《བདེན་འཚོལ》དུས་དེབ་སྟེང་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ《མི་དམངས་སྲིད་གྲོས་ཀྱི་བྱ་བ་ཤུགས་སྣོན་དང་ལེགས་བཅོས་བྱས་ཏེ་གྲོས་མོལ་དམངས་གཙོ་ཁྱོན་ཡོངས་ནས་འཕེལ་རྒྱས་སུ་གཏོང་དགོས》ཞེས་པ་སྤེལ།
2024.03.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 33

ཟླ3པའི་ཚེས1ཉིན་པར་སྐྲུན་བྱས་པའི་འདོན་ཐེངས་ལྔ་པའི《བདེན་འཚོལ》དུས་དེབ་སྟེང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ《མི་དམངས་སྲིད་གྲོས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱས་ཏེ་གྲོས་མོལ་དམངས་གཙོ་ཁྱོན་ཡོངས་ནས་འཕེལ་རྒྱས་སུ་གཏོང་དགོས》ཞེས་པ་འགྲེམས་སྤེལ་བྱས། འདི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི2013ལོའི་ཟླ2པ་ནས་2023ལོའི་ཟླ6པའི་རིང་གི་འབྲེལ་ཡོད་རྣམ་བཤད་གལ་ཆེན་གནད་བཏུས་བྱས་པ་ཞིག་རེད།

རྩོམ་ཡིག་ལས་བསྟན་དོན།  མི་དམངས་སྲིད་གྲོས་ནི་ཀྲུང་གོ་གུང་ཁྲན་ཏང་གིས་མར་ཁེ་སི་ལེ་ཉིན་རིང་ལུགས་ཀྱི་འཐབ་ཕྱོགས་གཅིག་གྱུར་གཞུང་ལུགས་དང་། སྲིད་ཏང་གཞུང་ལུགས། དམངས་གཙོ་ཆབ་སྲིད་གཞུང་ལུགས་བཅས་ཀྲུང་གོའི་དོན་དངོས་དང་ཟུང་འབྲེལ་བྱས་པའི་གྲུབ་འབྲས་རླབས་ཆེན་ཞིག་དང་། ཀྲུང་གོ་གུང་ཁྲན་ཏང་གིས་དམངས་གཙོའི་ཏང་ཁག་སོ་སོ་དང་། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ། མི་དམངས་ཚོགས་པ་དང་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣ་བཅས་ལ་འགོ་ཁྲིད་དེ་ཆབ་སྲིད་ལམ་ལུགས་ཐད་རླབས་ཆེན་གསར་གཏོད་བྱས་པ་ཞིག་རེད།  ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་མི་དམངས་སྲིད་གྲོས་ཀྱིས་མཐུན་སྒྲིལ་དང་དམངས་གཙོ་ཞེས་པའི་བརྗོད་བྱ་གཙོ་བོ་གཉིས་རྒྱུན་འཁྱོངས་བྱས་ནས་ཏང་དང་རྒྱལ་ཁབ་ཀྱི་ལས་འགན་གཙོ་བོར་ཞབས་འདེགས་ཞུས་ཏེ། ཀྲུང་གོ་གསར་བ་འཛུགས་སྐྲུན་དང་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན། བཅོས་སྒྱུར་བཅས་ཀྱི་ལོ་རྒྱུས་ཀྱི་དུས་སྐབས་ཁག་ཏུ་ནུས་པ་ཧ་ཅང་གལ་ཆེན་བཏོན་ཡོད།  མི་དམངས་སྲིད་གྲོས་ཀྱི་ལམ་ལུགས་ལ་ཕྱོགས་མང་བོའི་ཐུན་མོང་མ་ཡིན་པའི་དགེ་མཚན་ལྡན་ཡོད་པ་ལག་ལེན་དངོས་ཀྱི་ཐོག་ནས་ར་སྤྲོད་བྱུང་ཡོད།

རྩོམ་ཡིག་ལས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ་ང་ཚོས་ཉམས་མྱོང་ཕྱོགས་སྡོམ་བྱས་ནས་མི་དམངས་སྲིད་གྲོས་བྱ་བར་བླང་བྱ་གསར་བ་རབ་དང་རིམ་པ་བཏོན་ཡོད་ལ། གཙོ་བོ་གཤམ་གྱི་ཕྱོགས་འགའ་སྟེ། གཅིག་ནི་ཏང་གིས་མི་དམངས་སྲིད་གྲོས་བྱ་བར་འགོ་ཁྲིད་བྱེད་ཤུགས་ཇེ་ཆེར་གཏོང་དགོས། གཉིས་ནི་མི་དམངས་སྲིད་གྲོས་ཀྱི་ངོ་བོ་དང་ངེས་གནས་ཁོང་དུ་ཡང་དགཔར་་ཆུད་པར་བྱ་དགོས། གསུམ་ནི་མི་དམངས་སྲིད་གྲོས་ཀྱི་ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས། བཞི་ནི་རང་རྒྱལ་གྱི་སྲིད་ཏང་ལམ་ལུགས་གསར་བ་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་དགོས། ལྔ་ནི་མི་སེམས་དང་སྟོབས་ཤུགས་རྒྱ་ཁྱབ་ངང་གཅིག་སྒྲིལ་བྱེད་དགོས། དྲུག་ནི་ཏང་དང་རྒྱལ་ཁབ་ཀྱི་དཀྱིལ་སྙིང་ལས་འགན་ལ་དམིགས་ཏེ་འགན་འཁྲི་དོན་འཁྱོལ་བྱེད་དགོས། བདུན་ནི་མི་དམངས་སྲིད་གྲོས་མི་དམངས་ཀྱི་ཆེད་དུ་ཡིན་པ་རྒྱུན་འཁྱོངས་བྱེད་དགོས། བརྒྱད་ནས་བཅོས་སྒྱུར་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་འགན་འཁྲི་སྒྲུབ་ནུས་ཇེ་ཆེར་གཏོང་བར་སྐུལ་འདེད་གཏོང་དགོས། གནས་བབ་གསར་བའི་འོག་ཏུ་ང་ཚོས་ངེས་པར་དུ་མི་དམངས་སྲིད་གྲོས་ཀྱི་ལམ་ལུགས་རྒྱུན་འཁྱོངས་ཡག་པོ་དང་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་འཕེལ་རྒྱས་ཡག་པོ་བཏང་ནས་འཐབ་ཕྱོགས་གཅིག་གྱུར་བྱ་བའི་འགན་འཁྲི་འཁུར་སེམས་ཇེ་ཆེར་བཏང་སྟེ། མི་སྔར་ལས་མང་པོ་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་བྱེད་དུ་འཇུག་དགོས།

རྩོམ་ཡིག་ལས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་དེ་རང་རྒྱལ་གྱི་གཞི་རྩའི་ཆབ་སྲིད་ལམ་ལུགས་ཤིག་ཡིན་པའི་ངོས་ནས་ཀྲུང་གོའི་ས་གཞི་ཆེན་པོའི་ཁྲོད་འཚར་ལོངས་བྱུང་བའི་སྲིད་ཏང་ལམ་ལུགས་གསར་བ་ཞིག་རེད།  དེ་ནི་དེང་རབས་ཀྱི་ཀྲུང་གོའི་དོན་དངོས་དང་མཐུན་པར་མ་ཟད། ཀྲུང་ཧྭ་མི་རིགས་ཀྱིས་སྔ་ཕྱི་བར་གསུམ་དུ་དར་སྤེལ་གཏོང་བའི་གནམ་འོག་སྤྱི་སྙོམ་དང་། མཉམ་སྡུད་མཉམ་གསོག མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་སོགས་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་ཡང་མཐུན་པས། དེ་ནི་མིའི་རིགས་ཀྱི་ཆབ་སྲིད་དཔལ་ཡོན་ལ་ཕུལ་བའི་ལེགས་སྐྱེས་གལ་ཆེན་ཞིག་རེད།  ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། ཏང་གི་འགོ་ཁྲིད་དང་འཐབ་ཕྱོགས་གཅིག་གྱུར། གྲོས་མོལ་དམངས་གཙོ་བཅས་ཟུང་འབྲེལ་དམ་ཟབ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། དམངས་གཙོ་དར་སྤེལ་རྒྱུན་འཁྱོངས་དང་མཐུན་སྒྲིལ་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ།  སྲིད་དོན་ཇུས་འདོན་དང་ལྟ་ཚུལ་གཅིག་མཐུན་ཡོང་བར་ཕྱོགས་གཉིས་ནས་ཤུགས་འདོན་པ། ཆེད་དོན་གྲོས་མོལ་ལས་ཁུངས་སུ་གྱུར་པའི་མི་དམངས་སྲིད་གྲོས་ཀྱི་ནུས་པ་འདོན་སྤེལ་བཅས་བྱས་ཏེ། ལམ་ལུགས་ཅན་དང་ཚད་ལྡན་ཅན། གོ་རིམ་ཅན་བཅས་སུ་འགྱུར་བར་ཤུགས་སྣོན་དགོས།



ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།