ཨུ་ཡོན་མཱ་ཧའེ་ཅུན་གྱིས་གཞི་གྲངས་ལག་རྩལ་དེ་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཁྲོད་ཀྱི་བེད་སྤྱོད་དང་གསར་གཏོད་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་རྒྱུའི་གྲོས་གཞི་བཏོན།
2024.03.10 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 20

མདོ་དབུས་མཐོ་སྒང་ནི་རང་རྒྱལ་དང་འཛམ་གླིང་སྤྱིའི་སྐྱེ་ཁམས་བདེ་འཇགས་ཀྱི་འགན་སྲུང་གལ་ཆེན་ཞིག་ཡིན། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་ལ་སྔར་ལས་སྲུང་སྐྱོབ་བཟང་པོ་བྱ་ཆེད། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་མཱ་ཧའེ་ཅུན་གྱིས་གཞི་གྲངས་ལག་རྩལ་དེ་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཁྲོད་ཀྱི་བེད་སྤྱོད་དང་གསར་གཏོད་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བ་དང་། གཞི་གྲངས་ནུས་པས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་ལ་བཅོས་སྐྱོང་དང་། ཕྱོགས་སོ་སོའི་སྟོབས་ཤུགས་གཅིག་བསྡུས་མཐུན་སྦྱོར་བྱས་ནས། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་ལ་སྔར་ལས་སྲུང་སྐྱོབ་བྱ་རྒྱུའི་གྲོས་གཞི་བཏོན།

མཱ་ཧའེ་ཅུན་གྱིས་བལྟས་ན། གཞི་གྲངས་ལག་རྩལ་དེ་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཁྲོད་ཀྱི་བེད་སྤྱོད་དང་གསར་གཏོད་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བ་དང་། གཞི་གྲངས་ལག་རྩལ་ལ་བརྟེན་ནས་མདོ་བུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་གི་ཚན་རིག་རང་བཞིན་དང་། གནས་འཁེལ་རང་བཞིན། ནུས་ལྡན་རང་བཞིན་བཅས་མཐོར་འདེགས་གཏོང་རྒྱུ་ཧ་ཅང་གལ་ཆེ་ཞིང་། སྐྱེ་ཁམས་ཁོར་ཡུག་གི་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བའི་ནུས་པ། ཐོན་ཁུངས་བཀོད་སྒྲིག་ལེགས་སྒྱུར། སྲུང་སྐྱོབ་དང་སླར་གསོ་ཚན་རིག་ཅན། བྱེད་ནུས་ཁུལ་གྱི་འཆར་འགོད་སོགས་ཀྱི་ཕྱོགས་ནས་སྔར་ལས་གལ་ཆེ་བའི་ནུས་པ་འདོན་བཞིན་ཡོད་པར་འདོད།

མཱ་ཧའེ་ཅུན་གྱིས་རིགས་སོ་སོའི་སྐྱེ་ཁམས་ཁོར་ཡུག་གི་གཞི་གྲངས་ཐོན་ཁུངས་སྒྲིག་སྦྱོར་དང་། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་གི་གཞི་གྲངས་ཆེན་མོའི་སྟེགས་བུ་འཐུས་ཚང་བསྐྲུན་ཏེ། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་ལ་གཞི་གྲངས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་གི་ལྟ་ཞིབ་ཚད་ལེན་ལག་རྩལ་གསར་གཏོད་བྱེད་པ་དང་། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་གི་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བའི་མ་ལག་འཛུགས་པ། རྒྱང་ཚོར་ལག་རྩལ་དང་། ས་ངོས་ལྟ་ཞིབ་ཚད་ལེན་ས་ཚུགས་སོགས་སྔོན་ཐོན་བྱེད་ཐབས་ལ་བརྟེན་ནས། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་གི་དུས་ཐོག་ལྟ་ཞིབ་ཚད་ལེན་མངོན་འགྱུར་བྱུང་སྟེ། དུས་ཐོག་ཏུ་སྐྱེ་ཁམས་ཁོར་ཡུག་གི་ཉེན་ཁ་མཐོང་བ་དང་། དབྱེ་ཞིབ་བྱེད་པ། སྔོན་བརྡ་གཏོང་བ་བཅས་བྱེད་དགོས། གཞི་གྲངས་ལག་རྩལ་གྱི་སྐྱེ་ཁམས་ཁོར་ཡུག་གི་ཐོན་ཁུངས་བཀོད་སྒྲིག་ཁྲོད་ཀྱི་བེད་སྤྱོད་ལ་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་སླར་གསོ་བྱ་བར་ཤུགས་སྣོན་པ། དེ་དང་མཉམ་དུ་རྒྱལ་སྤྱིའི་མཉམ་ལས་དང་བརྗེ་རེས་ལ་ཤུགས་བསྣན་ནས། གཞི་གྲངས་ལག་རྩལ་གྱི་བཅོས་སྐྱོང་ཉམས་མྱོང་མཉམ་སྤྱོད་དང་། བཅོས་སྐྱོང་ཆུ་ཚད་མཐོར་འདེགས་གཏོང་རྒྱུའི་གྲོས་གཞི་བཏོན།

ལྷ་མོ་འཚོས་བསྒྱུར།