ཁུངས་གཙང་མའི་ཐོན་ལས་འཕེལ་རྒྱས་སོགས་གཙོ་གནད་ཁྲིམས་འཛུགས་ལས་དོན་ཡག་པོར་སྒྲུབ་སྟེ་མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་ཁྱབ་ཁོངས་ཀྱི་བྱ་བར་སྐུལ་འདེད་གཏོང་བར་རམ་འདེགས་བྱེད་དགོས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱབ་ཁོངས་གལ་ཆེན་དང་མི་དམངས་མང་ཚོགས་ཀྱིས་སེམས་ཁུར་དང་དོ་ཁུར་བྱེད་པའི་གཙོ་གནད་གནད་དོན་ལ་དམིགས་ནས་ཁྲིམས་འཛིན་ལྟ་སྐུལ་ལ་ཤུགས་སྣོན་པ་དང་། གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲུང་སྐྱོང་བཅས་བྱེད་དགོས། “ཁང་བ་གཉིས་ལ་ལས་སྟེགས་གཅིག”དང“སྤུས་རྟགས་བཞིའི”བྱ་སྤྱོད་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བ་དང་། “འབྲེལ་གཏུག་དྲུག”གི་ལམ་ལུགས་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་བཏང་སྟེ་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ཡི་མཚོ་སྔོན་གྱི་ལག་ལེན་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་སུ་གཏོང་དགོས། 

ཚོགས་འདུའི་ཐོག་ད་དུང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི2024ལོའི་བརྟག་དཔྱད་ཞིབ་འཇུག་དང་རྟོག་ཞིབ་བྱ་བའི་འཆར་གཞི་དང་། ཆེད་དོན་འཆད་ཁྲིད་བཀོད་སྒྲིག་བྱས་ཚུལ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་དང་། འབྲེལ་ཡོད་ལས་དོན་གྱི་འཕེལ་རིམ་བཀོད་སྒྲིག་བྱས་ཚུལ་བཅས་ཀྱི་སྙན་ཞུར་གསན་པ་རེད། 

ཤ་བོ་གསེར་མཚོས་བསྒྱུར།