ཞིང་ཆེན་ཡོངས་ཀྱི་སྒྲིག་ལུགས་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གྲོས་ཚོགས་ཟི་ལིང་དུ་བསྡུས།
2024.02.28 ཁུངས། ཀློག་གྲངས། 6

ཟླ2པའི་ཚེས26ཉིན། ཞིང་ཆེན་ཡོངས་ཀྱི་སྒྲིག་ལུགས་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གྲོས་ཚོགས་ཟི་ལིང་དུ་བསྡུས། གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལས་ཁུངས་སྒྲིག་ལུགས་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་གཏིང་ཟབ་བྱས་པ་དང་། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་བྱས་ལ། ཉིས་སྟོང་ཉེར་གསུམ་ལོའི་ཞིང་ཆེན་ཡོངས་ཀྱི་ལས་ཁུངས་སྒྲིག་ལུགས་བྱ་བ་སྤྱི་བསྡོམས་བྱས་པར་མ་ཟད། ཉིས་སྟོང་ཉེར་བཞི་ལོའི་བྱ་བ་གཙོ་བོ་བཀོད་སྒྲིག་བྱས། 

གྲོས་ཚོགས་སྟེང་བསྟན་དོན། འདས་པའི་ལོ་གཅིག་གི་ནང་། ཞིང་ཆེན་ཡོངས་ཀྱི་སྒྲིག་ལུགས་གཞུང་སྒྲུབ་ཁང་ཁོངས་གཏོགས་ཀྱིས་ཏང་གིས་ཁྱོན་ཡོངས་ལ་འགོ་ཁྲིད་བྱེད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དམངས་ཚིས་འགན་སྲུང་དང་ལེགས་སྒྱུར་བྱེད་པ་བཅས་ལ་དམིགས་ནས། བརྗོད་དོན་སློབ་གསོ་སྒུལ་ཤུགས་སུ་བརྩིས་ཏེ། ལས་ཁུངས་བཅོས་སྒྱུར་གྱིས་སྣེ་ཁྲིད་དེ། ལས་ཁུངས་ཀྱི་འགན་ནུས་མ་ལག་སྔར་མེད་འཐུས་ཚང་དུ་བཏང་ལ། ཁྱབ་ཁོངས་གཙོ་བོའི་བཅོས་སྒྱུར་ལ་སྐུལ་འདེད་བཏང་ནས། སྒྲིག་ལུགས་ཐོན་ཁུངས་ཀྱི་ལེགས་སྒྲིག་ལ་གཅིག་གྱུར་འཆར་འགོད་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་གོམ་སྟབས་བརྟན་པོས་བསྐྱོད་པར་ཞབས་ཞུ་འདེགས་ཞུས་པ་དང་འགན་སྲུང་བྱས། 

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལས་ཁུངས་སྒྲིག་ལུགས་བྱ་བའི་རྒྱས་བཤད་གལ་ཆེན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་གཉིས་ཟུང་འབྲེལ་བྱས་ཏེ་སློབ་སྦྱོང་མཐིལ་ཕྱིན་བྱེད་པ་དང་། ཕྱོགས་ཡོངས་ནས་མ་ལག་དམ་འཛིན་བྱེད་པ། གཞུང་འཕྲེད་གནས་ཐིག་རྙེད་པར་བྱས་ནས། ཞིང་ཆེན་ཡོངས་ཀྱི་བྱ་བའི་ཆེ་ཕྱོགས་ལ་འགན་སྲུང་དང་ཞབས་ཞུ་ལེགས་པོར་སྒྲུབ་དགོས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དང་འཚམ་པའི་ལས་ཁུངས་འགན་ནུས་མ་ལག་དང་ལམ་ལུགས་རྐྱེན་སྲོལ་དམ་འཛིན་བྱེད་པ་ལས་འགན་གཙོ་ོབོར་བརྩིས་ནས། བཅོས་སྒྱུར་གསར་སྐྲུན་མཐོར་འདེགས་སུ་གཏོང་རྒྱུ་རྒྱུན་འཁྱོངས་དང་། ཏང་སྲིད་ལས་ཁུངས་དང་ལས་དོན་ལས་ཁུངས། སྤྱི་བདེ་ལས་ཁུངས། གྲོས་དོན་འདུམ་སྒྲིག་ལས་ཁུངས། སྲིད་འཛིན་ལས་ཁུངས། ཡུལ་ཚོ་དང་གྲོང་རྡལ་བཅས་ཕྱོགས་དྲུག་ལ་གཅིག་གྱུར་གྱིས་འཆར་འགོད་བྱེད་པ་དང་། ཞིང་ཆེན་དང་གྲོང་ཁྱེར། རྫོང་དང་ཡུལ་ཚོ་བཅས་རིམ་པ་རེ་རེར་གཅིག་གྱུར་འཆར་འགོད་བྱས་ཏེ། ལས་ཁུངས་བཅོས་སྒྱུར་བྱེད་པའི་རྩ་འཛུགས་ལག་ལེན་ལ་སྐུལ་འདེད་བཏང་ནས། ལས་དོན་ལས་ཁུངས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། ཁྱབ་ཁོངས་གཙོ་བོའི་ལམ་ལུགས་རྐྱེན་སྲོལ་གསར་སྐྲུན་བྱས་ནས། ཐོན་ཁུངས་ཞབས་ཞུའི་དོ་དམ་བསྟུད་མར་གཞི་རིམ་ལ་ཁ་ཕྱོགས་པར་སྐུལ་འདེད་གཏོང་བ་དང་། ལས་ཁུངས་སྒྲིག་ལུགས་ཀྱི་དོ་དམ་ལེགས་སྒྱུར་བྱས་ནས། ལས་ཁུངས་ཀྱི་སྒྲིག་ལུགས་བྱ་བ་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་སྟོབས་དང་ལྡན་པའི་འགན་སྲུང་འདོན་སྤྲོད་བྱེད་དགོས། 

སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།