ཏེན་ཞུའེ་ཞང་ཞང་ཀང་དང་ཨོ་མིན་ས་ཁུལ་གྱི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་མཉམ་འབྲེལ་ཚན་ཆུང་གི་གྲོས་ཚོགས་ལ་ཞུགས།
2024.03.07 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 34

ཟླ3པའི་ཚེས6ཉིན།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན།   རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་ཞང་ཀང་དང་ཨོ་མིན་ས་ཁུལ་གྱི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་མཉམ་འབྲེལ་ཚན་ཆུང་གི་གྲོས་ཚོགས་ལ་ཞུགས། 

ཟླ3པའི་ཚེས6ཉིན།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན།   རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་ཞང་ཀང་དང་ཨོ་མིན་ས་ཁུལ་གྱི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་མཉམ་འབྲེལ་ཚན་ཆུང་གི་གྲོས་ཚོགས་ལ་ཞུགས།  

 ཨུ་ཡོན་རྣམས་ཀྱི་གཏམ་བཤད་ལ་གསན་རྗེས།   ཏེན་ཞུའེ་ཞང་གིས་འདས་པའི་ལོ་གཅིག་རིང་ལ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་སྟོབས་ལྡན་འགོ་ཁྲིད་འོག་ཏུ།    རང་རྒྱལ་གྱི་འཕེལ་རྒྱས་ཐད་གྲུབ་འབྲས་ཆེན་པོ་བླངས་ཡོད།   ཀྲུང་དབྱང་གི་རྒྱབ་སྐྱོར་ཆེན་པོའི་འོག་དང་།  དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་དང་དམངས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་སྣེ་ཁྲིད་འོག་ཏུ།   ཞང་ཀང་དང་ཨོ་མིན་གྱི་འཕེལ་རྒྱས་ཐད་རྣམ་པ་གསར་བ་བཏོད་པ་དང་སྣང་ཚུལ་གསར་བ་མངོན་ཡོད།   ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་དང་ཞང་ཀང་པས་ཞང་ཀང་སྐྱོང་བ་དང་ཨོ་མིན་པས་ཨོ་མིན་སྐྱོང་བ།   ཚད་མཐོའི་རང་སྐྱོང་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་ཞང་ཀང་དང་ཨོ་མིན་གྱི་དར་རྒྱས་བརྟན་འཇགས་ལ་བློ་བརྟན་འགྱུར་མེད་སྒོས་སྲུང་སྐྱོབ་བྱེད་བཞིན་ཡོད།   རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་འགོག་ར་བརྟན་པོར་བཙུགས་ཏེ་ཞང་ཀང་གིས་གཞི་རྩའི་བཅའ་ཁྲིམས་ཀྱི་ཁྲིམས་འཛུགས་སྲོལ་ཡིག་ཉེར་གསུམ་པ་མགྱོགས་མྱུར་ངང་ཡོངས་འགྲུབ་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་།    ཨོ་མིན་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་ལམ་ལུགས་རྐྱེན་སྲོལ་བཙུགས་ནས་འཐུས་ཚང་དུ་བཏང་སྟེ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ལག་ལེན་བརྟན་འཇགས་སྒོས་ཡུན་རིང་ལ་ལག་བསྟར་བྱེད་པར་འགན་སྲུང་བྱེད་དགོས།    ཨུ་ཡོན་སོ་སོས་རྒྱལ་གཅེས་ཀང་གཅེས་ཨོ་གཅེས་ཀྱི་དར་ཆའི་འོག་ཏུ་མཐུན་སྒྲིལ་འབད་འཐབ་བྱས་ཏེ་ཞང་ཀང་དང་ཨོ་མིན་གྱི་སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་པ་མཉམ་སྐྲུན་བྱེད་རྒྱུའི་རེ་བ་བཅངས་ཡོད་ཅེས་བསྟན།

ལྷ་མོ་ཚེ་རིང་གིས་བསྒྱུར།