མཚོ་སྔོན་ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གིས་སློབ་སྦྱོང་གྲོས་ཚོགས་བསྡུས།
2024.02.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 14

ཟླ2པའི་ཚེས27ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གིས་སློབ་སྦྱོང་གྲོས་ཚོགས་བསྡུས་ཏེ། ནུབ་བྱང་སྲིད་ཁྲིམས་སློབ་ཆེན་གྱི་དགེ་རྒན་ཆེན་མོ། འབུམ་རམས་པའི་དགེ་རྒན་ཝང་ཧྲི་རུང་གདན་ཞུ་བྱས་ནས་དུས་རབས་གསར་བའི་ཧྥིན་ཆའོ་ཉམས་མྱོང་དར་སྤེལ་བཏང་ནས་གཞི་རིམ་བཅོས་སྐྱོང་དེང་རབས་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བ་ཁ་བྱང་དུ་བྱས་པའི་ཟུར་ཁྲིད་སྙན་ཞུ་ཕུལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་མགོ་འཛིན་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་གྲོས་ཚོགས་ལ་ཞུགས།

ཝང་ཧྲི་རུང་གིས་གཞི་རིམ་སྤྱི་ཚོགས་ཕྱོགས་བསྡུས་བཅོས་སྐྱོང་གི་གཞུང་ལུགས་དང་ལག་ལེན། དུས་རབས་གསར་བའི་ཧྥིན་ཆའོ་ཉམས་མྱོང་གི་ནང་དོན་གཙོ་བོ། གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་གྱི་སྐུལ་སྤེལ་ལམ་བུ། གཞི་རིམ་བཅོས་སྐྱོང་མ་ལག་འཐུས་ཚང་དུ་བཏང་ནས་གཞི་རིམ་བཅོས་སྐྱོང་ནུས་པ་མཐོར་འདེགས་གཏོང་བའི་དོན་སྙིང་གལ་ཆེན་བཅས་ཕྱོགས་བཞིའི་ཐད་ནས་ཚང་མར་འགྲེལ་བཤད་ཆ་ཚང་དང་གསལ་བོ་བྱས།

ཁྲིན་ཀང་གིས་མགོ་འཛིན་བྱེད་སྐབས་བསྟན་དོན། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་ཟབ་མོ་བྱེད་པ་དང་། རྒྱལ་ཡོངས་ཀྱི་ཧྥིན་ཆའོ་ཉམས་མྱོང་གི་རྗེས་དྲན་ཚོགས་ཆེན་གྱི་དགོངས་དོན་དོན་འཁྱོལ་བྱེད་པ། བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ་གོ་སྐབས་སུ་བརྩིས་ཏེ། དུས་རབས་གསར་བའི་ཧྥིན་ཆའོ་ཉམས་མྱོང་རྒྱུན་འཁྱོངས་བྱེད་པ་དང་འཕེལ་རྒྱས་སུ་གཏོང་དགོས། མི་དམངས་དཀྱིལ་སྙིང་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། གཞི་རིམ་དུ་བསྐྱོད་པ་བཞིའི་ཉམས་མྱོང་བཀོལ་སྤྱོད་བཟང་བོ་བྱེད་པ། དུས་རབས་གསར་བའི་མང་ཚོགས་ཀྱི་ལམ་ཕྱོགས་སུ་བསྐྱོད་པ། མང་ཚོགས་ལ་འབྲེལ་འདྲིས་དམ་ཟབ་བྱེད་པ། མང་ཚོགས་ལ་རྒྱབ་རྟེན་བྱེད་པ། དུས་ཐོག་ཏུ་མང་ཚོགས་ཀྱིས་སེམས་ཁུར་བྱེད་པར་ལན་བཏབ་ནས། ཧྥིན་ཆའོ་ཉམས་མྱོང་དེ་མི་དམངས་མང་ཚོགས་ཀྱིས་ཁེ་ཕན་བརྩོན་ལེན་བྱེད་པ་དང་། ཐོབ་ཚོར་དང་བདེ་སྣང་། སྐྱིད་སྣང་ཇེ་མཐོར་གཏོང་བའི་གསེར་གྱི་ལྡེ་མིག་ལྟ་བུར་འགྱུར་བར་བྱེད་དགོས། གཞི་རིམ་གཞི་རྩ་རུ་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། ལས་བྱེད་པས་སྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་མོ་བྱེད་དགོས་པའི་བྱ་བའི་རེ་བ་ལག་བསྟར་ཟབ་མོ་བྱེད་པ། འགོ་ཁུངས་ནས་བཅོས་སྐྱོང་བྱེད་པ་དམ་འཛིན་བྱེད་པ། བྱ་བའི་སྤྱོད་ཚུལ་ལ་རྒྱུན་མཐུད་ངང་ཤུགས་སྣོན་པ་དང་ལེགས་སྒྱུར་བྱས་ཏེ། གཞི་རིམ་ལས་བྱེད་པ་ཕྱི་ཚུལ་རིང་ལུགས་ཁྲོད་ནས་སྒྲོལ་བ་དང་། ཧྥིན་ཆའོ་ཉམས་མྱོང་དེ་མི་དམངས་མང་ཚོགས་ཀྱིས་རང་རྟོགས་སྒོས་ཏང་གི་དྲིན་བསམ་པ་དང་ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་པའི་ལག་ལེན་དངོས་སུ་འགྱུར་བར་བྱེད་དགོས། ཏང་འཛུགས་སྣེ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་གཞི་རིམ་རྩ་འཛུགས་སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་བྱེད་པའི་རྐང་འཛིན་དུ་བྱེད་པ། ཏང་གི་རྩ་འཛུགས་དགེ་མཚན་དང་ཆབ་སྲིད་དགེ་མཚན་བཅོས་སྐྱོང་ཕན་ནུས་སུ་བསྒྱུར་བ། གྱོད་གཞིར་བརྟེན་ནས་བཅའ་ཁྲིམས་ཁྱབ་གདལ་དུ་གཏོང་བ་དང་གྱོད་གཞིར་བརྟེན་ནས་བཅའ་ཁྲིམསལ་་འགྲེལ་བཤད་བྱེད་པར་ཤུགས་སྣོན་པ། མཉམ་འཛུགས་མཉམ་བཅོས་དང་མཉམ་སྐྱོང་གི་སྤྱི་ཚོགས་བཅོས་སྐྱོང་གི་རྣམ་པ་གསར་བ་གྲུབ་པར་བྱེད་པ། ཏང་གི་སྲིད་འཛིན་གཞི་རྩ་སྲ་བརྟན་དུ་བཏང་སྟེ། ཧྥིན་ཆའོ་ཉམས་མྱོང་ལ་དུས་རབས་གསར་བའི་གཟི་འོད་འཚེར་བར་བྱེད་དགོས།

ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་ཁོངས་མི་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་ཏང་ཨུའི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ། མི་དམངས་ཚོགས་པ་དང་མང་ཚོགས་ཚོགས་པ་སོ་སོ། མཐོ་རིམ་སློབ་གླིང་། ཟི་ལིང་དུ་ཡོད་པའི་ཞིང་ཆེན་ཁོངས་གཏོགས་ཁེ་ལས། ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་སྡེ་ཁག་གི་ཏང་ཙུའུ་དང་ཏང་ཨུའི་འགན་ཁུར་བློ་མཐུན་གཙོ་བོ་བཅས་གྲོས་ཚོགས་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།