ཟླ2པའི་ཚེས27ཉིན། ཞིང་ཆེན་ཡོངས་ཀྱི་གསར་འགྱུར་དཔེ་སྐྲུན་བྱ་བའི་གྲོས་ཚོགས་ཟི་ལིང་དུ་བསྡུས་ཏེ། 2023ལོའི་བྱ་བར་ཕྱོགས་བསྡོམས་བྱས་པ་དང་། 2024ལོའི་བྱ་བའི་ལས་འགན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས།
གྲོས་ཚོགས་སྟེང་བསྟན་དོན། 2023ལོར། ཞིང་ཆེན་ཡོངས་ཀྱི་གསར་འགྱུར་དཔེ་སྐྲུན་འཐབ་ཕྱོགས་ཀྱིས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་པ་དང་། དུས་རབས་གསར་བའི་རིག་གནས་ཀྱི་ལས་འགན་གསར་བ་གཅིག་བསྡུས་བྱས་ཤིང་། བདེན་སྲུང་གསར་གཏོད་རྒྱུན་འཁྱོངས་དང་། འགན་འཁྲི་ཁག་ཁུར་གང་ལེགས་བྱས་ཏེ། བརྗོད་དོན་དཔེ་སྐྲུན་དང་དཔེ་སྐྲུན་འགྲེམ་སྤེལ། སྨྱན་སྦྱོར་གྱི་ལྟ་སྐུལ་དོ་དམ། པར་དབང་སྲུང་སྐྱོབ། དབང་གཏོང་དོ་དམ་ཞབས་ཞུ་བཅོས་སྒྱུར་སོགས་ཀྱི་ཕྱོགས་ནས་ཕན་འབྲས་མངོན་གསལ་བླངས་ཡོད།
གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་དང་། གཅིག་གྱུར་འཆར་འགོད་ལ་ཤུགས་སྣོན་པ། བརྗོད་དོན་མི་འདྲ་བའི་དཔེ་སྐྲུན་དངོས་པོའི་དཔེ་སྐྲུན་འགྲེམ་སྤེལ་བྱ་བ་རྒྱུན་མཐུད་སྒོས་ལེགས་པོར་སྒྲུབ་ནས། རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པར་ནུས་ལྡན་གྱི་འགན་སྲུང་འདོན་སྤྲོད་བྱེད་དགོས། རིག་གནས་ལྔ་གསོ་སྐྱོང་དང་དར་སྤེལ་ལ་གཞིགས་ནས། སྤུས་ལེགས་ནང་དོན་ཐོན་སྐྱེད་བརྒྱུད་བསྒྲགས་ལ་སྐུལ་འདེད་བཏང་སྟེ། སྤུས་ཀ་ལེགས་པའི་དཔེ་སྐྲུན་ཐོན་རྫས་འདོན་སྤྲོད་བྱེད་དགོས། དཔེ་དྲི་འཐུལ་བའི་མཚོ་སྔོན་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བྱེད་པ་དང་། མང་ཚོགས་ཀྱི་དགོས་མཁོར་གཞིགས་ཏེ་དཔེ་ཀློག་ཁྱབ་གདལ་གཏོང་བའི་བྱ་འགུལ་སྣ་མང་རྩ་འཛུགས་བྱས་ཏེ་སྤེལ་བ། ཞིང་ཁྱིམ་གྱི་དཔེ་ཁང་དང་དགོན་པའི་དཔེ་ཁང་གི་དཔེ་ཆ་ཁ་གསབ་དང་གསར་སྒྱུར་གང་ལེགས་བྱས་ཏེ། དཔེ་ཀློག་ལ་དགའ་བ་དང་། དཔེ་ཆ་ལེགས་པོ་ཀློག་པ། དཔེ་ཆ་ཀློག་པར་མཁས་པ་བཅས་ཀྱི་སྣང་ཚུལ་ལེགས་པོ་ཞིག་བསྐྲུན་དགོས། བཅོས་སྒྱུར་གསར་གཏོད་གཏིང་ཟབ་ཏུ་སྤེལ་བ་དང་། མཉམ་འདྲེས་འཕེལ་རྒྱས་ལ་རྒྱུན་མཐུད་སྒོས་སྐུལ་འདེད་བྱེད་པ། བཅོས་སྒྱུར་གྱི་ལས་འགན་ཁག་ལ་སྐུལ་འདེད་ནན་མོ་བཏང་སྟེ། མཚོ་སྔོན་རིག་གནས་སྣེ་ཁྲིད་ཁེ་ལས་དང་གསར་དར་གཙོ་རྒྱུག་བརྒྱུད་སྒྲོག་བྱེད་ས་ཤུགས་ཡོད་རྒུས་བསྐྲུན་དགོས། དཔེ་སྐྲུན་དངོས་པོའི་ཁྲོམ་རའི་དོ་དམ་ལ་ཤུགས་སྣོན་པ་དང་། སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག་གི་འདེམ་བཤེར་དང་ཞིབ་བཤེར་རྩ་འཛུགས་བྱས་ནས་སྤེལ་ཏེ། ལས་རིགས་རྒྱུན་མཐུད་བདེ་ཐང་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། སྤུས་ཀ་དང་འགྲོས་ཚད་གཉིས་ཀ་མཐོར་འདེགས་དང་། སློབ་པ་དང་སྒྲུབ་པ་གཉིས་ཀར་སྐུལ་འདེད་གཏོང་བའི་ལག་ལེན་བྱ་འགུལ་དམ་འཛིན་གང་ལེགས་བྱེད་པ་དང་། རྩོམ་སྒྲིག་པ་གསོ་སྐྱོང་འཆར་གཞི་ལག་བསྟར་བྱས་ནས། ཆབ་སྲིད་ཀྱི་བྱང་ཚད་མཐོ་ཞིང་ནུས་པ་ལྡན་པ། བདེན་འཚོལ་གསར་གཏོད་དང་། འཐབ་རྩོད་ལ་གདོང་གཏོད་ཐུབ་པའི་གསར་འགྱུར་དཔེ་སྐྲུན་གྱི་ཤེས་ལྡན་མི་སྣའི་རུ་ཁག་ཅིག་འཛུགས་དགོས།
ལྷ་མོ་འཚོས་བསྒྱུར།