རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཞི་རྒྱ་ཆེ་བའི་སྒྲིག་ཆས་གསར་བསྒྱུར་དང་འཛད་སྤྱོད་པའི་ཐོན་རྫས་རྙིང་ཚབ་གསར་བརྗེ་ལ་སྐུལ་འདེད་གཏོང་བའི་འགུལ་སྐྱོད་ཇུས་གཞི་པར་འགྲེམ་བྱས།
2024.03.14 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 25

ཉེ་སྔོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཞི་རྒྱ་ཆེ་བའི་སྒྲིག་ཆས་གསར་བསྒྱུར་དང་འཛད་སྤྱོད་པའི་ཐོན་རྫས་རྙིང་ཚབ་གསར་བརྗེ་ལ་སྐུལ་འདེད་གཏོང་བའི་འགུལ་སྐྱོད་ཇུས་གཞི་པར་འགྲེམ་བྱས་ཏེ། སྔོན་ཐོན་སྒྲིག་ཆས་ཀྱི་ཐོན་སྐྱེད་བེད་སྤྱོད་ལ་ཡར་སྐུལ་དང་། སྔོན་ཐོན་ཐོན་སྐྱེད་ནུས་པའི་བསྡུར་ཚད་བསྟུད་མར་ཇེ་མཐོར་འགྲོ་བ་དང་སྤུས་ཚད་མཐོ་ཞིང་བཀོལ་ཡུན་རིང་བའི་འཛད་སྤྱོད་ཐོན་རྫས་སྔར་ལས་མང་བོ་སྡོད་དམངས་ཀྱི་འཚོ་བའི་ཁྲོད་ཞུགས་པར་སྐུལ་འདེད་བཏང་སྟེ། ཐོན་ཁུངས་འཁོར་སྐྱོད་བེད་སྤྱོད་ཀྱི་མུ་མཐུན་བཀག་མེད་ཡོང་བར་བྱས་ནས། རྒྱལ་དམངས་དཔལ་འབྱོར་འཁོར་སྐྱོད་ཀྱི་སྤུས་ཚད་དང་ཆུ་ཚད་ལྡབ་འགྱུར་གྱིས་མཐོར་འདེགས་བྱས།

འགུལ་སྐྱོད་ཇུས་གཞི་ལས་ཕྱོགས་ལྔ་དང་ལས་འགན་གཙོ་བོ་ཉི་ཤུ་གཏན་འཁེལ་གསལ་བོ་བྱས་ཡོད། གཅིག་ནས་སྒྲིག་ཆས་གསར་བསྒྱུར་འགུལ་སྐྱོད་ལག་བསྟར་བྱེད་དགོས། ལས་རིགས་གཙོ་བོའི་སྒྲིག་ཆས་གསར་བསྒྱུར་ལེགས་བཅོས་ལ་སྐུལ་འདེད་གཏོང་བ་དང་། གྲོང་སྲིད་རྨང་གཞིའི་སྒྲིག་ཆས་ཁྱབ་ཁོངས་ཀྱི་སྒྲིག་ཆས་གསར་བསྒྱུར་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས་ལ། འགྲིམ་འགྲུལ་སྐྱེལ་འདྲེན་སྒྲིག་ཆས་དང་ཞིང་ལས་འཕྲུལ་ཆས་རྙིང་བའི་གསར་བསྒྱུར་ལ་རྒྱབ་སྐྱོར་བྱས་ཏེ། སློབ་གསོ་དང་རིག་གནས་ཡུལ་སྐོར། སྨན་བཅོས་སྒྲིག་ཆས་བཅས་ཀྱི་ཆུ་ཚད་མཐོར་འདེགས་བྱེད་དགོས། གཉིས་ནས་འཛད་སྤྱོད་ཐོན་རྫས་ཀྱི་རྙིང་ཚབ་གསར་བརྗེའི་འགུལ་སྐྱོད་ལག་བསྟར་བྱེད་དགོས། རླངས་འཁོར་དང་ཁྱིམ་ཆས་ཐོན་རྫས་ཀྱི་རྙིང་ཚབ་གསར་བརྗེའི་བྱ་འགུལ་སྤེལ་ནས། ཁྱིམ་ཆས་འཛད་སྤྱོད་ཐོན་རྫས་ཀྱི་གསར་བསྒྱུར་ལ་སྐུལ་འདེད་གཏོང་དགོས། གསུམ་ནས་ཕྱིར་བསྡུ་འཁོར་སྐྱོད་བེད་སྤྱོད་འགུལ་སྐྱོད་ལག་བསྟར་བྱེད་དགོས། ཐོན་རྫས་དང་སྒྲིག་ཆས་རྙིང་བའི་ཕྱིར་བསྡུའི་དྲ་བ་འཐུས་ཚང་དུ་གཏོང་བ་དང་། ལག་བརྒྱུད་ཐོན་རྫས་ཀྱི་འཁོར་རྒྱུག་ཉོ་ཚོང་ལ་རྒྱབ་སྐྱོར་བྱེད་པ། གོ་རིམ་ལྡན་པར་ཡང་བསྐྱར་བཟོ་སྐྲུན་དང་ཡང་བསྐྱར་བེད་སྤྱོད་བྱེད་པར་ཡར་སྐུལ་བྱས་ཐོག ཐོན་ཁུངས་ཀྱི་ཆུ་ཚད་མཐོ་བའི་ཡང་བསྐྱར་བེད་སྤྱོད་ལ་སྐུལ་འདེད་གཏོང་དགོས། བཞི་ནས་ཚད་ལྡན་མཐོར་འདེགས་འགུལ་སྐྱོད་ལག་བསྟར་བྱེད་དགོས། ལྔ་ནས་སྲིད་ཇུས་འགན་སྲུང་ཇེ་དྲག་ཏུ་གཏོང་དགོས།


བསོད་ནམས་ཚེ་རིང་གིས་བསྒྱུར།