རྒྱལ་སྤྱིའི“གསུམ་བརྒྱད”བུད་མེད་དུས་ཆེན་ལ་རྗེས་དྲན་དང་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་པེ་ཅིང་དུ་བསྡུས།
2024.03.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 36

ཟླ3པའི་ཚེས3ཉིན་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་པེ་ཅིང་དུ་རྒྱལ་སྤྱིའི“གསུམ་བརྒྱད”བུད་མེད་དུས་ཆེན་ལ་རྗེས་དྲན་དང་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་བསྡུས། རྒྱལ་སྲིད་ཨུ་ཡོན། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཧྲིན་དབྱི་ཆིན་ཚོགས་ཆེན་ལ་ཞུགས་ནས་གཏམ་བཤད་སྤེལ།

ཧྲིན་དབྱི་ཆིན་གྱིས་རྒྱལ་ཡོངས་མི་རིགས་ཁག་དང་ལས་རིགས་ཁག་གི་བུད་མེད་ཚོར་དུས་ཆེན་གྱི་འཚམས་འདྲི་དང་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་ཐུན་མོང་དང་མི་སྒེར་ལ་སྤྲོ་སེམས་འཁོལ་བའིངང་་རྟེན་འབྲེལ་ཞུས། ཁོ་མོས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྔ་ཕྱི་བར་གསུམ་དུ་བུད་མེད་ཀྱི་བྱ་གཞག་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་དུས་དང་རྣམ་པ་ཀུན་ཏུ་སེམས་པ་བུད་མེད་མང་ཚོགས་ལ་བཅངས་ཏེ། སྐུ་དངོས་ཀྱིས་བུད་མེད་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་བའི་ཐད་ཇུས་འགོད་དང་བཀོད་སྒྲིག་བྱས་ནས་བུད་མེད་ཀྱི་འཕེལ་རྒྱས་ལ་ཁྱོན་ཡོངས་ནས་ཡར་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས། རྒྱ་ཆེའི་བུད་མེད་ཚོས“གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་སྔར་ལས་ཤེས་རྟོགས་གཏིང་ཟབ་བྱེད་ཐུབ་པར་བྱས་ནས“འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང“ཡིད་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ལེགས་པོར་སྒྲུབ་པ་བཅས་བྱས་ཏེ། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བུད་མེད་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་བསྐྱོད་དེ་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཅན་གྱི་རླབས་ཆེན་ལག་ལེན་ནང་ཧུར་ཐག་གིས་ཞུགས་ཏེ། བློ་བརྟན་འགྱུར་མེད་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལག་ལེན་ཁྲོད་ཧུར་ཐག་གིས་ཞུགས་པ། རང་བཀུར་རང་ཚུགས་དང་རང་སྟོབས་རང་སྤེལ། སྔོན་ཐོན་ལ་བརྩི་མཐོང་། སྔོན་ཐོན་ལ་སློབ་སྦྱོང་། སྔོན་ཐོན་བརྩོན་ལེན་བཅས་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་བྱས་རྗེས་འཇོག་པ། ཁྱིམ་ཚང་དང་ཁྱིམ་ཚང་སློབ་གསོ། ཁྱིམ་སྲོལ་འཛུགས་སྐྱོང་བཅས་ཀྱི་ཁྲོད་དུ་དམིགས་བསལ་གྱི་ནུས་པ་འདོན་སྤེལ་བྱས་ཏེ། དཀའ་སྤྱད་འབད་འཐབ་ཀྱི་ཁྲོད་ནས་མི་ཚེ་ལ་མཚར་སྡུག་བསྐྲུན་པ་དང་གནམ་གྱི་ཕྱེད་ཀ་ཞེས་པའི་མཛེས་སྡུག་གི་ལེའུ་སྔར་ལས་བཞེངས་སྐྲུན་བྱས་ནས། དངོས་གཉེར་དངོས་སྒྲུབ་ཀྱི་གྲུབ་འབྲས་ཀྱིས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་བུད་མེད་ཀྱི་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས་པའི་རེ་བ་བཏོན།

ཚོགས་ཆེན་སྟེང་རྒྱལ་ཡོངས་གསུམ་བརྒྱད་དར་དམར་སྒྲེང་བའི་དཔེ་དམག10དང་རྒྱལ་ཡོངས་གསུམ་བརྒྱད་དར་དམར་སྒྲེང་མཁན300 རྒྱལ་ཡོངས་ཀྱི་གསུམ་བརྒྱད་དར་དམར་སྒྲེང་བའི་ཐུན་མོང200བཅས་ལ་གཟེངས་བསྟོད་བྱས།