ཟླ་གསུམ་པའི་ཚེས་བཞི་ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཕྱི་ཚུལ་རིང་ལུགས་བཅོས་སྐྱོང་བྱས་ནས་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བའི་ཆེད་དོན་བྱ་བའི་རྐྱེན་སྲོལ་གྲོས་ཚོགས་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་དྲུང་ཡིག་ཆེན་མོ་ཀྲུའུ་ཞང་ཧྥིན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཕྱི་ཚུལ་རིང་ལུགས་བཅོས་བྱས་ནས་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བའི་བྱ་བའི་སྐོར་གྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཀྲུང་དབྱང་ཕྱོགས་ངོས་ཀྱི་ཆེད་དོན་བྱ་བའི་རྐྱེན་སྲོལ་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ། ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་དང་ཧྲུའུ་ཅི་ཁྲིན་ཀང་གི་མཆན་བཀོད་མཛུབ་སྟོན་གྱི་རེ་བ་ལྟར། གཟེར་འདེབས་སྙིང་སྟོབས་ལ་བརྟེན་ནས་ཕྱི་ཚུལ་རིང་ལུགས་བཅོས་སྐྱོང་བྱས་ནས་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བའི་བྱ་བ་གཏིང་ཟབ་ཏུ་སྤེལ་བ་དང་གྲུབ་འབྲས་ལེན་པར་སྐུལ་འདེད་བཏང་སྟེ། ལས་བྱེད་པས་སྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་མོ་བྱེད་དགོས་པར་སྐུལ་སློང་གཏོང་དགོས།
ཚོགས་ཐོག་ནས་མིག་སྔར་གྱི་ཞིང་ཆེན་ཡོངས་ཀྱི་ཕྱི་ཚུལ་རིང་ལུགས་གནད་དོན་གྱི་འབྱུང་རྩ་དང་མཚོན་བྱེད་རྣམ་པ། གནོད་འཚེ་ཆེན་པོར་དབྱེ་ཞིབ་ཟབ་མོ་བྱས་པ་དང་། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཡང་དག་པའི་ཆབ་སྲིད་གྲུབ་འབྲས་ཀྱི་ལྟ་བ་བརྟན་པོ་འཛུགསཔ་དང་། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། དངོས་སྒྲུབ་མཁྲེགས་གཏོར་བྱེད་ཕོད་པར་བྱེད་པ། ཆབ་སྲིད་གྲུབ་འབྲས་བཟོ་སྐྲུན་དང་སྣང་བརྙན་བཟོ་སྐྲུན། ཕྱི་ཚུལ་བཟོ་སྐྲུན་ལག་བསྟར་བྱེད་པའི་གནད་དོན་ཐག་གཅོད་པ། ལྟ་ཞིབ་ཞིབ་བཤེར་དང་དཔྱད་ཞིབ། གསར་འཛུགས་དཔྱད་བསྡུར། བརྟག་བཤེར་ཞིབ་འཇུག གྲོང་གསེབ་དར་སྤེལ། དུས་ཆེན་སྐབས་ཀྱི་གླེང་སྟེགས་འགྲེམ་ཚོགས་སོགས་ཁྲོད་གནས་པའི་གནད་དོན་ཐག་གཅོད་པ། མཛུབ་སྣེའི་ཕྱི་ཚུལ་རིང་ལུགས་དང་གཞི་རིམ་རྩ་འཛུགས་ཀྱི་རང་དགར་བཀལ་བའི་སྒོ་བྱང་། གཞི་རིམ་ལས་བྱེད་པ་མངག་གཏོང་བྱེད་པ། གཞི་རིམ་བཅོས་སྐྱོང་ཐད་ཀྱི་མི་འདང་བ་སོགས་ཀྱི་གནད་དོན་ཐག་གཅོད་དགོས་པ་ནན་སྟོན་བྱས།
ཚོགས་ཐོག་ནས། རིམ་པ་སོ་སོའི་ཏང་ཨུས་གཙོ་གཞི་འགན་འཁྲི་ལག་བསྟར་བྱེད་པ་དང་། ཞབས་གྲངས་ལ་རྒྱུས་ལོན་གསལ་བོ་བྱེད་པ། འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ། ཆེད་དོན་བྱ་བའི་རྐྱེན་སྲོལ་གྱི་གཅིག་འདོམས་མཐུན་སྦྱོར་ནུས་པ་འདོན་སྤེལ་བྱེད་པ། དམིགས་འབེན་ཡང་དག་འཚོལ་བ། གནད་ཕིགས་སྲིད་སྤྱོད་བྱེད་པ། དཔེ་མཚོན་དཔེ་གཞི་ཁྱབ་བསྒྲགས་བྱེད་རྒྱུ་དེ་བྱ་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་དུ་བརྩི་བ། གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བའི་བྱ་བའི་སྣང་ཚུལ་བཟང་བོ་བསྐྲུན་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་བ་ཧུར་ཐག་གིས་འབྲི་ཆེད་སྤྱོད་ཚུལ་གྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས་པའི་རེ་བ་བཏོན།
རིན་ཆེན་མཚོས་བསྒྱུར།