ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་དག་ཐེར་བྱ་བའི་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་བསྡུས།
2024.02.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ2པའི་ཚེས26ཉིན། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་ལྔ་པས་རང་ཞིང་ལ་ལྟ་ཞིབ་ཀྱི་ལན་བྱིན་རྗེས། རང་ཞིང་གིས་མྱུར་དུ་དག་ཐེར་བྱ་བའི་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད་དེ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་བཏོན་པའི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ལས་བསྟན་པའི་གནད་དོན་དག་ཐེར་བྱེད་རྒྱུ་དེ་གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་སྒྲུབ་པའི་ཚད་ཤིང་དང་ཉམས་ལེན་གལ་ཆེན་ཞིག་ཏུ་བརྩིས་ནས། ནན་ནན་ཏིག་ཏིག་གིས་དག་ཐེར་དངོས་འབེབས་དམ་འཛིན་བྱེད་དགོས་པ་ནན་གྱིས་བསྟན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་འགོ་འཛིན་བྱས་ཤིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་གྲོས་ཚོགས་ལ་ཞུགས།

ཁྲིན་ཀང་གིས་བསྟན་དོན། ཐེངས་འདིའི་གྲོས་ཚོགས་ནི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ལས་བསྟན་པའི་གནད་དོན་དག་ཐེར་བྱེད་པའི་ཕྱོགས་ཡོངས་ཀྱི་སྐུལ་སློང་དང་། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་སྐྱེ་ཁམས་ཁོར་སྲུང་གི་ཆབ་སྲིད་ལངས་གནས་མཐོ་རུ་འདེགས་པའི་ཕྱོགས་ཡོངས་ཀྱི་སྐུལ་སློང་ཞིག་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་པའི་མཚོ་སྔོན་གྱི་ཆེས་གལ་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་ངེས་གནས་དང་སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་གོ་གནས་ལ་སྔར་ལས་ལྷག་པར་གོ་བ་ཟབ་མོ་བླངས་ཏེ། ཆབ་སྲིད་ཀྱི་ལངས་གནས་སྟེང་ནས་བར་ཁྱད་བཙལ་བ་དང་། ཆབ་སྲིད་ངོས་ཟིན་སྟེང་ནས་མི་འདང་ས་བཙལ་བ། འགན་འཁྲི་ཁག་ཁུར་སྟེང་ནས་ཞན་ཆ་བཙལ་བ་དང་། བྱ་བའི་བྱེད་ཕྱོགས་སྟེང་ནས་གནད་དོན་བཙལ་དགོས་པར་མ་ཟད།  གནད་དོན་ཤེས་རྟོགས་བྱེད་པའི་བྲེལ་མྱུར་རང་བཞིན་དང་གནད་དོན་ལ་ཐད་ཀར་གདོང་གཏོད་པའི་འགན་འཁྲི་ཁུར་སེམས། གནད་དོན་ཐག་གཅོད་པའི་འོས་འགན་དང་ལེན་བྱས་ནས། བསྟན་པའི་གནད་དོན་དག་ཐེར་བྱེད་དགོས་པ་དང་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བ་ཏན་ཏིག་གིས་བསྒྲུབ་དགོས།

ཁྲིན་ཀང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་གཙོར་འཛིན་དགོས་ན། ཆེས་གཞི་རྩ་དང་། ཆེས་རྨང་གཞི། ཆེས་གལ་ཆེ་བ་ནི་ཆབ་སྲིད་ཀྱི་ལངས་གནས་ཡིན་པས། དར་ཆ་གསལ་སྒྲེང་དང་ཆབ་སྲིད་གླེང་བའི་མཐོ་ཚད་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྟངས་འཛིན་བྱས་ཏེ། དེང་རབས་ཅན་འཛུགས་སྐྲུན་བརྒྱུད་རིམ་ཁྲོད་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་བའི་འཐབ་ཇུས་དོན་སྙིང་ལ་གོ་བ་ཟབ་མོ་ལེན་དགོས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་སྤྱི་ཡོངས་ཁྲོད་ཀྱི་མཚོ་སྔོན་གྱི་གོ་གནས་གལ་ཆེན་ལ་སྟངས་འཛིན་ཡང་དག་བྱེད་པ། བློ་རྩ་སྔར་ལས་བརྟན་པོ་དང་སྔར་ལས་རང་འགུལ་གྱི་སྒོ་ནས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་དེ་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་བསྐྲུན་པའི་བརྒྱུད་རིམ་ཡོངས་དང་ཕྱོགས་སོ་སོ་ནས་ལག་བསྟར་དང་དངོས་འབེབས་བྱེད་དགོས། གནད་དོན་རྒྱབ་ཀྱི་བསམ་བློའི་ཤེས་རྟོགས་གནད་དོན་དང་། སྲིད་འབྲས་ལྟ་བའི་གནད་དོན་ལ་དངོས་སུ་ཕྱིར་འདང་བརྒྱབ་སྟེ། དག་ཐེར་བྱེད་རྒྱུ་དེ་སྐྱེ་ཁམས་ཁོར་སྲུང་ཁྱབ་ཁོངས་ཀྱི་འབུར་ཐོན་གནད་དོན་སེལ་བ་དང་། འབག་བཙོག་འགོག་བཅོས་མཁྲེགས་གཏོར་ལས་དོན་ཡག་པོར་སྤེལ་བའི་བྱེད་ཐབས་གལ་ཆེན་ཞིག་ཏུ་བརྩི་དགོས་པར་མ་ཟད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མཛེས་པའི་མཚོ་སྔོན་མྱུར་དུ་བསྐྲུན་པའི་གཞི་འཛིན་ས་གལ་ཆེན་ཞིག་ཏུ་བརྩིས་ནས། ལྷོད་གཡེང་སྤུ་ཙམ་ཡང་མི་བྱེད་པའི་འགན་འཁྲི་ཁུར་སེམས་དང་ནུས་ཤུགས་ཡོད་རྒུས་དག་ཐེར་དངོས་འབེབས་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས། ལྟ་ཞིབ་དག་ཐེར་ལས་འགན་རྩ་བའི་སྟེང་ནས་ལེགས་འགྲུབ་བྱེད་དགོས་ན། གནད་དོན་གཅིག་དང་ཇུས་གཞི་གཅིག ཆེད་དོན་འཛིན་གྲྭ་གཅིག་བཅས་བསྒྲུབ་དགོས་ལ། གསལ་ཁྲ་ཅན་དང་ཐོ་བསུབ་ལམ་ལུགས་ཀྱིས་དོ་དམ་བྱེད་པ་དང་། རིམ་པ་ཅན་ལ་བརྟེན་ནས་སྐུལ་འདེད་གཏོང་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་གནད་དོན་དག་ཐེར་གྱི་འགན་འཁྲི་གཙོ་བོ་མཐའ་གཅིག་ཏུ་ཁུར་ཐུབ་པར་བྱས་ཏེ། དམ་འཛིན་ལྷོད་མེད་སྲུང་འཛིན་དང་། དམ་འཛིན་མཐའ་འཁྱོལ་བྱེད་པའི་དག་ཐེར་ངར་ཤུགས་འདོན་དགོས། ཞིང་ཆེན་རིམ་པའི་འགན་ནུས་སྡེ་ཁག་གིས་བརྒྱུད་རིམ་ཧྲིལ་བོར་རྗེས་འདེད་བྱེད་པའི་ལྟ་སྐུལ་མཛུབ་སྟོན་བྱེད་པ་དང་། དག་ཐེར་ལས་འགན་དངོས་འབེབས་བྱེད་པར་མཉམ་དུ་སྐུལ་འདེད་གཏོང་དགོས། ས་གནས་སོ་སོ་དང་སྡེ་ཁག་སོ་སོའི་འགན་ཁུར་བློ་མཐུན་གཙོ་བོས་གཟེར་འདེབས་སྙིང་སྟོབས་དར་སྤེལ་བཏང་སྟེ། མཐུན་སྦྱོར་གཅིག་གྱུར་བྱེད་པར་ཤུགས་སྣོན་པ་དང་། དངོས་སྒྲུབ་ནན་འཛིན་བྱེད་ཕོད་པར་བྱས་ནས། དག་ཐེར་གྲུབ་འབྲས་ཀྱིས་ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཉམས་སད་ཐེག་ཐུབ་པར་ཁག་ཐེག་བྱེད་དགོས། ལྟ་སྐུལ་སྒྲིག་བསྟར་གྱིས་འགན་འཁྲི་རྩད་གཅོད་བྱེད་ཚད་རྒྱུན་ཆད་མེད་པར་ཤུགས་དྲག་ཏུ་གཏོང་བ་དང་། འགན་འཛོལ་བྱུང་ན་ངེས་པར་དུ་རྩད་གཅོད་བྱེད་པ་དང་། འགན་འཁྲི་རྩད་གཅོད་བྱེད་ན་ངེས་པར་དུ་ནན་མོ་བྱེད་པ། ལས་སྒྲུབ་མཐའ་འཁྱོལ་ཅན་འགན་ལེན་དང་། དག་ཐེར་ཡོ་བསྲང་གི་འགན་འཁྲི་ཉུང་གཏོང་བྱ་རྒྱུ་བཅས་རྒྱུན་འཁྱོངས་བྱས་ཏེ། སྒྲིག་ཁྲིམས་ཚད་ཤིང་ལྟ་བུ་དང་། དོན་དངོས་ལ་གཞི་བཅོལ་བ། གནད་དོན་དམིགས་འབེན་དུ་བཟུང་ནས། སྒྲིག་ཁྲིམས་སྒྲིག་སྲོལ་ལྟར་གནད་དོན་དང་འགན་འཁྲི་རྗེས་འདེད་ནན་མོ་བྱེད་དགོས་ཤིང་། འགན་འཁྲི་རྗེས་འདེད་བྱེད་པ་བརྒྱུད་དེ་ལས་བྱེད་པའི་འགན་འཁྲིའི་འདུ་ཤེས་དང་། དངོས་སྒྲུབ་ཁག་ཁུར་ལ་སྐུལ་སློང་བྱེད་དགོས། དུས་མཉམ་དུ། དག་ཐེར་མྱུར་ཚད་དལ་བ་དང་། དངོས་འབེབས་གཟབ་ནན་མིན་པ། ཕྱི་ཚུལ་རིང་ལུགས་སྤེལ་བ། མི་སྒྲུབ་པ་དང་འགོར་འགྱངས་བྱེད་པའི་ལས་བྱེད་པ་རྩད་གཅོད་ནན་མོ་བྱེད་དགོས། རི་སྔོ་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་ལག་ལེན་དཔེ་གཞི་བསྐྲུན་དགོས་ན། ལས་བྱེད་པས་སྒྲུབ་དགོས་པ་དང་། བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་མོ་བྱེད་དགོས་པ་བཅས་ཀྱི་བྱ་བའི་བླང་བྱ་ལག་བསྟར་བྱེད་པ་དང་། ད་ལྟ་བཅོས་སྒྱུར་དང་ཡུན་རིང་འཛུགས་པ་ཟུང་འབྲེལ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ངོས་འཛིན་གསལ་བོ་མིན་པ་བཞི་སྔར་ལས་གསལ་བོར་བྱེད་དགོས་ཤིང་། རྩོད་སྒྲུབ་འབྲེལ་བ་བཞི་ཁོང་དུ་ཆུད་པར་བྱེད་དགོས་ལ། འབྲེལ་ཡོད་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་།  ད་ལྟ་སྤེལ་བཞིན་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་གྲུབ་འབྲས་སྲ་བརྟན་མཐོར་འདེགས་གཏོང་བའི་ལོ་གསུམ་གྱི་འགུལ་སྐྱོད་དང་ཟུང་སྦྲེལ་བྱེད་དགོས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་། ཐོན་ལས་ཀྱི་གནས་བཞི་བསྐྲུན་པའི་དོན་དངོས་གྲུབ་འབྲས་ཀྱིས་རི་སྔོ་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་རྒྱུ་ལམ་གེགས་མེད་གཏོང་བ་དང་།  མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་མཛེས་པའི་ཁྱིམ་གཞིས་བསྐྲུན་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་གོམ་སྟབས་བརྟན་པོར་སྤོ་དགོས་ཞེས་ནན་བཤད་བྱས།

ཝུའུ་ཞའོ་ཅུན་གྱིས་འགོ་འཛིན་བྱེད་སྐབས། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཐེངས་འདིའི་གྲོས་ཚོགས་ཀྱི་དགོངས་དོན་མྱུར་དུ་བརྒྱུད་བསྒྲགས་དང་སློབ་སྦྱོང་། ལག་བསྟར་བྱེད་པ་དང་། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་སྐོར་གྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་དགོས་ཤིང་། ལས་བྱེད་པས་སྒྲུབ་དགོས་པ་དང་། བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་མོ་བྱེད་དགོས་པའི་བྱ་བའི་བླང་བྱ་དེ་དག་ཐེར་བྱ་བའི་བརྒྱུད་རིམ་ཡོངས་ལ་ཁྱབ་པར་བྱེད་པ་དང་། དོན་དངོས་བྱ་སྤྱོད་ཀྱིས་གཏན་ཕབ་གཉིས་ལ་མཐའ་གཅིག་ཏུ་སྲུང་སྐྱོང་དང་། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་སྒྲུབ་ཐུབ་པར་བྱེད་དགོས།  ཀྲུང་དབྱང་སྐྱེ་ཁམས་ཁོར་སྲུང་ལྟ་ཞིབ་ཚན་ཆུང་གིས་བསྟན་པའི་གནད་དོན་ལ་དཔེ་ལྟ་བྱས་ཏེ། དག་ཐེར་ཇུས་གཞི་འཐུས་ཚང་དུ་གཏོང་བ་དང་། དག་ཐེར་གྱི་དམིགས་འབེན་དང་དུས་ཚོད། བྱེད་ཐབས་བཅས་རེ་རེ་བཞིན་གཏན་འབེབས་བྱེད་པ། སྣེ་ཁྲིད་དང་རོགས་འདེགས། ཞིབ་བཤེར་རྩིས་ལེན་བྱེད་པའི་ལས་ཁུངས་གསལ་བོ་བྱས་ནས། དག་ཐེར་བྱ་བ་སྤུས་ཚད་མཐོན་པོས་བསྒྲུབ་པར་ཁག་ཐེག་བྱེད་དགོས། དག་ཐེར་བྱ་བ་དངོས་སྒྲུབ་ནན་འཛིན་བྱས་ཏེ། མྱུར་དུ་འགུལ་སྐྱོད་སྤེལ་བ་དང་། གོང་འོག་གཅིག་གྱུར་དང་མཉམ་ཤུགས་གྲུབ་པར་བྱེད་དགོས་ཤིང་། གཅིག་ཤེས་ཀུན་གྲོལ་དང་རྩ་ལག་མཉམ་བཅོས་བྱས་ནས། གནད་དོན་དག་ཐེར་བྱ་བ་གཅིག་ལེགས་འགྲུབ་བྱུང་ན་ཞིབ་བཤེར་རྩིས་ལེན་གཅིག་བྱེད་པ་དང་། ཡོངས་བསྒྲགས་གཅིག་དང་མིང་ཐོ་གཅིག་གསུབ་ནས། ཇི་མ་ཇི་བཞིན་གྱི་དག་ཐེར་གྲུབ་འབྲས་ཀྱིས་ཏང་ཀྲུང་དབྱང་གི་སེམས་བདེ་རུ་འཇོག་པ་དང་། མང་ཚོགས་ཡིད་ཚིམ་པར་བྱས་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཆེན་པོ་ཁུར་ཐུབ་པར་བྱེད་དགོས་ཞེས་བསྟན།

གྲོས་ཚོགས་བརྙན་ལམ་ནས་བསྡུས་ཤིང་།  ཞིང་ཆེན་དུ་ཚོགས་ར་གཙོ་བོ་བཙུགས་པ་དང་། གྲོང་ཁྱེར་དང་ཁུལ་སོ་སོར་ཡན་ལག་ཚོགས་ར་བཙུགས་ཡོད། ཞིང་ཆེན་གྱི་འགོ་ཁྲིད་ཝང་ཝེ་ཏུང་དང་། ཀྲའོ་ཡུའེ་ཞ། ཚེ་རིང་ཐར། དབྱང་ཧྥ་སིན། ཝང་ཏ་ནན། ཝང་ལིན་ཧུའུ། ཝུའུ་ལ་ཙི་པེ་ཁི་རེ་སུའུ་ལིས་ཧན། པད་ཁོ། ཀྲུའུ་ཞང་ཧྥིན། དབྱང་ལུང་ཞི། དབྱང་ཧྥིན་ཁྲུན། ལོས་ཀང་། དབྱང་ཀྲི་ཝུན། ལིའུ་ཁྲའོ། ལིས་ཧུང་ཡཱ། ཧི་ལུའུ་ཁྲུན། ཝང་ཀྲིན་ཁྲང་། ཀྲ་ཆིན་ཅིག་བཅས་ཚོགས་ར་གཙོ་བོ་དང་ཡན་ལག་ཚོགས་རའི་གྲོས་ཚོགས་ལ་ཞུགས།

རིག་འཛིན་སྒྲོལ་མས་བསྒྱུར།