ཞིང་ཆེན་ཡོངས་ཀྱི་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དང་ཅུའུ་ཀྲང་གྲོས་ཚོགས་བསྡུས།
2024.03.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 23

ཟླ2པའི་ཚེས29ཉིན།   ཞིང་ཆེན་ཡོངས་ཀྱི་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དང་ཅུའུ་ཀྲང་གྲོས་ཚོགས་བརྙན་རིས་གྲོས་ཚོགས་ཀྱི་རྣམ་པས་བསྡུས་ཏེ། རྒྱལ་ཡོངས་འཐབ་ཕྱོགས་གཅིག་གྱུར་པུའུ་ཀྲང་དང་རྒྱལ་ཡོངས་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྲོས་ཚོགས་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ།   ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་པུའུ་ཀྲང་གི་གྲོས་ཚོགས་བཅས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་།   2023ལོའི་བྱ་བར་སྤྱི་སྡོམ་བྱས་ལ།  མིག་སྔའི་གནས་བབ་ལ་དབྱེ་ཞིབ་དང2024ལོའི་ལས་འགན་བཀོད་སྒྲིག་བྱས་པར་མ་ཟད།   ཆ་འཕྲིན་བྱ་བའི་སྔོན་ཐོན་སྡེ་ཁག་དང་སྔོན་ཐོན་མི་སྒེར་ཁྱབ་བསྒྲགས་དང་དེ་དག་ལ་གཟེངས་བསྟོད་བྱས་པ་དང་།   མཚོ་ཤར་གྲོང་ཁྱེར་དང་མཚོ་ལྷོ་ཁུལ།   ཡུས་ཧྲུའུ་ཁུལ་བཅས་ཀྱི་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་བརྗེ་རེས་གཏམ་བཤད་བྱས།

གྲོས་ཚོགས་སྟེང་དུ།  ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་བྱ་བའི་གཙོ་ཐིག་དང་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ།     དཔེ་སྟོན་བརྩོན་ལེན་བྱེད་པའི་མཛུབ་སྟོན་བསམ་འཆར་ལ་ཞིབ་འཇུག་བྱས་ཏེ་གཏན་འབེབས་བྱེད་པ་སོགས་བྱས་ཏེ་དཔེ་མཚོན་ཉམས་མྱོང་དང་ཁྱད་ལྡན་སྤུས་རྟགས་གསོ་སྐྱོང་བྱེད་དགོས།   ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་རིག་གཞུང་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་ཞིབ་འཇུག་ལྟེ་གནས་དང་ཞིབ་འཇུག་རྟེན་གཞི་འཛུགས་སྐྲུན་བྱེད་པར་ཤུགས་བསྣན་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་གཏམ་རྒྱུད་བཟང་བོར་བཤད་དགོས།   མི་རིགས་སོ་སོས་བརྗེ་རེས་དང་འབྲེལ་འདྲིས།  མཉམ་བསྲེས་བྱེད་པར་ཡར་སྐུལ་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེན་པོར་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཡར་སྐུལ་བྱེད་པ་དང་།   བརྗེ་རེས་དང་འབྲེལ་འདྲིས།  མཉམ་བསྲེས་བཅས་གསུམ་ལ་ཡར་སྐུལ་བྱེད་པའི་སྟེགས་བུ་གཉིས་དང་འདེགས་སྐྱོར་བཞི་བསྐྲུན་པ།  མི་རིགས་སོ་སོ་བརྗེ་རེས་དང་འབྲེལ་འདྲིས།  མཉམ་བསྲེས་བཅས་བྱེད་པར་ཡར་སྐུལ་བྱེད་པའི་འགུལ་སྐྱོད་བཅུ་ལག་བསྟར་བྱེད་པ།   གྲོང་ཁྱེར་གྱི་མི་རིགས་བྱ་བ་བཟང་བོར་སྒྲུབ་པ།   གཞིས་ཁུལ་གྱི་སེ་འབྲུ་ལྟ་བུའི་ཁྱིམ་གཞིས་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་བཅས་བྱས་ཏེ་མི་རིགས་མང་པོ་མཉམ་འདུས་ཀྱི་གཞིས་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས།   ཀྲུང་ཧྭ་མི་རིགས་ཀྱི་གཏམ་རྒྱུད་བཟང་བོར་བཤད་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དྲིལ་སྒྲོག་ཤུགས་ཆེན་བྱེད་པ།    ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་དྲིལ་སྒྲོག་སློབ་གསོ་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་བ།    མི་རིགས་ཆོས་ལུགས་བྱ་བ་བཟང་བོར་སྒྲུབ་པའི་བྱེད་ནུས་རྒྱུན་ཆད་མེད་པར་མཐོར་འདེགས་བཏང་སྟེ་མཚོ་སྔོན་གྱི་མི་རིགས་ཆོས་ལུགས་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཆེན་པོ་གཏོང་དགོས་ཞེས་ནན་གྱིས་བསྟན།

ལྷ་མོ་ཚེ་རིང་གིས་བསྒྱུར།