ཞིང་ཆེན་སྲིད་གྲོས་ཀྱིས་ཏང་ཙུའུ་གྲོས་ཚོགས་དང་ཀྲུའུ་ཞིའི་གྲོས་ཚོགས་བསྡུས།
2024.03.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 15

ཟླ3པའི་ཚེས15ཉིན་གྱི་སྔ་དྲོར།   ཞིང་ཆེན་སྲིད་གྲོས་ཀྱིས་ཏང་ཙུའུ་གྲོས་ཚོགས་དང་ཀྲུའུ་ཞིའི་གྲོས་ཚོགས་བསྡུས་ཏེ།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་ལམ་གྱི་གྲོས་ཚོགས་གལ་ཆེན་དང་གསུང་བཤད་གལ་ཆེན།  རྩོམ་ཡིག་གལ་ཆེན།   མཆན་བཀོད་མཛུབ་སྟོན་གལ་ཆེན་བཅས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་།    2024ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་དང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱས་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ལ།    ལག་བསྟར་དོན་འཁྱོལ་བསམ་འཆར་ལ་ཞིབ་འཇུག་བྱས།    ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི།   ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་གྲོས་ཚོགས་ལ་འགོ་འཛིན་བྱས་པར་མ་ཟད་གཏམ་བཤད།

གྲོས་ཚོགས་སྟེང་།  ཐེངས་འདིའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་དམིགས་འབེན་ལས་འགན་མངོན་འགྱུར་བྱེད་པའི་གནད་འགག་གི་ལོར་བསྡུས་པའི་གྲོས་ཚོགས་ཧ་ཅང་གལ་ཆེན་ཞིག་ཡིན།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཚོགས་ཆེན་གཉིས་སྐབས་སུ་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་དང་ཁྱབ་ཁོངས་གསར་པའི་འཐབ་ཇུས་ནུས་པ་མཐོར་འདེགས།   བཅོས་སྒྱུར་གཏིང་ཟབ་སོགས་ལ་དམིགས་ཏེ་གསུང་བཤད་གལ་ཆེན་རབ་དང་རིམ་པ་གནང་བ་དེ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་གྲུབ་འབྲས་ཆེས་གསར་པ་ཡིན་ལ།     ཐེངས་འདིའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་གྲུབ་འབྲས་གལ་ཆེན་ཡིན་པར་མ་ཟད།   དེར་ཆབ་སྲིད་རང་བཞིན་དང་བསམ་བློའི་རང་བཞིན།   གཞུང་ལུགས་རང་བཞིན།    འཐབ་ཇུས་རང་བཞིན།   མཛུབ་སྟོན་རང་བཞིན་བཅས་དྲག་པོ་ལྡན་པ་དང་།    ང་ཚོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སྐྱོད་ལམ་གསར་པའི་སྟེང་འབད་པས་བསྐྱོད་པར་ཁ་ཕྱོགས་གསལ་སྟོན་དང་གཞི་རྩའི་བསྲུང་བྱ་འདོན་སྤྲོད་བྱས་ཞེས་བསྟན།

གྲོས་ཚོགས་སྟེང་།   ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱ་ལྟར།    གྲོས་ཚོགས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སྲིད་གྲོས་ཀྱི་ཁོངས་ཞུགས་སྡེ་ཁག་སོ་སོ་དང་རྒྱ་ཆེའི་ཨུ་ཡོན་རྣམས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཚོགས་ཆེན་གཉིས་སྐབས་སུ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལ་སློབ་སྦྱོང་ནན་མོ་དང་རྒྱུས་ལོན་ཟབ་བྱས་ནས་བློ་བརྟན་འགྱུར་མེད་ངང་གཏན་ཕབ་གཉིས་ལ་སྲུང་སྐྱོབ་དང་བློ་ཐག་རྦད་ཆོད་སྒོས་སྲུང་སྐྱོང་གཉིས་བཟང་བོར་སྒྲུབ་པ།    རང་རྟོགས་ངང་བསམ་བློ་དང་ཆབ་སྲིད།  འགུལ་སྐྱོད་བཅས་ཀྱི་སྟེང་ཏང་ཀྲུང་དབྱང་དང་གཅིག་གྱུར་ཚད་མཐོན་པོ་བྱེད་པར་ཁྲིད་སྟོན་བྱེད་དགོས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ཁྲོད་ཀྱི་དུས་རབས་ཀྱི་ནང་སྙིང་དང་བརྗོད་དོན་གཙོ་བོ།   ངོ་བོའི་བླང་བྱ་བཅས་ལ་རྒྱུས་ལོན་ཡང་དག་བྱེད་པ་དང་།  རྒྱུན་འཁྱོངས་ལྷོད་མེད་ངང་ཏང་གི་གསར་གཏོད་རིག་གཞུང་ལ་བརྟེན་ནས་མི་དམངས་སྲིད་གྲོས་ཀྱི་ལས་དོན་འཕེལ་རྒྱས་ཀྱི་ལག་ལེན་ལ་མཛུབ་སྟོན་བྱས་ནས་སློབ་སྦྱོང་ལག་བསྟར་གྱི་གྲུབ་འབྲས་དེ་སྲིད་གྲོས་ཀྱིས་རང་འགན་གཙང་སྒྲུབ་བྱེད་པའི་ཞིབ་ཕྲའི་འགུལ་སྐྱོད་དུ་འགྱུར་བར་བྱེད་དགོས།   རང་འགུལ་གྱིས་དུས་རབས་གསར་པའི་ལས་འགན་གསར་པ་དང་བླང་བྱ་གསར་པ་དང་མཐུན་པར་བྱེད་པ་དང་།   ཞིང་ཆེན་ཡོངས་ཀྱི་བྱ་བའི་སྤྱི་ཡོངས་ཁྲོད་འགན་ནུས་ངེས་གནས་འཚོལ་བ་དང་ཁྱད་ལྡན་དགེ་མཚན་འདོན་སྤེལ་བྱེད་པ།   བློ་འདོན་ཇུས་འབུལ་བྱེད་པའི་ཐད་སྔར་ལས་སྤུས་ཚད་མཐོ་བ་དང་སྔར་ལས་རིན་ཐང་ལྡན་པའི་བྱེད་ཐབས་བཟང་བོ་དང་གྲོས་གཞི་བཟང་བོ་འདོན་པ།   སེམས་ཤུགས་གཅིག་བསྡུ་བྱེད་པའི་ཐད་སྟོབས་ཤུགས་སྔར་ལས་གཅིག་སྡུད་དང་སྟོབས་ཤུགས་ཕྱོགས་གཅིག་ཏུ་འདོན་པའི་སྣང་ཚུལ་བཟང་བོ་གྲུབ་པར་བྱས་ནས།   གྲུབ་འབྲས་བཟང་བོས་ཀྲུང་གོ་གསར་བ་དབུས་བརྙེས་ནས་ལོ་ངོ75འཁོར་བ་དང་མི་དམངས་སྲིད་གྲོས་བཙུགས་ནས་ལོ་ངོ75འཁོར་བར་བསུ་མ་བྱེད་དགོས་ཞེས་ནན་གྱིས་བསྟན།

ཞིང་ཆེན་སྲིད་གྲོས་འགོ་ཁྲིད་ཚན་ཁག་གི་ཁོངས་མི་པད་ཁོ་དང་རིན་ཆེན་རྣམ་རྒྱལ།   ཝང་ཀྲིན་ཁྲང་།   ཀྲང་ཞའོ་རུང་།   མཱ་ཧྥིན་ཧྲིན།    ལིས་ཞའོ་ནན།   ཐེན་ཁུའེ།   ལིའུ་ཏ་ཡེ།   གསེར་ཁྲི་ཆོས་ཀྱི་བློ་གྲོས་རྒྱ་མཚོ།  མཱ་ཡུའེ་ཞང་།   ཕིན་ཡུའི་ཏུང་།   ཞེ་པའོ་ཨུན་བཅས་གྲོས་ཚོགས་ལ་ཞུགས།

ལྷ་མོ་ཚེ་རིང་གིས་བསྒྱུར།   


ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།