ཟླ3པའི་ཚེས10ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་གསར་འགྱུར་དྲིལ་སྒྲོག་ལ་ཞུགས་པའི་གསར་འགྱུར་ལས་དོན་པའི་འཐུས་མིར་འཚམས་འདྲི་གནང་བར་མ་ཟད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཚབ་མཛད་ནས་ཚང་མར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུས།
ཟླ3པའི་ཚེས10ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་གསར་འགྱུར་དྲིལ་སྒྲོག་ལ་ཞུགས་པའི་གསར་འགྱུར་ལས་དོན་པའི་འཐུས་མིར་འཚམས་འདྲི་གནང་བར་མ་ཟད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཚབ་མཛད་ནས་ཚང་མར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུས།
མི་དམངས་ཉིན་རེའི་ཚགས་པར་ཁང་དང་ཞིན་ཧྭ་གསར་འགྱུར་ཁང་། ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། འོད་ཟེར་ཉིན་རེའི་ཚགས་པར་ཁང་། དཔལ་འབྱོར་ཉིན་རེའི་ཚགས་པར་ཁང་། ཀྲུང་གོ་ཉིན་རེའི་ཚགས་པར་ཁང་། མི་དམངས་སྲིད་གྲོས་ཚགས་པར་ཁང་། ཀྲུང་གོ་གསར་འགྱུར་ཁང་སོགས་ཀྲུང་དབྱང་གི་གསར་འགྱུར་ལས་ཁུངས་གཙོ་བོ་དང་། ཀྲུང་གོ་སྲིད་གྲོས་དུས་དེབ་ཁང་གི་འགན་འཁུར་བློ་མཐུན་དང་གསར་འགོད་པའི་འཐུས་མི་བཅས་འཚམས་འདྲིའི་བྱ་འགུལ་ལ་ཞུགས་ནས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་དྲིལ་སྒྲོག་གནས་ཚུལ་ངོ་སྤྲོད་བྱས།
ཝང་ཧུའུ་ཉིང་གིས་ཐེངས་འདིའི་གྲོས་ཚོགས་ཕུན་སུམ་ཚོགས་པའི་ངང་ལེགས་འགྲུབ་བྱུང་བའི་རྩ་བ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོར་རག་ལས་པར་མ་ཟད། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོས་མཉམ་དུ་འབད་བརྩོན་བྱས་པའི་གྲུབ་འབྲས་ཡིན་ལ། གསར་འགྱུར་ལས་ཁུངས་དང་རྒྱ་ཆེའི་གསར་འགྱུར་བྱ་བ་སྒྲུབ་མཁན་ཚོའི་དཀའ་སྤྱད་འབད་བརྩོན་དང་ཡང་ཁ་འབྲལ་ཐབས་མེད་ཅེས་བསྟན།
ཝང་ཧུའུ་ཉིང་གིས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྐབས་སུ་ཀྲུང་དབྱང་གི་གསར་འགྱུར་ལས་ཁུངས་གཙོ་བོས་རྒྱལ་ཁབ་ཕྱི་ནང་དང་དྲ་རྒྱ། སྲོལ་རྒྱུན་སྨྱན་སྦྱོར། སྨྱན་སྦྱོར་གསར་པ་བཅས་གཅིག་གྱུར་བཀོད་སྒྲིག་བྱས་ནས། ནང་དོན་དང་ཁྱད་ཆོས་ལྡན་པའི་གསར་འགྱུར་སྤུས་དག་མང་པོ་ཇུས་འགོད་དང་དྲིལ་སྒྲོག་བྱས་ཡོད་པས། ཕྱོགས་མང་པོ་དང་རྣམ་པ་མི་འདྲ་བའི་ཐོག་ནས་གྲོས་ཚོགས་ཀྱི་སྣང་ཚུལ་ལེགས་པོ་ཕྱིར་མངོན་ཡོད་ཅེས་བསྟན། ཁོང་གིས་རྒྱ་ཆེའི་གསར་འགྱུར་བྱ་བ་སྒྲུབ་མཁན་གྱིས་མི་དམངས་སྲིད་གྲོས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་བྱེད་ཐབས་དང་ཕན་འབྲས་དྲིལ་སྒྲོག་ཡག་པོ་བྱས་ཏེ། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་སྲིད་གྲོས་ལ་འགོ་ཁྲིད་དང་ཐུགས་ཁུར་གནང་བའི་གཏམ་རྒྱུད་དང་དུས་རབས་གསར་བའི་མི་དམངས་སྲིད་གྲོས་ཀྱི་ལས་དོན་དར་རྒྱས་གོང་འཕེལ་བྱུང་བའི་གཏམ་རྒྱུད་ཡག་པོར་བཤད་པ་དང་རང་རྒྱལ་གྱི་སྲིད་ཏང་ལམ་ལུགས་གསར་པའི་ཁྱད་ཆོས་དང་ལེགས་ཆ་སྔར་ལས་ལེགས་པའི་སྒོ་ནས་མཚོན་པར་བྱེད་དགོས་པའི་ཐུགས་རེ་བཏོན།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲི་ཐའེ་ཧྥིན་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ལིས་ཧྲུའུ་ལེ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧུའུ་ཁྲུན་ཧྭ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་དྲུང་ཡིག་ཆེན་མོའི་འགན་གཅིག་ལྕོགས་སུ་ཁུར་མཁན་ཝང་ཏུང་ཧྥིང་བཅས་ཀྱིས་མཉམ་དུ་འཚམས་འདྲི་བྱས།