ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཡོངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་བྱེད་པའི་དཔུང་སྡེའི་སློབ་གསོ་དག་ཐེར་བྱ་བའི་སྤྱི་སྡོམ་གྲོས་ཚོགས་བསྡུས།
2024.03.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 16

ཟླ3པའི་ཚེས1ཉིན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་བྱེད་པའི་དཔུང་སྡེའི་སློབ་གསོ་དག་ཐེར་བྱ་བའི་སྤྱི་སྡོམ་གྲོས་ཚོགས་ཟི་ལིང་དུ་བསྡུས། གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་དགོངས་དོན་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་པ་དང་། རྒྱལ་ཡོངས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་བྱེད་པའི་དཔུང་སྡེའི་སློབ་གསོ་དག་ཐེར་བྱ་བའི་སྤྱི་སྡོམ་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་བྱེད་པའི་དཔུང་སྡེའི་སློབ་གསོ་དག་ཐེར་བྱ་བར་སྤྱི་སྡོམ་བྱས་ནས། སློབ་གསོ་དག་ཐེར་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བར་བཀོད་སྒྲིག་བྱས།

གྲོས་ཚོགས་སྟེང་བསྟན་དོན། སློབ་གསོ་དག་ཐེར་བྱ་བ་སྤེལ་བའི་ཚུན་ལ། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ཏང་ཨུ་བཅས་ཀྱི་འགོ་ཁྲིད་བརྟན་པོའི་འོག  ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་ཏང་ཀྲུང་དབྱང་གི་བླང་བྱ་ལྟར། མྱུར་དུ་བྱེད་ཐབས་སྤྱད་ནས་སློབ་གསོ་དག་ཐེར་བྱ་བ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ། མ་ལག་ཡོངས་ནས་གྲི་ཁ་ནང་སྐོར་ལྟ་བུའི་རང་ངོས་གསར་བརྗེ་ཐེངས་གཅིག་བྱས། རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཆབ་སྲིད་སྣེ་ཁྲིད་དང་། དམིགས་འབེན་བླང་བྱར་བརྩི་བ་འབུར་དུ་ཐོན་པར་བྱས་ཏེ། ཆབ་སྲིད་བློ་དཀར་ཅན་སྐྱོང་བ་དང་། གཞན་གནོད་གཏེ་བོ་གཙང་སེལ། དོ་དམ་མ་ལག་འཐུས་ཚང་དུ་གཏོང་བ། འཐབ་རྩོད་འཇོན་ནུས་ཆེར་སྐྱེད་བྱེད་པའི་དམིགས་འབེན་ལས་འགན་ལེགས་འགྲུབ་བྱས་པས། ཞིང་ཆེན་ཡོངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་མ་ལག་གི་བསམ་བློ་ཆབ་སྲིད་དང་། སྒྲིག་ཁྲིམས་བྱེད་ཕྱོགས། དོ་དམ་ལྟ་སྐུལ། འགན་སྒྲུབ་འཇོན་ནུས་བཅས་སྔར་ལས་ཇེ་ཆེར་གྱུར།

གྲོས་ཚོགས་སྟེང་། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་རང་ངོས་གསར་བརྗེ་སྐོར་གྱི་དགོངས་པ་གལ་ཆེན་ལག་བསྟར་དང་དངོས་འབེབས་ནན་ཏན་བྱེད་པ། ཞིང་ཆེན་ཡོངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་བྱེད་པའི་དཔུང་སྡེའི་སློབ་གསོ་དག་ཐེར་བྱ་བའི་ཉམས་མྱོང་བྱེད་ཐབས་སྤྱི་བསྡོམས་བྱེད་པ་དང་།  སློབ་གསོ་དག་ཐེར་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་རང་ངོས་འཛུགས་སྐྲུན་ཐད་མུ་མཐུད་ཤུགས་བསྣན་ཏེ། དུས་རབས་གསར་བའི་སྐྱོད་ལམ་གསར་བའི་སྟེང་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བ་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་བའི་ལེའུ་འབད་པས་རྩོམ་པར་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས་པའི་བླང་བྱ་བཏོན།

གྲོས་ཚོགས་བརྙན་རིས་ཀྱི་ལམ་ནས་བསྡུས་ཤིང་། གྲོང་ཁྱེར་དང་ཁུལ་སོ་སོ་དང་། རྫོང་དང་ཆུའུ་བཅས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་ཡན་ལག་ཚོགས་ར་བཙུགས་ཡོད།

རིག་འཛིན་སྒྲོལ་མས་བསྒྱུར།