ཨུ་ཡོན་ཨུ་ཁྲུང་རོང་གིས་རྒྱལ་ཁབ་ཀྱི་ངོས་ནས་མཚོ་སྔོན་གྱིས་རྒྱལ་ཁབ་རིག་གནས་སྤྱི་གླིང་ཚོགས་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱ་རྒྱུའི་གྲོས་གཞི་བཏོན།
2024.03.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 23

རྒྱལ་ཁབ་རིག་གནས་སྤྱི་གླིང་གིས་རྒྱལ་ཁབ་ཀྱི་སྙིང་སྟོབས་མཚོན་ལ།  ཀྲུང་ཧྭའི་རིག་གནས་ཀྱི་ངོས་འཛིན་ཇེ་དྲག་ཏུ་གཏོང་བ་དང་ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་དཔལ་ཡོན་འཛུགས་སྐྲུན་གྱི་བར་སྟོང་གལ་ཆེན་ཞིག་རེད།     རྒྱལ་ཁབ་རིག་གནས་སྤྱི་གླིང་འཛུགས་སྐྲུན་བྱ་རྒྱུ་ནི་དུས་རབས་གསར་པའི་རིག་གནས་འཛུགས་སྐྲུན་གྱི་འཐབ་ཇུས་རང་བཞིན་གྱི་བྱ་བ་དང་།  རིག་གནས་ཀྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་དང་འབྲེལ་བའི་རིག་གནས་བཟོ་སྐྲུན་གལ་ཆེན་ཞིག་རེད།   རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ཨུ་ཁྲུང་རོང་གིས་རྒྱལ་ཁབ་ཀྱི་ངོས་ནས་མཚོ་སྔོན་གྱིས་རྒྱལ་ཁབ་རིག་གནས་སྤྱི་གླིང་ཚོགས་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱ་རྒྱུའི་གྲོས་གཞི་བཏོན།

ཨུ་ཁྲུང་རོང་གིས་བལྟས་ན།  མཚོ་སྔོན་ནི་རྒྱལ་ཡོངས་ཀྱི་རྒྱང་སྐྱོད་དང་ལྕགས་རི་རིང་བོ།    རྨ་ཆུ།  འབྲི་ཆུ་བཅས་རྒྱལ་ཁབ་ཀྱི་རིག་གནས་སྤྱི་གླིང་ཆེན་པོ་བཞི་ཡོད་པའི་ཞིང་ཆེན་ཡིན་ལ།    རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱས་པ་ཆེས་མང་པའི་ཞིང་ཆེན་ཡིན།  ལོ་མང་པོའི་རིང་།   རྒྱལ་ཁབ་ཀྱི་ངོས་ནས་མཚོ་སྔོན་གྱི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཁུལ་འཛུགས་སྐྲུན་ཐད་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་མི་རིགས་མཐུན་སྒྲིལ་ཡར་ཐོན།  གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་སོགས་བྱ་བ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་ཡོད་པར་འདོད།

ཨུ་ཁྲུང་རོང་གིས་རྒྱལ་ཁབ་ཀྱི་ངོས་ནས་མཚོ་སྔོན་གྱི་རྒྱབ་སྐྱོར་ཤུགས་ཚད་ཆེ་རུ་གཏོང་བ་དང་།    མ་ལག་འདུ་ཤེས་རྒྱུན་འཁྱོངས་བྱེད་པ།   མཐུན་སྦྱོར་མཉམ་སྒུལ་ལ་ཤུགས་སྣོན་པ།   མཚོ་སྔོན་གྱིས་རྨ་ཆུ་དང་འབྲི་ཆུ།   ལྕགས་རི་རིང་བོ།   རྒྱང་སྐྱོད་སོགས་རིག་གནས་ཐོན་ཁུངས་སྔར་ལས་བེད་སྤྱོད་བྱེད་པར་མཛུབ་སྟོན་དང་རྒྱབ་སྐྱོར་བྱས་ནས་རྒྱལ་ཁབ་རིག་གནས་སྤྱི་གླིང་དང་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་དགེ་མཚན་འདོན་སྤེལ་བཟང་བོ་བྱ་རྒྱུ།     མཚོ་སྔོན་དུ་རྒྱལ་ཁབ་རིག་གནས་སྤྱི་གླིང་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་སོགས་བརྗོད་དོན་གླེང་སྟེགས་སྤེལ་བ་དང་རྒྱལ་ཁབ་རིག་གནས་སྤྱི་གླིང་ཆེད་མཁས་པའི་འདྲི་རྟོག་ཨུ་ཡོན་ལྷན་ཁང་གི་མཉམ་འབྲེལ་གྲོས་ཚོགས་བསྡུས་ནས་མཚོ་སྔོན་རྒྱལ་ཁབ་རིག་གནས་སྤྱི་གླིང་འཛུགས་སྐྲུན་ཐད་རིག་སྟོབས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱ་རྒྱུ།   མིང་དུ་གྲགས་པའི་ཆེད་མཁས་པ་མཚོ་སྔོན་གྱི་རྒྱལ་ཁབ་སྤྱི་གླིང་དང་རྒྱལ་ཁབ་རིག་གནས་སྤྱི་གླིང་དུ་ཡོང་ནས་ལྟ་ཞིབ་དང་རྟོག་ཞིབ་བྱེད་པར་གདན་ཞུ་དང་ཡང་ན་འདེམ་མངག་བྱས་ཏེ་མཚོ་སྔོན་གྱི་རྒྱལ་ཁབ་རིག་གནས་སྤྱི་གླིང་ཚོགས་ལ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་སའི་རིག་སྟོབས་འདྲེས་པར་བྱ་རྒྱུའི་གྲོས་གཞི་བཏོན།

ལྷ་མོ་ཚེ་རིང་གིས་བསྒྱུར།