ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭས་ཉིས་སྟོང་ཉེར་བཞི་ལོའི་དཔྱིད་ཀའི་སློབ་སྐབས་འགོ་རྩོམ་པའི་མཛད་སྒོ་བསྡུས།
2024.03.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

ཟླ3པའི་ཚེས1ཉིན། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭས་ཉིས་སྟོང་ཉེར་བཞི་ལོའི་དཔྱིད་ཀའི་སློབ་སྐབས་འགོ་རྩོམ་པའི་མཛད་སྒོ་བསྡུས།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་སློབ་གཙོ་ཀྲའོ་ཡའོ་ཞཱ་ཡིས་ཕྱོགས་ཡོངས་ནས་འགོ་ཁྲིད་ལས་བྱེད་པས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་པ་ཇེ་དྲག་ཏུ་གཏོང་བའི་ཐད་ནས་གཏམ་བཤད་གལ་ཆེན་སྤེལ།

གཏམ་བཤད་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་དང་སྔར་ལས་དུས་ཡུན་རིང་བོའི་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྗོད་སྙིང་ཡིན་ལ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ལས་འགན་གཙོ་བོ་ཡིན། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ཤིང་། ཁྱད་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐོར་གྱི་རྣམ་བཤད་གལ་ཆེན་ལ་གོ་བ་ཟབ་མོ་བླངས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་པ་ཇེ་དྲག་ཏུ་གཏོང་བ་གནད་སར་བཟུང་སྟེ། སློབ་སྦྱོང་གི་ནུས་པ་ཇེ་དྲག་ཏུ་བཏང་ནས་རྒྱུན་ཆད་མེད་པར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དགོས་ངེས་ཤེས་བྱའི་མ་ལག་འཐུས་ཚང་དུ་འཛུགས་པར་སྐུལ་འདེད་གཏོང་དགོས་པ་དང་། ཆབ་སྲིད་འགོ་ཁྲིད་ནུས་པ་ཇེ་དྲག་ཏུ་བཏང་སྟེ་ཤུགས་ཆེན་པོས་མཚོ་སྔོན་སྔར་ལས་ལྷག་པར་རྒྱལ་ཁབ་འཕེལ་རྒྱས་ཀྱི་འཐབ་ཇུས་ཆེན་མོའི་ཁྲོད་འདྲེས་པར་སྐུལ་འདེད་གཏོང་དགོས། ཚན་རིག་གི་འཕེལ་རྒྱས་ནུས་པ་ཇེ་དྲག་ཏུ་བཏང་ནས། ཞིང་ཆེན་གྱི་དོན་དངོས་གནས་ཚུལ་གནད་སར་བཟུང་ཐོག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། བཅོས་སྒྱུར་གསར་གཏོད་ཀྱི་ནུས་པ་ཇེ་དྲག་ཏུ་བཏང་སྟེ། གཙོ་བོ་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གསོན་ཤུགས་བསྐྱེད་དགོས། ཉེན་ཁར་གཡོལ་བའི་ནུས་པ་ཇེ་དྲག་ཏུ་བཏང་ནས། ཧུར་ཐག་སྒོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ཟུང་འབྲེལ་བཟང་བོ་བྱེད་པ་མངོན་འགྱུར་བྱེད་དགོས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་བྱ་བར་ཧུར་ཐག་སྒོས་ཞུགས་པ་དང་། ཡང་དག་པའི་སྲིད་འབྲས་ལྟ་བ་སྲ་བརྟན་དུ་ཆགས་པར་བྱེད་པ་དང་ལག་བསྟར་བྱེད་དགོས་ལ། ནན་ཏན་གྱིས་ལས་བྱེད་པས་སྒྲུབ་དགོས་པ་དང་། བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་མོ་བྱེད་དགོས་པའི་བྱ་བའི་རེ་བ་དངོས་འབེབས་བྱེད་པ་དང་། ཤུགས་ཆེན་པོས་དངོས་སྒྲུབ་ཁག་ཁུར་གྱི་སྙིང་སྟོབས་དར་སྤེལ་བྱས་ནས་དངོས་འབེབས་དམ་འཛིན་བྱེད་པའི་འདྲིལ་ཤུགས་ཆེན་པོ་ཆགས་པར་བྱེད་པ་དང་། ཟོལ་མེད་ཀྱིས་སྤྱོད་ཚུལ་ལེགས་པོར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་བརྟན་ཐོག་ཡར་འཕེལ་ཡོང་བར་ཁག་ཐེག་བྱེད་དགོས་ལ། ཧུར་ཐག་སྒོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་བ་བྲིས་ནས། ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱིས་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་ངོ་དོན་ལྔ་འཁོར་བར་བསུ་བ་བྱེད་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།