ཧན་ཀྲིན་གྱིས་ཧྥ་རན་སིའི་ཏ་ཧྥེ་སྡེ་ཚོགས་རྐང་གཉེར་ལྷན་ཚོགས་ཀྱི་ཀྲུའུ་ཞི་དང་དབུ་བཞུགས་ལག་བསྟར་དཔོན་གྱི་འགན་གཅིག་ལྕོགས་སུ་ཁུར་མཁན་ལུའུ་ཏོ་ཧྥུའུ་སཱ་ཏི་ལ་མཇལ་འཕྲད་གནང་།
2024.03.01 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་ཚེས29ཉིན་པེ་ཅིང་དུ་ཧྥ་རན་སིའི་ཏ་ཧྥེ་སྡེ་ཚོགས་རྐང་གཉེར་ལྷན་ཚོགས་ཀྱི་ཀྲུའུ་ཞི་དང་དབུ་བཞུགས་ལག་བསྟར་དཔོན་གྱི་འགན་གཅིག་ལྕོགས་སུ་ཁུར་མཁན་ལུའུ་ཏོ་ཧྥུའུ་སཱ་ཏི་ལ་མཇལ་འཕྲད་གནང་།

ཧན་ཀྲིན་གྱིས་ད་ལོ་ནི་ཀྲུང་གོ་དང་ཧྥ་རན་སིའི་བར་འབྲེལ་བ་བཙུགས་ནས་ལོ་དྲུག་ཅུ་འཁོར་བའི་ལོ་ཡིན་པ་དང་།  ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་མཱ་ཁི་ལུང་གིས་ཕན་ཚུན་ལ་རྟེན་འབྲེལ་གློག་འཕྲིན་བསྐུར་བར་མ་ཟད་བརྙན་རིས་ཤེས་ཚིག་སྤེལ་ཏེ་ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བའི་གོ་རིམ་རྗེས་མའི་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་སྟོན་གནང་།   ཀྲུང་གོ་དང་ཧྥ་རན་སི་གཉིས་ཀྱི་དཔལ་འབྱོར་གསབ་རེས་རང་བཞིན་དྲག་པ་དང་།   ཧྥ་རན་སིའི་ཁེ་ལས་མང་པོས་ཀྲུང་གོ་རུ་དངུལ་གཏོང་ལས་སྤེལ་བྱེད་བཞིན་ཡོད་ལ།  ཏ་ཧྥེ་སྡེ་ཚོགས་ཀྱིས་ཀྲུང་གོའི་མཁའ་འགྲུལ་ཁེ་ལས་དང་མཉམ་ལས་བྱས་ཏེ་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་དང་ཕན་འབྲས་མངོན་གསལ་བླངས་ཡོད།    ཀྲུང་གོས་བློ་བརྟན་འགྱུར་མེད་སྒོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་དེ་ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན།   རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་བཟང་བོ་བསྐྲུན་ངེས།    ཏ་ཧྥེ་སྡེ་ཚོགས་དང་བཅས་པའི་རྒྱལ་ཁོངས་བརྒལ་བའི་ཀུང་ཟིས་ཀྲུང་གོའི་བར་གྱི་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་སྤེལ་ཏེ་ཀྲུང་གོ་ནས་འཕེལ་རྒྱས་བཟང་བོ་མངོན་འགྱུར་བྱེད་པར་དགའ་བསུ་ཞུས་པ་ཡིན་ཞེས་བསྟན།

ལུའུ་ཏོ་ཧྥུའུ་སཱ་ཏི་ཡིས་ཀྲུང་གོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཚད་མཐོའི་བསྟོད་བསྔགས་བྱས་པ་དང་།   ཏ་ཧྥེ་སྡེ་ཚོགས་ཀྱིས་ཀྲུང་གོའི་བར་གྱི་མཉམ་ལས་ལ་མཐོང་ཆེན་ཆེན་པོ་བྱེད་བཞིན་ཡོད་ལ།   ཀྲུང་གོ་ནས་དུས་ཡུན་རིང་བོའི་འཕེལ་རྒྱས་ འཐབ་ཇུས་རྒྱུན་འཁྱོངས་བྱེད་པ་དང་རྒྱུན་མཐུད་ངང་ཀྲུང་གོའི་ཁྲོམ་རར་རྐང་བཙུགས་ཏེ་ཧྥ་རན་སི་དང་ཀྲུང་གོའི་གཉིས་ཕན་མཉམ་ལས་ལ་གྲུབ་འབྲས་མང་པོ་ཐོབ་པར་སྐུལ་འདེད་གཏོང་ངེས་ཡིན་ཞེས་བསྟན།

ལྷ་མོ་ཚེ་རིང་གིས་བསྒྱུར།