ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱིས《རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་མིང་འདོན་དཔྱད་འདེམས་བྱ་བ་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས། 《བརྡ་ཐོའི》ནང་བསྟན་དོན། ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ75འཁོར་བར་རྟེན་འབྲེལ་ཞུ་བའི་སྐབས་སུ་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་དཔྱད་འདེམས་དང་སྤྲོད་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛུགས་སྐྲུན་དང་འཕེལ་རྒྱས་ཆེད་གཟེངས་སུ་ཐོན་པའི་ལེགས་སྐྱེས་ཕུལ་བའི་བྱས་རྗེས་དཔེ་བཟང་མི་སྣ་ཁག་ཅིག་ལ་གཟེངས་བསྟོད་བྱ་རྒྱུའི་གཏན་འབེབས་བྱས།
《བརྡ་ཐོའི》ནང་མིང་འདོན་དཔྱད་འདེམས་བྱ་བའི་སྤྱིའི་བླང་བྱ་ཁ་གསལ་བཏོན་ཡོད་པ་དང་། མིང་འདོན་འོས་མིའི་ཁྱབ་ཁོངས་དང་ཆ་རྐྱེན་གསལ་བོ་བཏོན་ཡོད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་བྱས་རྗེས་ཕུལ་བྱུང་བཞག་པའི་མི་སྒེར་མིང་འདོན་བྱས་ཆོག་པ་དང་། ཆ་རྐྱེན་དང་མཐུན་པའི་འདས་པོའི་མི་སྣར་རྗེས་སྤྲོད་བྱས་ཆོག 《བརྡ་ཐོའི》ནང་ད་དུང་མིང་འདོན་དཔྱད་འདེམས་གོ་རིམ་དང་བྱ་བའི་བླང་བྱ་གསལ་བོ་བཏོན་ཡོད།
ཤ་བོ་གསེར་མཚོས་བསྒྱུར།