ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རིན་གྲོས་ཚོགས་བསྡུས།
2024.02.25 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 17

ཟླ2པའི་ཚེས23ཉིན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རིན་གྲོས་ཚོགས་ཐེངས་ཉེར་གཅིག་པ་བསྡུས།  ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཝང་ལིས་མེན་གྱིས་འགོ་འཛིན་བྱས། ཉི་མ་སྒྲོལ་མ་དང་། ལོས་ཀང་། ཝང་ཅིན་ཀྲའེ། ཁྲིན་ཏུང་ཁྲང་བཅས་གྲོས་ཚོགས་ལ་ཞུགས།

གྲོས་ཚོགས་སྟེང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བདུན་པའི་གྲོས་གཞི་དང་གྲོས་ཚོགས་འཚོགས་པའི་དུས་ཚོད་སྐོར་གྱི་སྙན་ཞུར་ཉན་པ་དང་།  རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་བརྒྱུད་སྒྲོག་གནད་བསྡུས་གྲ་སྒྲིག་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན་པར་མ་ཟད། མཚོ་སྔོན་ཞིང་ཆེན་གྱི་བདེ་འཇགས་ཐོན་སྐྱེད་སྲོལ་ཡིག་འཆར་ཟིན་དང་། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པའི་སྲོལ་ཡིག་འཆར་ཟིན་གཅིག་གྱུར་འདྲི་གཅོད་བྱེད་པའི་གྲ་སྒྲིག་གནས་ཚུལ་གྱི་སྙན་ཞུར་ཉན།  མཚོ་སྔོན་ཞིང་ཆེན་ཆུ་བེད་བྱ་བའི་དོ་དམ་སྲོལ་ཡིག་གི་འཆར་ཟིན་གྲོས་ཞིབ་བྱེད་པར་སྤྲོད་པའི་གྲ་སྒྲིག་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན།  ཟི་ལིང་གྲོང་ཁྱེར་དང་། མཚོ་ཤར་གྲོང་ཁྱེར། མགོ་ལོག་བོད་རིགས་རང་སྐྱོང་ཁུལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཅས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་སྲོལ་ཡིག་ལ་ཞིབ་བཤེར་བྱེད་པ་དང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་སྲོལ་ཡིག་རྐྱང་མ་ཁ་ཤས་བཀོལ་མཚམས་འཇོག་པ་དང་བཟོ་བཅོས་རྒྱག་པའི་སྐོར་གྱི་ཆོད་དོན་ཁྲོད་ལྟ་ཞིབ་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་དང་། ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོབ་ཨུ་ཡོན་ཁང་ལ་འབྲེལ་བའི་སྲོལ་ཡིག་རྐྱང་མ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་ལྔ་པའི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་རི་སྐྱེས་སྲོག་ཆགས་ཐོན་ཁུངས་སྲུང་སྐྱོབ་དོ་དམ་སྲོལ་ཡིག་བཀོལ་མཚམས་འཇོག་པའི་ཆོད་དོན་གྱི་གྲ་སྒྲིག་གནས་ཚུལ་སྐོར་གྱི་སྙན་ཞུ་བཅས་ལ་གསན། 2023ལོའི་ཐོ་འགོད་ཇུས་གཞི་ཞིབ་བཤེར་བྱ་བའི་གནས་ཚུལ་སྙན་ཞུའི་གྲ་སྒྲིག་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན།  ཀྲུའུ་རིན་གྲོས་ཚོགས་ལས་གོང་གི་གྲོས་གཞི་ཁག་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱི་གྲོས་གཞིའི་ནང་འཇོག་པར་གྲོས་མཐུན་བྱུང་།

གྲོས་ཚོགས་ལས་མི་དོན་བསྐོ་འཐེན་གྲོས་གཞིའི་གྲ་སྒྲིག་གནས་ཚུལ་གྱི་སྙན་ཞུར་གསན་པ་དང་།  ཀྲུའུ་རིན་གྲོས་ཚོགས་སྟེང་ཐེངས་རྗེས་མའི་ཀྲུའུ་རིན་གྲོས་ཚོགས་ལས་གྲོས་ཞིབ་བྱ་རྒྱུར་བཀོད་སྒྲིག་བྱེད་པར་གྲོས་མཐུན་བྱུང་།

གྲོས་ཚོགས་ལས་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་འཐུས་མིའི་བསམ་འཆར་གྱི་འབྲེལ་ཡོད་གནས་ཚུལ་སྐོར་གྱི་སྙན་ཞུར་གསན་པ་དང་།  ཀྲུའུ་རིན་གྲོས་ཚོགས་སྟེང་སྙན་ཞུ་འདིར་རྩ་དོན་ཐོག་གྲོས་མཐུན་བྱས།

ལྷ་མོ་འཚོས་བསྒྱུར།