སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་བཅུ་བཞི་པ་ཚེས27ཉིན་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་འགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་།
གྲོས་ཚོགས་སྟེང་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། ཝང་ཧུའུ་ཉིང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་སྲིད་གྲོས་ཀྱི་འགན་འཁྲི་སྒྲུབ་པའི་ལས་དོན་ཁྲོད་དོན་འཁྱོལ་ཏན་ཏིག་བྱེད་དགོས། བཅོས་སྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་རྒྱུར་དམིགས་ནས་སྲིད་དོན་གྲོས་སྡུར་གཏིང་ཟབ་བྱེད་པ་དང་། སྲིད་གྲོས་ཀྱི་ཨུ་ཡོན་རྩ་འཛུགས་བྱས་ནས་བརྟག་དཔྱད་བྱེད་སྒོ་ཏན་ཏིག་ངང་སྤེལ་བ། དམིགས་སའི་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ཆེ་བའི་བསམ་འཆར་དང་གྲོས་གཞི་ཞིབ་འཇུག་བྱས་ནས་འདོན་པ་བཅས་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུར་སྔར་ལས་རམ་འདེགས་ཡག་པོ་བྱེད་དགོས། སྲིད་གྲོས་ཨུ་ཡོན་རྩ་འཛུགས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བའི་སྐོར་གྱི་རྣམ་བཤད་གལ་ཆེན་ལ་ཆེད་དོན་སློབ་སྦྱོང་བྱེད་པ་དང་། རྒྱང་ལྟའི་རང་བཞིན་དང་གསར་གཏོད་རང་བཞིན་གྱི་གནད་དོན་ལ་ཞིབ་འཇུག་བྱ་རྒྱུར་ཤུགས་བསྣན་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཇུས་འབུལ་ཤུགས་འདོན་བྱེད་དགོས། མི་དམངས་སྲིད་གྲོས་ནི་མི་དམངས་ཀྱི་ཆེད་དུ་ཡིན་པ་རྒྱུན་འཁྱོངས་དང་། ཨུ་ཡོན་གྱིས་འགན་འཁྲི་སྒྲུབ་པའི“མི་དམངས་ལ་ཞབས་འདེགས་ཞུ་བའི”བྱེད་སྒོ་རྩ་འཛུགས་ཡག་པོ་བྱས་ཏེ་སྲིད་གྲོས་ཨུ་ཡོན་གྱིས་རྒྱལ་ཁབ་ཀྱི་ཆེད་དུ་འགན་འཁྲི་སྒྲུབ་པ་དང་མི་དམངས་ཀྱི་ཆེད་དུ་འགན་འཁྲི་ཡག་པོར་བསྒྲུབ་རྒྱུར་ཁྲིད་སྟོན་བྱེད་དགོས།
གྲོས་ཚོགས་སྟེང་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཀྱི་ལག་བསྟར་ཀྲུའུ་ཞི་དང་འགོ་འཛིན་པའི་མིང་ཐོར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པའི་གྲ་སྒྲིག་བྱ་བ་སྒྲུབ་ཚུལ་སྐོར་གྱི་སྙན་ཞུར་ཉན། ཝང་ཧུའུ་ཉིང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཡོངས་ཀྱི་གྲོས་ཚོགས་གཉིས་ཡག་པོར་བསྡུ་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ནས་གྲོས་ཚོགས་ཀྱི་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་སྟངས་འཛིན་ནན་མོ་བྱེད་པ་དང་། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་བསྟར་བྱེད་པ། གྲོས་མོལ་སྲིད་གླེང་གི་སྤུས་ཚད་ཇེ་མཐོར་གཏོང་བར་ཤུགས་སྣོན་པ། བློ་གྲོས་དང་སྟོབས་ཤུགས་གཅིག་སྡུད་བྱེད་པ། ཡིད་ཆེས་དང་སྟོབས་ཤུགས་བརྒྱུད་སྤྲོད་བྱེད་པ་བཅས་བྱེད་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ་དང་། ཧུར་བརྩོན་གྲོན་ཆུང་གིས་གྲོས་ཚོགས་བསྡུ་རྒྱུ་རྒྱུན་འཁྱོངས་བྱེད་པ། ཚོགས་སྲོལ་མུ་མཐུད་དུ་ཇེ་ལེགས་སུ་གཏོང་བ། བྱ་བ་སྣ་ཚོགས་དམ་འཛིན་ཞིབ་ཕྲ་དང་ཏན་ཏིག་བྱེད་དགོས།
ཀྲུའུ་ཞིའི་གྲོས་ཚོགས་སྟེང2024ལོའི་ཐུན་མོང་སློབ་སྦྱོང་ཐེངས་དང་པོ་སྤེལ་བ་དང་། དེའི་བརྗོད་བྱ་གཙོ་བོ་ནི“རང་རྒྱལ་གྱི་བཅོས་སྒྱུར་སྒོ་འབྱེད་ཀྱི་རླབས་ཆེན་འཕེལ་རིམ”ཞེས་པ་དེ་རེད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཁྲིན་ལིས་ཀྱིས་གདན་ཞུས་ལྟར་སྙན་ཞུ་ཕུལ།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧུའུ་ཁྲུན་ཧྭ་དང་། ཧྲིན་ཡུའེ་ཡུའེ། ལེང་ཀྲིན་དབྱིན། སུའུ་ཧུའེ་བཅས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པར་དམིགས་ནས་གཏམ་བཤད།
ཤ་བོ་གསེར་མཚོས་བསྒྱུར།