མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ལས་ཁུངས་ཀྱིས་ཏང་འཛུགས་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་བྱ་བའི་གྲོས་ཚོགས་བསྡུས།
2024.03.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

ཟླ3པའི་ཚེས1ཉིན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ལས་ཁུངས་ཀྱིས་ཏང་འཛུགས་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་བྱ་བའི་གྲོས་ཚོགས་བསྡུས།

ཚོགས་ཐོག་ནས་བསྟན་དོན། ཆབ་སྲིད་ཀྱི་ངོ་བོ་ནི་དམངས་ཆེན་བྱ་བའི་ངོ་བོ་དང་པོ་ཡིན་པས། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་འཛུགས་སྐྲུན་སྐོར་གྱི་དགོངས་པ་གལ་ཆེན་གྱི་གཞི་རྩའི་རྩ་དོན་དང་གཞི་རྩའི་རེ་བ། ལས་འགན་གཙོ་བོར་གོ་བ་ཟབ་མོ་བླངས་ནས། གཏན་ཕབ་གཉིས་ལ་གོང་བཀུར་བྱེད་པ་དང་སྲུང་སྐྱོང་གཉིས་བཟང་བོར་བསྒྲུབ་དགོས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། དུས་རབས་གསར་བའི་ཏང་གི་འཛུགས་སྐྲུན་གྱི་སྤྱིའི་རེ་བ་ལག་བསྟར་ཟབ་མོ་བྱེད་པ་དང་། ཏང་འཛུགས་བྱ་བ་དང་ལས་སྒོ་བྱ་བར་མཉམ་དུ་སྐུལ་འདེད་གཏོང་བ་དང་མཉམ་དུ་མཐོར་འདེགས་གཏོང་བ། གོ་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་ལག་བསྟར་བྱེད་པ། ཏང་གི་སྲིད་འཛིན་རྨང་གཞི་རྒྱུན་མ་ཆད་པར་སྲ་བརྟན་དུ་བཏང་སྟེ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་རེ་བ་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས། རྒྱུན་འཁྱོངས་ལྷོད་མེད་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བློ་སྒྲིལ་སེམས་སྐྱེད་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ། གཟབ་ནན་གྱི་དགོངས་གཞི་ལ་བརྟེན་ནས་སྤྱོད་བསྲང་སྒྲིག་གཅུན་བྱེད་པ། དམངས་ཆེན་གྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱི་ཆབ་སྲིད་རྩོལ་ནུས་དང་རྩ་འཛུགས་རྩོལ་ནུས་ཇེ་དྲག་ཏུ་བཏང་ནས། ཏང་སེམས་བདེ་བ་དང་མི་དམངས་མང་ཚོགས་ཡིད་ཚིམ་པའི་དཔེ་སྟོན་ལས་ཁུངས་འཛུགས་སྐྲུན་བྱེད་དགོས། གཞི་རིམ་དམ་འཛིན་དང་རྨང་གཞི་ཇེ་བརྟན། གཞི་རྩ་ཇེ་བརྟན་དུ་གཏོང་བ་རྒྱུན་འཁྱོངས་བྱེད་པ་དང་། མ་ལག་འདུ་ཤེས་ཁོང་དུ་ཆུད་པར་བྱེད་པ་དང་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། དམིགས་འབེན་ལས་འགན་གཙིགས་སུ་འཛིན་པ། འཐབ་རྩོད་ཀྱི་དགོངས་དོན་དར་སྤེལ་གཏོང་བ། བདེན་འཛིན་དངོས་གཉེར་དང་དངོས་གཉེར་ཕན་མཐོ་ཡོང་བར་བྱེད་པ། འགུལ་སྐྱོད་ཀྱི་རང་རྟོགས་ཇེ་དྲག་ཏུ་གཏོང་བ། གཅིག་ཅན་དྲུག་གི་བྱ་བ་རྒྱུན་མཐུད་ངང་དམ་འཛིན་བྱས་ཏེ། ལས་ཁུངས་དང་གཞི་རིམ་གྱི་ཏང་འཛུགས་བྱ་བ་ཆུ་ཚད་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས།

རིན་ཆེན་མཚོས་བསྒྱུར།