མཚོ་སྔོན་ཞིང་ཆེན་ཏང་ཨུས་ཆེད་དོན་གྲོས་ཚོགས་བསྡུས།
2024.03.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

ཟླ3པའི་ཚེས1ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་འགོ་འཛིན་བྱས་ནས་ཞིང་ཆེན་ཏང་ཨུའི་ཆེད་དོན་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་སྐོར་གྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཡང་བསྐྱར་སློབ་སྦྱོང་བྱས་པ་དང་། ལག་བསྟར་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱས་ནས་གྲུབ་འབྲས་ལེན་པར་རྒྱུན་མཐུད་ངང་སྐུལ་འདེད་བཏང་།

གྲོས་ཚོགས་སྟེང་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་ཧ་ཅང་མཐོང་ཆེན་གནང་བཞིན་ཡོད་པ་དང་། མཚོ་སྔོན་འཕེལ་རྒྱས་ཀྱི་གནད་འགག་དུས་སྐབས་རེ་རེར། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གོང་དུ་སྤེལ་བའི་སྤྱི་ཡོངས་ལ་དམིགས་ནས། དངོས་སུ་མཚོ་སྔོན་ལ་བརྟག་དཔྱད་ཕྱོགས་སྟོན་དང་ལམ་སྟོན་སྣེ་ཁྲིད་གནང་ཡོད། ཞིང་ཆེན་གོང་འོག་ཡོངས་ཀྱིས་མངགས་བཅོལ་ཡིད་ལ་བཟུང་ནས་དྲིན་གཟོ་མདུན་སྐྱོད་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་བྱས་པའི་ཁ་ཕྱོགས་བརྒྱུད་དེ་ནམ་ཡང་དཔའ་སྐྱེད་མདུན་སྐྱོད་བྱས་ལ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་གོམ་སྟབས་བརྟན་པོར་བསྒྱུར། ང་ཚོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་བཟང་བོ་བྱས་ན། མཚོ་སྔོན་གྱི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་ཐུབ་པའི་ཚོར་བ་ཟབ་མོ་བྱུང་སོང་བས། བསམ་བློ་དང་བྱ་སྤྱོད་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ནས། ཆབ་སྲིད་བརྡར་གཅོད་ཀྱི་ནུས་པ་དང་ཆབ་སྲིད་ཤེས་རྟོགས་ཀྱི་ནུས་པ། ཆབ་སྲིད་ལག་བསྟར་གྱི་ནུས་པ་རྒྱུན་མ་ཆད་པར་མཐོར་འདེགས་སུ་གཏོང་བ་དང་། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་རྒྱུས་ལོན་ཟབ་མོ་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་སྲུང་སྐྱོང་གཉིས་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། ཆབ་སྲིད་རང་རྟོགས་དང་བསམ་བློའི་རང་རྟོགས། བྱ་སྤྱོད་རང་རྟོགས་བཅས་ཇེ་དྲག་ཏུ་གཏོང་བ་དང་། བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་བྱེད་པར་ཟུང་འབྲེལ་བྱེད་པ། ཏང་གི་གསར་གཏོད་གཞུང་ལུགས་ཟབ་སྒྱུར་ནང་སྒྱུར་དང་ཚུལ་སྒྱུར་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་བྱ་བ་སྣ་ཚོགས་སྟེང་དངོས་འབེབ་བྱས་ནས། རེ་རེ་བཞིན་ལག་བསྟར་བྱེད་པར་ཁག་ཐེག་བྱེད་དགོས། གྲོས་གཞི་དང་པོ་རྒྱུན་འཁྱོངས་བྱས་ནས་སློབ་སྦྱོང་དམ་འཛིན་བྱེད་པ་དང་གཞི་འཛིན་ས་དང་པོ་རྒྱུན་འཁྱོངས་བྱས་ནས་ལག་བསྟར་དམ་འཛིན་བྱེད་པ། ཆ་རྐྱེན་དང་པོ་རྒྱུན་འཁྱོངས་བྱས་ནས་ལག་བསྟར་དམ་འཛིན་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བྱ་བྱ་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བྱེད་པ། ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་དང་ཞིང་ཆེན་གྱི་ཚོགས་ཆེན་གཉིས་ཀྱིས་གཏན་ཁེལ་བྱས་པའི་དམིགས་འབེན་ལས་འགན་དང་ཟུང་འབྲེལ་བྱེད་པ། ལག་བསྟར་བྱེད་ཐབས་སྔར་ལས་ཇེ་ཞིབ་ཏུ་གཏོང་བ། འགན་འཁྲི་གསལ་བོར་བགོས་ཏེ། ལག་བསྟར་གྱི་གྲུབ་འབྲས་ཐད་ནས་ལོ་རྒྱུས་དང་མང་ཚོགས། ལག་ལེན་བཅས་ཀྱི་ཉམས་སད་ཐེག་ཐུབ་པར་སྐུལ་འདེད་གཏོང་དགོས། གནད་དོན་གྱི་ཁྲིད་ཕྱོགས་དང་དམིགས་འབེན་གྱི་ཁྲིད་ཕྱོགས། གྲུབ་འབྲས་ཀྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་ཁྲོད་བསྟན་པའི་གནད་དོན་དང་གཏན་ཁེལ་བྱས་པའི་དམིགས་འབེན། ནང་གནས་བླང་བྱ་བཅས་ལ་གོ་བ་ཟབ་མོ་ལེན་པ། དེའི་ཁྲོད་ནས་ཁ་ཕྱོགས་དང་བྱེད་ཐབས་བཙལ་ནས། གནད་དོན་རེ་རེ་ཐག་གཅོད་པའི་ཁྲོད་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། གཙོ་གཞིའི་འགན་འཁྲི་དང་འགོ་ཁྲིད་ཀྱི་འགན་འཁྲི། ལྟ་སྐུལ་གྱི་འགན་འཁྲི་ཇེ་དྲག་ཏུ་གཏོང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱེད་རྒྱུ་དེ་བྱ་བ་སྣ་ཚོགས་ཀྱི་སྣེ་ཁྲིད་དུ་བྱེད་པ། སྐྱེ་ཁམས་སྲུང་སྐྱོབ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན། སྤུས་ཚད་མཐོ་བའི་འཕེལ་རྒྱས། གཞི་རིམ་བཅོས་སྐྱོང་། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་བྱེད་པ་སོགས་ཀྱི་བྱ་བའི་ཐད་ནས་མཆོང་སྐྱོད་གསར་བ་མངོན་འགྱུར་བྱས་ཏེ། གྲུབ་འབྲས་བཟང་བོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་དང་མངགས་བཅོལ་ལ་དྲིན་ལན་འཇལ་དགོས།

རིན་ཆེན་མཚོས་བསྒྱུར།