ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་དཔོན་པོའི་གྲོས་ཚོགས་བསྡུས། 
2024.02.27 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ2པའི་ཚེས26ཉིན། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་དཔོན་པོའི་གྲོས་ཚོགས་ཟི་ལིང་དུ་བསྡུས་ནས། བྱ་བར་ཕྱོགས་བསྡོམས་དང་གནས་བབ་ལ་དབྱེ་ཞིབ་བྱས་ཤིང་། 2024ལོའི་ཞིབ་དཔྱོད་བྱ་བའི་ལས་འགན་གཙོ་བོར་བཀོད་སྒྲིག་བྱས།  ཞིང་ཆེན་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཞིབ་དཔྱོད་དཔོན་པོ་ཀྲ་ཆིན་ཅིག་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད།

གྲོས་ཚོགས་ལས་བསྟན་དོན། 2023ལོར་ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཆེས་མཐོའི་ཞིབ་དཔྱོད་ཁང་གི་འགོ་ཁྲིད་འོག  ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་གཏིང་ཟབ་བྱས་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཤིང་། བརྗོད་དོན་སློབ་གསོ་ཏན་ཏིག་གིས་སྤེལ་བ་དང་། རང་འགུལ་གྱིས་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་མི་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་པ། ཁྲིམས་སྐྱོང་གི་ཆེད་དུ་འགན་འཁུར་བ་བཅས་བྱས་པ་དང་། ཁྲིམས་ལུགས་ཀྱི་ལྟ་སྐུལ་ལས་འགན་ལག་བསྟར་ནན་མོ་བྱས་ནས། ཞིབ་དཔྱོད་བྱ་བ་ཁག་ལ་འཕེལ་རྒྱས་གསར་བ་དང་ཕན་འབྲས་གསར་བ་བླངས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན།  2024ལོར་ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲིད་ཁྲིམས་བྱ་བ་དང་མཚོ་སྔོན་གྱི་བྱ་བར་བཏོན་པའི་གལ་ཆེའི་མཛུབ་སྟོན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་པ།  ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀྲུང་དབྱང་སྲིད་ཁྲིམས་བྱ་བའི་གྲོས་ཚོགས་དང་རྒྱལ་ཡོངས་ཞིབ་དཔྱོད་དཔོན་པོའི་གྲོས་ཚོགས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་གཏིང་ཟབ་གཏོང་བ། ཁྲིམས་ལུགས་ལྟ་སྐུལ་གྱི་ལས་འགན་གཙོ་བོ་དང་ལས་རིགས་གཙོ་བོར་གཅིག་བསྡུས་སྒོས་ཤུགས་སྣོན་པ་དང། སྤུས་ཚད་དང་ཕན་འབྲས་ལེགས་པོས་གྱོད་དོན་རེ་རེ་ལེགས་པོར་བསྒྲུབ་པའི་བྱ་བའི་གཙོ་ཐིག་འབུར་དུ་ཐོན་པར་བྱེད་པ། ལས་བྱེད་པས་བསྒྲུབ་དགོས་པ་དང་། བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་མོ་བྱེད་དགོས་པ་བཅས་ཀྱི་བྱ་བའི་བླང་བྱ་ལག་བསྟར་བྱེད་པ་དང་། སྤུས་ཚད་མཐོར་འདེགས། ཁྱད་ཆོས་གསར་བསྐྲུན།  བྱང་ཚད་མཐོར་འདེགས། གཞི་རིམ་སྲ་བརྟན། དག་གཙང་སྲུང་བ་བཅས་ཀྱི་བྱ་བའི་དམིགས་འབེན་གཏིང་ཟབ་གཏོང་བ།  འགན་སྒྲུབ་ཁག་ཁུར་ནན་མོ་བྱེད་པ་དང་། དོན་འཁྱོལ་དམ་པོར་འཛིན་པ། སྔར་ལས་ལྷག་པར་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་མི་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་པ། ཁྲིམས་སྐྱོང་གི་ཆེད་དུ་འགན་འཁུར་བ་བཅས་བྱས་ཏེ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི་ཞིབ་དཔྱོད་ལག་ལེན་ལ་སྐུལ་འདེད་གཏོང་བ་དང་། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་བྱ་བ་དེང་རབས་ཅན་ལ་མགྱོགས་མྱུར་སྒོས་སྐུལ་འདེད་བཏང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་བ་འབྲི་བར་ནུས་ལྡན་གྱི་ཁྲིམས་སྐྱོང་འགན་སྲུང་འདོན་སྤྲོད་བྱེད་དགོས།

ལྷ་མོ་འཚོས་བསྒྱུར།