སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས2024ལོའི་དཔྱིད་དུས་སློབ་སྐབས་ཀྱི་ཀྲུང་དབྱང་ཏང་གི་སློབ་གྲྭ་དང་རྒྱལ་ཁབ་སྲིད་འཛིན་སློབ་གླིང་གི་གཞོན་དར་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་འཚོགས་འགོ་བརྩམས་པར་མཛུབ་སྟོན་གལ་ཆེན་གནང་བར་ཚུར་སྣང་ཆེན་པོ་བྱུང་། ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་ཞིབ་མོ་དང་གོ་བ་ཟབ་མོ་བླངས་ནས། སློབ་སྦྱོང་གི་ཕན་འབྲས་དེ་རང་འཁྲིའི་ལས་དོན་བཟང་བོར་སྒྲུབ་པ་དང་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལག་ལེན་གསོན་པོ་རུ་བསྒྱུར་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་རྒྱུ་ཡིན་ཟེར།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རང་རྟོགས་སྒོས་ཏང་གི་གསར་གཏོད་གཞུང་ལུགས་ཀྱི་དད་མོས་པ་དང་ལག་བསྟར་པ་བྱེད་རྒྱུ་དང་ཏང་ལ་བློ་སེམས་དཀར་བའི་དཔེ་བཟང་ལག་བསྟར་མཁན་བྱེད་པ། སྒེར་སེམས་སྤུ་ཙམ་ཡང་མེད་པར་དམངས་ལ་བདེ་སྐྱིད་བསྐྲུན་པའི་ལེགས་སྐྱེས་འབུལ་མཁན་བྱེད་པ། འགན་འཁུར་ཕོད་པར་བྱེད་པ་དང་འབད་འཐབ་ལྷོད་མེད་བྱེད་མཁན་བྱེད་པ། ཆབ་སྲིད་ཀྱི་སྐྱེ་ཁམས་བཟང་བོར་སྐུལ་སྤེལ་ནུས་ལྡན་བྱེད་མཁན་བཅས་བྱེད་དགོས་ཞེས་ནན་གྱིས་གསུངས། ཏང་ཡོན་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལ་ཆབ་སྲིད་རང་བཞིན་དྲག་པོ་དང་མཛུབ་སྟོན་རང་བཞིན་ཆེན་པོ། ཁ་གཏད་རང་བཞིན་ཤུགས་དྲག་བཅས་ལྡན་པས། ང་ཚོས་མཛུབ་སྟོན་ལ་སློབ་སྦྱོང་བྱས་ཏེ་དགོངས་སྙིང་ཁོང་དུ་ཆུད་པར་བྱས་ནས། དངོས་འབེབས་དོན་འཁྱོལ་བྱེད་རྒྱུ་ཡིན་ཟེར།
ཚང་མས་དུས་རབས་ཀྱིས་བཅོལ་བའི་འགན་འཁྲི་སེམས་སུ་ཉར་བ་དང་ཕྲག་སྟེང་དུ་ལེན་དགོས་ལ། ཏང་དང་རྒྱལ་ཁབ་ལ་དྲིན་ལན་འཇལ་བ་དང་དམངས་ཀྱི་ཆེད་དུ་བྱས་རྗེས་བཞག་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཁྱོན་ཡོངས་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་སྐུལ་འདེད་གཏོང་ཆེད་བྱས་རྗེས་འཇོག་དགོས་ཟེར།
བན་དེ་སྐྱབས་ཀྱིས་བསྒྱུར།