ཟླ3པའི་ཚེས5ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་ཞུར་ནན་ཏན་གྱིས་གྲོས་ཞིབ་བྱས། ཁྲིན་ཀང་གིས་འགོ་འཛིན་བྱས་པ་དང་། ཝུའུ་ཞའོ་ཅུན་དང་། ལིའུ་ཆི་ཧྥན། ཝང་དབྱང་བཅས་ཀྱིས་གཏམ་བཤད། འཕྲལ་བསྟུན་དོ་དམ་པུའུ་ཡི་ཏང་ཨུའི་ཧྲུའུ་ཅི། པུའུ་ཀྲང་ཝང་ཞང་ཞི་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་དང་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། ནོར་སྲིད་པུའུ། འཕྲལ་བསྟུན་དོ་དམ་པུའུ་བཅས་ཀྱི་འབྲེལ་ཡོད་སྡེ་ཁག་གི་བློ་མཐུན་གྲོས་ཞིབ་ལ་ཞུགས་ནས་འཐུས་མིའི་གྲོས་གཞི་ལ་ཉན།
འཐུས་མི་ཝུའུ་ཞའོ་ཅུན་གྱིས་བཤད་རྒྱུར། སྙན་ཞུའི་འགོ་མཇུག་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་ཁྱབ་ཡོད་ལ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་། སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཡོད་པ་དང་། ཆབ་སྲིད་ཀྱི་ལངས་གནས་མཐོ་ལ་གྲུབ་འབྲས་སྤྱི་བསྡོམས་བྱས་པར་གདིང་ཚད་ཡོད་པ། ལས་འགན་བཀོད་སྒྲིག་བྱས་པར་ཟབ་ཚད་ཡོད་པ་དང་སྲིད་ཇུས་བྱེད་ཐབས་ལ་ནུས་ཚད་ཡོད་པ། དམངས་ཚིས་འགན་སྲུང་ལ་དྲོད་ཁོལ་ལྡན་པས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་དབང་ཟིལ་དང་གཅིག་སྡུས་གཅིག་གྱུར་འགོ་ཁྲིད་ཀྱི་ཆབ་སྲིད་རང་རྟོགས་མཐོན་པོ་ཡོངས་སུ་མངོན་པར་བྱས་ཤིང་། སྐབས་གསར་བའི་སྲིད་གཞུང་གི་ཁག་ཁུར་གསར་བ་དང་བྱེད་ཕྱོགས་གསར་བ། རྣམ་པ་གསར་བ་བཅས་མཚོན་པར་མ་ཟད། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བྱེད་པའི་ལག་བསྟར་པ་དང་། འགུལ་སྐྱོད་པ། དངོས་སྒྲུབ་པ་བཟང་བོ་བྱེད་པའི་བྱ་བའི་ངེས་གནས་གང་ལེགས་སྒོས་མངོན་པར་བྱས་ཡོད་ལ། དར་ཆ་མཐོར་སྒྲེང་དང་ངོས་འཛིན་གཅིག་བསྡུས། ཡིད་ཆེས་མཐོར་འདེགས་དང་བརྩོན་སེམས་ཆེར་སྐྱེད་ཀྱི་སྙན་ཞུ་བཟང་པོ་ཞིག་རེད། གྲུབ་འབྲས་མིག་མཐོང་ལག་ཟིན་ཡིན་པ་དང་། སྲིད་ཇུས་ཀྱི་ཁ་ཕྱོགས་གསལ་ཞིང་འདེགས་སྐྱོར་ཤུགས་དྲག་ཡིན་ལ། ལས་འགན་སྒྲུབ་ཐབས་གཙང་ཞིང་དངོས་འབེབས་དོན་དངོས་ཡིན་པ་བཅས་འབུར་དུ་ཐོན་ཡོད་ལ། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་སྔར་ལས་ཇེ་གསལ་དུ་བཏང་ཡོད་པས་ཡོངས་སུ་འཐད་པ་ཡིན། ང་ཚོས་གཏན་ཕབ་གཉིས་ལ་བློ་བརྟན་འགྱུར་མེད་སྒོས་སྲུང་སྐྱོང་དང་། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་སྒྲུབ་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པ་དང་། སྲིད་གཞུང་བྱ་བའི་སྙན་ཞུའི་བཀོད་སྒྲིག་ལ་དམིགས་ཏེ། ཤུགས་བཏོན་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པར་སྐུལ་འདེད་གཏོང་བ་དང་། ཤུགས་བཏོན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཤུགས་བཏོན་ནས་དམངས་ཚིས་འགན་སྲུང་ཆུ་ཚད་ཇེ་མཐོར་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་བའི་ལེའུ་འབད་པས་རྩོམ་དགོས་ཟེར།
འཐུས་མི་ལིའུ་ཆི་ཧྥན་གྱིས་བཤད་རྒྱུར། ཙུང་ལི་ལིས་ཆང་གིས་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་ཞུས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་། མི་དམངས་བླ་ན་མེད་པ་དང་བདེན་འཚོལ་དངོས་གཉེར་རྒྱུན་འཁྱོངས་བྱས་ཤིང་། ཁག་ཁུར་བྱེད་ཕོད་པ་དང་སྒྲུབ་པར་མཁས་པ་མངོན་པར་བྱས་པའི་སྙན་ཞུ་ཞིག་ཡིན་པས་ཡོངས་སུ་འཐད་པ་ཡིན། འདས་པའི་ལོ་གཅིག་གི་རིང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག རང་རྒྱལ་གྱིས་ཆར་རླང་དྲག་པོས་རི་བོ་སྒུལ་མི་ཐུབ་པ་ལྟ་བུའི་བརྟན་བརླིང་དང་སྨུག་སྤྲིན་འཐིབ་ཀྱང་མགོ་མི་འཁོར་བའི་བློ་གྲོས་ལ་བརྟེན་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱིས་གོམ་སྟབས་བརྟན་པོར་སྤོས་ཤིང་། དཔལ་འབྱོར་མྱུར་དུ་འཕེལ་རྒྱས་འགྲོ་བ་དང་། སྤྱི་ཚོགས་ཡུན་རིང་བརྟན་འཇགས་ཀྱི་ཁྱད་མཚར་རྣམ་པ་དེ་གཉིས་སྲུང་བརྟན་དང་རྒྱུན་སྲིང་བྱས་ཡོད། རྒྱལ་ཁབ་ཀྱི་སྤྱིའི་འཕེལ་རྒྱས་རྣམ་པའི་ཁྲོད་དུ། མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་། ནུས་ཁུངས་གསར་བ་དང་རྒྱུ་ཆ་གསར་བའི་འཕེལ་རྒྱས་ཕུལ་དུ་བྱུང་ཞིང་གཟེངས་སུ་ཐོན་ཡོད་ལ། ལས་དོན་སོ་སོར་དགའ་འོས་པའི་གྲུབ་འབྲས་བླངས་ཡོད། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་དབང་ཟིལ་དང་གཅིག་སྡུས་གཅིག་གྱུར་གྱི་འགོ་ཁྲིད་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བྱེད་པའི་ལག་བསྟར་པ་དང་། འགུལ་སྐྱོད་པ། དངོས་སྒྲུབ་པ་བཟང་བོ་བྱས་ཏེ། མཚོ་སྔོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་སྙན་ཞུའི་དགོངས་དོན་ལག་བསྟར་དང་དངོས་འབེབས། དོན་དངོས་སུ་འགྱུར་བར་བྱེད་དགོས་ཤིང་། འཐུབ་ཇུས་ངེས་ཤུགས་སྲུང་འཛིན་དང་དཀའ་སྤྱད་འབད་འཐབ་ཀྱིས་སྒྲུབ་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བགྲོད་ལམ་སྟེང་ཡག་པོར་བསྐྱོད་པའི་ཡིད་ཆེས་དང་ཆོད་སེམས་སྔར་ལས་ཇེ་བརྟན་དུ་གཏོང་དགོས།
འཐུས་མི་ཝང་དབྱང་གིས་བཤད་རྒྱུར། སྲིད་གཞུང་བྱ་བའི་སྙན་ཞུ་ཧྲིལ་བོར་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཤིང་། ཆབ་སྲིད་ཀྱི་ལངས་གནས་མཐོ་ལ་བཅོས་སྒྱུར་གསར་གཏོད་ཀྱི་ནུས་ཚད་ཡོད་པ་དང་། དམངས་དོན་གྱི་བརྩེ་བ་ཟབ་པས། བདེན་འཚོལ་དངོས་གཉེར་དང་། ཡར་སྐྱེད་བརྩོན་ལེན། མཐུན་སྒྲིལ་ངར་སྐྱེད་ཀྱི་སྙན་ཞུ་བཟང་བོ་ཞིག་ཡིན་པས་ཡོངས་སུ་འཐད་པ་ཡིན། ན་ནིང་། རང་རྒྱལ་གྱི་དཔལ་འབྱོར་རླབས་རིས་ལྟར་འཕེལ་རྒྱས་སོང་ཞིང་ཀྱག་ཀྱོག་གིས་མདུན་སྐྱོད་བྱེད་པའི་ཁྲོད་གལ་ཆེ་བའི་གྲུབ་འབྲས་གསར་བ་བླངས་ཡོད། སྐབས་གསར་བའི་སྲིད་གཞུང་གིས་དཀའ་སྤྱད་ཀྱིས་ཞིབ་ཚགས་ཅན་དང་གྲུབ་འབྲས་ཁྱད་དུ་འཕགས་པའི་བྱ་བ་འབོར་ཆེན་བསྒྲུབས་ནས་གྲུབ་འབྲས་ལོན་པ་ལས་སླ་མོ་ཞིག་མིན་པས། དེས་གཏན་ཕབ་གཉིས་ནི་ང་ཚོས་ངེས་གཏན་མེད་པའི་སྣང་ཚུལ་ཡོད་ཚད་ལ་ཁ་གཏད་འཇལ་བའི་ཆེས་ཆེ་བའི་ངེས་གཏན་རང་བཞིན་དང་། ཆེས་ཆེ་བའི་གདིང་ཤུགས། ཆེས་ཆེ་བའི་འགན་སྲུང་ཡིན་པ་ར་སྤྲོད་བྱས་ཡོད། ད་ལོར་སྲིད་གཞུང་བྱ་བས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱེད་རྒྱུ་ཡིན་པས། དེས་དཀའ་ཁག་ལ་མི་སྐྲག་པ་དང་དཀའ་ངལ་ལ་མི་འཛེམ་པ། འགན་ལྕི་མོ་ཁུར་ཕོད་པའི་འགན་འཁྲིའི་འདུ་ཤེས་དང་འོས་འགན་འདུ་ཤེས་གསལ་བོར་མཚོན་ཡོད། ང་ཚོས་སྲིད་གཞུང་བྱ་བའི་སྙན་ཞུའི་ནང་བཀོད་པའི་མཛེས་སྡུག་གི་འཆར་འགོད་ལྟར། ལྷོད་གཡེང་སྤུ་ཙམ་ཡང་མི་བྱེད་པའི་འགན་འཁྲིའི་འདུ་ཤེས་དེ་ལས་དོན་རེ་རེར་གདེང་ཚོད་ཡོད་པའི་འགུལ་སྐྱོད་ཀྱི་ནུས་པར་བསྒྱུར་བ་དང་། དངོས་གཉེར་ནུས་ཡོད་ཀྱི་དོན་དངོས་འགུལ་སྐྱོད་ལ་བརྟེན་ནས་སྤྱི་ཚོགས་ཡོངས་ཀྱི་ཡིད་ཆེས་མཐོ་རུ་འདེགས་པ་དང་། ཀྲུང་གོའི་དཔལ་འབྱོར་གྱི་གཟི་འོད་རྒྱས་པར་བྱེད་དགོས།
འཐུས་མི་ལིའུ་གོ་ཆང་དང་། ལིས་ཀའོ། ཏིས་ཆིན་ཡུན། ཝང་ཧྭ་ཅེ། ཆའོ་ཡཱ་ཆུན་སོགས་ཀྱིས་གཏམ་བཤད།
རིག་འཛིན་སྒྲོལ་མས་བསྒྱུར།