2024ལོའི་ཟླ3པའི་ཚེས5ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་སྟེང་ཕུལ་བའི《སྲིད་གཞུང་བྱ་བའི་སྙན་ཞུ》ཡི་དེབ་རྐྱང་མ་དང་བརྙན་རིས་པར་རིས་པར་གཞི་དེ་མི་དམངས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་དང་། དེབ་དེའི་གློག་རྡུལ་དཔེ་དེབ་དང་སྒྲ་ལྡན་དཔེ་དེབ་སོགས་མཉམ་འདྲེས་སྨྱན་སྦྱོར་པར་སྐྲུན་རྒྱུ་ཆ་ཡང་དྲ་རྒྱའི་ལས་སྟེགས་མང་པོའི་སྟེང་འགྲེམས་སྤེལ་བྱས།
རྒྱ་ཆེའི་ཀློག་པ་པོས《སྲིད་གཞུང་བྱ་བའི་སྙན་ཞུ》ཡི་དགོངས་དོན་ལ་སློབ་སྦྱོང་སྔར་ལས་མཐར་ཕྱིན་དང་གོ་བ་སྔར་ལས་ཟབ་མོ་ལེན་རྒྱུར་སྟབས་བདེ་བཟོ་ཆེད། མི་དམངས་དཔེ་སྐྲུན་ཁང་དང་ཀྲུང་གོ་ཡན་ཧྲི་དཔེ་སྐྲུན་ཁང་གིས་མཉམ་དུ་དཔེ་སྐྲུན་བྱས་པའི《རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་སྲིད་གཞུང་བྱ་བའི་སྙན་ཞུའི་ཟུར་ཁྲིད་ཀློག་དེབ》ཅེས་པ་ཡང་མཉམ་དུ་དཔེ་སྐྲུན་འགྲེམས་སྤེལ་བྱས།
བན་དེ་སྐྱབས་ཀྱིས་བསྒྱུར།