ཞིང་ཆེན་ཡོངས་ཀྱི་འཆལ་སེལ་འགལ་རྡུང་བྱ་བའི་གྲོས་ཚོགས་ཟི་ལིང་དུ་བསྡུས།
2024.02.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 28

ཟླ2པའི་ཚེས27ཉིན།   ཞིང་ཆེན་ཡོངས་ཀྱི་འཆལ་སེལ་འགལ་རྡུང་བྱ་བའི་གྲོས་ཚོགས་ཟི་ལིང་དུ་བསྡུས།  གྲོས་ཚོགས་སྟེང་དུ་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ལག་བསྟར་ཟབ་མོ་བྱས་ཏེ2023ལོའི་བྱ་བ་སྤེལ་བའི་གནས་ཚུལ་ལ་ཕྱིར་དྲན་དང་སྤྱི་སྡོམ་བྱས་པ་དང་།  2024ལོའི་བྱ་བར་བཀོད་སྒྲིག་བྱས།   ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན།  དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་།   ཞིང་ཆེན་འཆལ་སེལ་འགལ་རྡུང་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་ཏ་ནན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

གྲོས་ཚོགས་སྟེང་དུ།    2023ལོའི་ཚུན་ལ།   ཞིང་ཆེན་ཡོངས་ཀྱི་འཆལ་སེལ་འགལ་རྡུང་བྱ་བས་རིམ་པ་སོ་སོའི་སྡེ་ཁག་དང་ཁོངས་གཏོགས་སྡེ་ཁག་སོ་སོའི་རོགས་སྐྱོར་མཐུན་སྦྱོར་འོག་ཏུ།  གཞི་རྩ་ཇེ་བརྟན་དུ་བཏང་བ་དང་མི་འདང་ས་ཁ་གསབ་བྱས་ལ།  བྱ་བ་ནུས་ཡོད་དང་ཁྱད་ཆོས་ཡོད་པ།  ཐོད་བརྒལ་ཡོད་པ་བཅས་ཀྱི་སྒོ་ནས་སྤེལ་ཏེ་འདུ་ཤེས་འཛིན་སྟངས་ཀྱི་གནས་བབ་བཟང་བོ་སྲ་བརྟན་དུ་བཏང་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་ཐད་ཁོར་ཡུག་བཟང་བོ་བསྐྲུན་ཡོད་ཅེས་བསྟན།

གྲོས་ཚོགས་སྟེང་དུ།    ད་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ75འཁོར་བའི་ལོ་ཡིན་པ་དང་།   ལོ་ལྔའི་འཆར་འགོད་བཅུ་བཞི་པའི་དམིགས་འབེན་ལས་འགན་མངོན་འགྱུར་བྱེད་པའི་གནད་འགག་གི་ལོ་ཡིན་པས།    ད་ལོའི་འཆལ་སེལ་འགལ་རྡུང་བྱ་བ་བཟང་བོར་སྒྲུབ་པར་དོན་སྙིང་གལ་ཆེན་ལྡན།  ཞིང་ཆེན་ཏང་ཨུའི་ལས་བྱེད་པས་སྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་དགོས་པ།   རང་གཅུན་ནན་མོ་བྱེད་དགོས་པའི་བླང་བྱ་ལྟར།    ཚད་མཐོ་བའི་ཆབ་སྲིད་ཀྱི་ཚོར་རྐྱེན་རང་བཞིན་དང་ཆབ་སྲིད་ཀྱི་དབྱེ་འབྱེད་ནུས་པས་འགུལ་རྣམ་འགུལ་ཕྱོགས་ལ་རྒྱུས་ལོན་བྱེད་པ་དང་ཚན་རིག་ལྟར་བརྡར་གཅོད་ནན་མོ་བྱས་ནས་འགོག་ཟོན་བཅོས་སྐྱོང་བྱ་བ་གཅིག་འདོམས་སྒོས་བཟང་བོར་སྒྲུབ་དགོས།   བྱ་བ་གཙོ་བོ་དང་གཙོ་གནད་ལས་འགན་ལ་དམིགས་ནས་འཐབ་རྩོད་འདུ་ཤེས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་དགོས།    སྤྱི་ཚོགས་འབྲེལ་བ་དང་བརྙན་ཐུང་།    དྲ་རྒྱའི་ཐད་གཏོང་སོགས་སྟེགས་བུའི་ཁྲིམས་སྐྱོང་ཅན་དང་ཚད་ལྡན་ཅན་གྱི་དོ་དམ་ལ་ཤུགས་བསྣན་ནས་དྲ་རྒྱའི་སྐྱེ་ཁམས་བཟང་བོ་འཛུགས་སྐྲུན་བྱེད་དགོས།   རིག་གནས་ཁྲོམ་རའི་ཞིབ་བཤེར་ཤུགས་ཚད་ཇེ་ཆེར་བཏང་ནས་རིག་གནས་ཁྲོམ་ར་བདེ་ཐང་དང་གོ་རིམ་ཡོད་པའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།   དཔྱད་ཞིབ་དམིགས་ཚད་མ་ལག་འཛུགས་སྐྲུན་དང་འཐུས་ཚང་དུ་གཏོང་བ་དང་དཔྱད་ཞིབ་བྱེད་ཐབས་ལེགས་སྒྱུར་བྱེད་པ། དཔྱད་ཞིབ་མཇུག་འབྲས་ཀྱི་འཁོར་སྐྱོད་ལ་ཤུགས་སྣོན་པ།    དཔྱད་ཞིབ་ཀྱི་མཛུབ་སྟོན་དབྱུག་པ་ལྟ་བུའི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་ཁག་ཁུར་བྱེད་ཕོད་པ་དང་གསར་གཏོད་བྱེད་མཁས་པ།    བྱ་བ་ཏན་ཏིག་གིས་སྒྲུབ་སྟེ་འཆལ་སེལ་འགལ་རྡུང་གི་བྱ་བའི་རྣམ་པ་གསར་བ་བསྐྲུན་དགོས་ཞེས་བསྟན།

ལྷ་མོ་ཚེ་རིང་གིས་བསྒྱུར།