ཟླ2པའི་ཚེས23ཉིན། ཞིང་ཆེན་ཡོངས་ཀྱི་རྩ་འཛུགས་པུའུ་ཀྲང་གི་གྲོས་ཚོགས་ཟི་ལིང་དུ་བསྡུས། ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་འཛུགས་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། རྒྱལ་ཡོངས་ཀྱི་རྩ་འཛུགས་པུའུ་ཀྲང་གི་གྲོས་ཚོགས་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ལ། 2023ལོའི་རྩ་འཛུགས་བྱ་བ་སྤྱི་སྡོམ་དང་ད་ལོའི་བྱ་བར་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཀྲང་ཀྲའོ་ཡུའེ་ཞ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།
ཚོགས་ཐོག་ནས་བསྟན་དོན། འདས་པའི་ལོ་གཅིག་གི་ནང་། ཞིང་ཆེན་ཡོངས་ཀྱི་རྩ་འཛུགས་བྱ་བས་སྤྱི་ཡོངས་ལ་དམིགས་ནས་ཤུགས་འདོན་པ་དང་བྱ་བ་སོ་སོར་གྲབ་འབྲས་གསར་བ་ཐོན་པར་སྐུལ་འདེད་གཏོང་དགོས། ད་ལོའི་བྱ་བ་ལེགས་པར་བསྒྲུབ་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་རྩ་འཛུགས་བྱ་བའི་ཐད་ཀྱི་བླང་བྱ་གསར་བར་གོ་བ་གཏིང་ཟབ་བླངས་ནས་ཏང་གི་ཆབ་སྲིད་འཛུགས་སྐྲུན་སྣེ་ཁྲིད་དུ་བྱས་ནས་ལས་བྱེད་པས་སྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་མོ་བྱེད་དགོས་པའི་བྱ་བའི་བླང་བྱ་ལྟར་ཞིང་ཆེན་ཡོངས་ཀྱི་རྩ་འཛུགས་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
གྲོས་ཚོགས་ནས་ནན་གྱིས་བསྟན་དོན། བློ་བརྟན་འགྱུར་མེད་ཀྱིས་ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་བློ་སྐྱེད་སེམས་སྒྲིལ་བྱེད་པ་དང་བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས་ལ། སློབ་པ་དང་ལག་ལེན་གཉིས་ཟུང་སྦྲེལ་བྱེད་དགོས། ཆབ་སྲིད་ཀྱི་ཚད་གཞི་ལྟར་འགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་དམ་འཛིན་བྱེད་པ་རྒྱུན་འཁྱོངས་བྱས་ནས་དོ་དམ་དང་ལྟ་རྟོག་ནན་མོ་བྱེད་པ་དང་སྐུལ་མ་གཏོང་བ་གཉིས་གཅིག་གྱུར་ཚད་མཐོན་པོ་བྱས་ནས་ལས་བྱེད་པས་སྒྲུབ་འདོད་པ་དང་སྒྲུབ་ཕོད་པ། སྒྲུབ་ཤེས་པའི་ཐད་སྐུལ་འདེད་གཏོང་དགོས། རྒྱ་བསྐྱེད་དང་ནུས་གསོག ནུས་སྤེལ་བཅས་ལ་དུས་མཉམ་དུ་སྐུལ་འདེད་བཏང་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་གྱི་འཇོན་མིའི་འདེགས་སྐྱོར་ཤུགས་དྲག་ཏུ་གཏོང་དགོས། གཞི་རིམ་དམ་འཛིན་དང་གཞི་རིམ་སྲ་བརྟན་དུ་གཏོང་བ་རྒྱུན་འཁྱོངས་བྱས་ནས་ཏང་གི་མི་རིགས་ས་ཁུལ་གྱི་སྲིད་འཛིན་གཞི་རྩ་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་དགོས། སློབ་གསོ་དོ་དམ་ནན་མོ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་ཏང་ཡོན་གྱི་གདོང་མཆོང་དཔེ་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། པུའུ་བཅོས་སྒྱུར་ནན་མོ་བྱེད་པ་དང་དངོས་སྒྲུབ་དམ་འཛིན་བྱེད་པ། ཚན་རིག་བསམ་ཕྱོགས་གསོ་སྐྱོང་བྱེད་པ། ཨང་ཀིའི་རྩ་འཛུགས་བྱ་བའི་འཛུགས་སྐྲུན་ལ་གཅིག་གྱུར་སྒོས་སྐུལ་འདེད་བཏང་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་ཐད་སྟོབས་དང་ལྡན་པའི་རྩ་འཛུགས་འགན་སྲུང་འདོན་སྤྲོད་བྱེད་དགོས།
ཟི་ལིང་གྲོང་ཁྱེར་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སློབ་གསོ་ཐིན། ནུབ་ཕྱོགས་གཏེར་ལས་སྡེ་ཚོགས། མཚོ་སྔོན་སློབ་ཆེན་བཅས་ཀྱིས་བརྗེ་རེས་གཏམ་བཤད་སྤེལ།
མི་ཕམ་མགོན་པོས་བསྒྱུར།