མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཤེས་ལྡན་མི་སྣའི་བྱ་བའི་འགོ་ཁྲིད་ཚན་ཆུང་གིས་ཚང་འཛོམས་གྲོས་ཚོགས་བསྡུས།
2024.03.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 31

ཟླ་གསུམ་པའི་ཚེས་བཅོ་ལྔ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཤེས་ལྡན་མི་སྣའི་བྱ་བའི་འགོ་ཁྲིད་ཚན་ཆུང་གིས་ཚང་འཛོམས་གྲོས་ཚོགས་བསྡུས་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཤེས་ལྡན་མི་སྣའི་བྱ་བའི་སྐོར་གྱི་དགོངས་དོན་གལ་ཆེན་ལག་བསྟར་ཟབ་མོ་བྱེད་པ་དང་། ས་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་སུ་གཏོང་བའི་བླང་བྱ་གལ་ཆེན་ལ་དམིགས་པ། མཚོ་སྔོན་མཐོ་སྒང་གི་ཐོན་ཁུངས་ནུས་ཁུངས་ལ་རྐང་འཛུགས་པ། མཚོ་སྔོན་གྱི་ཁྱད་ལྡན་དགེ་མཚན་ཐོན་ལས་གཙོར་བཟུང་ནས་ཤེས་ལྡན་མི་སྣ་ནང་འདྲེན་དང་བཀོལ་སྤྱོད་བྱེད་པ། ཤེས་ལྡན་མི་སྣའི་གསོག་ཚད་ཇེ་མང་དུ་གཏོང་བ་དང་ཤེས་ལྡན་མི་སྣ་འཕར་ཚད་རྒྱ་སྐྱེད་པ། ཤེས་ལྡན་མི་སྣའི་སྤྱིའི་གྲངས་ཇེ་མང་དུ་གཏོང་བ། ཤེས་ལྡན་མི་སྣའི་སྤུས་ཚད་མཐོར་འདེགས་གཏོང་བ་བཅས་བྱས་ནས། ཤེས་ལྡན་མི་སྣས་མཚོ་སྔོན་ལ་རྒྱུས་ལོན་བྱེད་པ་དང་མཚོ་སྔོན་ལ་དགའ་ཞེན་བཅངས་པ། མཚོ་སྔོན་དར་སྤེལ་གཏོང་བའི་ཁྲོད་རང་སྟེང་གི་རིན་ཐང་མངོན་འགྱུར་བྱེད་དུ་འཇུག་དགོས།

གྲོས་ཚོགས་དུས་རིམ་གཉིས་ལ་བགོས་ནས་བསྡུས་པ་དང་། དུས་རིམ་དང་པོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་ཤེས་ལྡན་མི་སྣའི་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཁྲིན་ཀང་གིས་གཏམ་བཤད། ཧྲིན་ཀྲང་། འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་དང་པོ་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས། འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ལིའུ་ཆི་ཧྥན་དང་ཀྲའོ་ཡུའེ་ཞ། ཝང་ཏ་ནན། ཀྲུའུ་ཞང་ཧྥིན། དབྱང་ཀྲི་ཝུན། ལིའུ་ཁྲའོ་བཅས་གྲོས་ཚོགས་ལ་ཞུགས།

ཁྲིན་ཀང་གིས་འདས་པའི་ལོ་གཅིག་ནང་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཤེས་ལྡན་མི་སྣའི་བྱ་བའི་ཁྲོད་འཚོལ་ཞིབ་ཟབ་མོ་དང་ནུས་ལྡན་ལག་ལེན་བྱས་པར་ཁས་ལེན་གང་ལེགས་བྱས། ཁྲིན་ཀང་གིས་ནན་གྱིས་བསྟན་དོན། ཤེས་ལྡན་མི་སྣའི་བྱ་བ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ་དང་། ལས་བྱེད་པས་བསྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་མོ་བྱེད་དགོས་པའི་བྱ་སྤྱོད་དངོས་ལ་བརྟེན་ནས། རང་ཞིང་གི་ཤེས་ལྡན་མི་སྣའི་བྱ་བར་ཞིབ་འཇུག་དང་ཇུས་འགོད་བྱེད་པ། དག་གཙང་ནུས་ཁུངས་ཐོན་ལས་ཀྱི་དགེ་མཚན་ལྗང་མདོག་རྩིས་ཤུགས་འཕེལ་རྒྱས་ཀྱི་དགེ་མཚན་དུ་བསྒྱུར་ནས། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་སུ་གཏོང་ཆེད་ཤེས་ལྡན་མི་སྣའི་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས། གཉེན་སྡེབ་ཚད་མཐོ་བའི་ཤེས་ལྡན་མི་སྣའི་མཁོ་འདོན་ལེགས་བསྒྱུར་བྱེད་པ་དང་། མི་དང་ལས་རྐང་ཕན་ཚུན་འཚམ་པ་དང་། མི་དང་དོན་བྱ་ཕན་ཚུན་མཐུན་པར་བྱེད་པ། ཚད་ཆེས་ཆེ་བའི་སྒོ་ནས་ཤེས་ལྡན་མི་སྣའི་ཕན་ནུས་ཕྱིར་འདོན་བྱེད་པ། ཤེས་ལྡན་མི་སྣ་ནང་འདྲེན་བྱེད་པ་མ་ཟད། སེམས་བདེ་མོ་དང་སྤོབས་པ་ཆེན་པོས་ཤེས་ལྡན་མི་སྣ་བཀོལ་སྤྱོད་བྱས་ཏེ། ཤེས་ལྡན་མི་སྣ་འཕེལ་རྒྱས་སུ་གཏོང་བ་དང་བསྡུ་རུབ་བྱེད་པའི་སྣང་ཚུལ་བཟང་བོ་བསྐྲུན་དགོས། སྲིད་ཇུས་བྱེད་ཐབས་བཟང་པོ་ཕྱིར་འདོན་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་པ་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པ། ལྗང་མདོག་རྩིས་ནུས་འཕེལ་རྒྱས་སུ་གཏོང་བར་དམིགས་ནས། ཤེས་ལྡན་མི་སྣ་ནང་འདྲེན་དང་སྐྱེད་སྲིང་། བཀོལ་སྤྱོད། སྐུལ་སློང་། སྲུང་སྐྱོབ། གདེང་འཇོག་བྱེད་པ་དང་ཞབས་འདེགས་ཞུ་བའི་ཆ་སྡེབ་བྱེད་ཐབས་ཞིབ་འཇུག་དང་གཏན་འབེབས་བྱེད་པ། སྤུས་ཚད་མཐོ་བའི་ཤེས་ལྡན་མི་སྣའི་སྲིད་ཇུས་བཟང་བོ་སྤྱད་དེ། ཤེས་ལྡན་མི་སྣ་སྔར་ལས་མང་པོ་ནང་འདྲེན་བྱེད་དགོས། འགུག་ཤུགས་མཐོ་བའི་ཤེས་ལྡན་མི་སྣའི་སྐྱེ་ཁམས་འཛུགས་པ་དང་། ལས་དོན་ལ་བརྟེན་ནས་མི་བསྡུ་རུབ་བྱེད་པ་དང་འདྲ་མཉམ་ལ་བརྟེན་ནས་མི་འདེམ་པ། རྐྱེན་སྲོལ་བརྟེན་ནས་མི་བཀོལ་བ། ཞབས་འདེགས་ལ་བརྟེན་ནས་མི་ནང་འགུག་བྱེད་པ། རང་འགུལ་གྱིས་ཚན་རིག་ཞིབ་འཇུག་གི་སྟེགས་བུ་སྐོར་ཞིག་འཛུགས་པ། རྨང་གཞི་རང་བཞིན་དང་འགྱུར་ལྡོག་རང་བཞིན་གྱི་ཚན་རིག་ཞིབ་འཇུག་འཆར་འགོད་སྐོར་ཞིག་སྤེལ་བར་བཀོད་སྒྲིག་བྱེད་པ། རྒྱལ་ཁབ་ཕྱི་ནང་གི་ཕུལ་དུ་བྱུང་བའི་ཤེས་ལྡན་མི་སྣ་སྔར་ལས་མང་པོ་མཚོ་སྔོན་དུ་ཡོང་ནས་གསར་གཏོད་ལས་སྐྲུན་བྱེད་པར་སྐུལ་སློང་བྱེད་པ། ཤེས་ལྡན་མི་སྣའི་འཕེལ་རྒྱས་སྟེགས་བུ་དང་ཞབས་ཞུའི་ཁོར་ཡུག་ལེགས་བསྒྱུར་བྱས་ནས། ཤེས་ལྡན་མི་སྣའི་རིན་ཐང་ལྟ་བ་དང་ཁོངས་གཏོགས་ལྟ་བ་ཇེ་དྲག་ཏུ་གཏོང་དགོས། ཐོབ་ཚོར་མཐོ་བའི་རྩ་འཛུགས་འགན་སྲུང་ཇེ་དྲག་ཏུ་གཏོང་བ་དང་། ཏང་གིས་ཤེས་ལྡན་མི་སྣ་ལ་དོ་དམ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱེད་པ། འགོ་ཁྲིད་ལས་བྱེད་པས་ཆེད་མཁས་པ་དང་ཤེས་ལྡན་མི་སྣར་འབྲེལ་འདྲིས་དང་ཞབས་འདེགས་ཞུ་བའི་ལམ་ལུགས་ལག་བསྟར་ནན་མོ་བྱེད་པ། རིགས་མི་འདྲ་བའི་ཁེ་ལས་སྣ་ཚོགས་ཤེས་ལྡན་མི་སྣ་སྡུད་རུབ་བྱེད་པའི་གཡུལ་ས་གཙོ་བོར་འགྱུར་བར་བྱེད་པ། མི་དམངས་ཚོགས་པ་སོ་སོ་དང་ཚོང་རའི་བར་སྨྱན་རྩ་འཛུགས། སྤྱི་ཚོགས་རྩ་འཛུགས་སོ་སོའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། དངོས་གཉེར་བྱེད་ཐབས་དང་བྱ་སྤྱོད་དངོས་ལ་བརྟེན་ནས་མཚོ་སྔོན་མི་ཚང་མས་རེ་སྙེག་བྱེད་སའི་དྲོད་ལྡན་ས་ཆ་དང་འགུག་ཤུགས་ལྡན་པའི་ས་ཆ། ཕུགས་འདུན་ས་ཆ་རུ་གསར་སྐྲུན་བྱེད་དགོས།

ཝུའུ་ཞའོ་ཅུན་གྱིས་བསྟན་དོན། སྐོར་ཐེངས་གསར་བའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་བཅོས་བསྒྱུར་གྱིས་མཚོ་སྔོན་ལ་གོ་སྐབས་མང་པོ་བསྐྲུན་པ་དང་། གོ་སྐབས་དམ་འཛིན་དང་བབ་བསྟུན་མདུན་སྐྱོད་བྱེད་པའི་རྩ་བ་ཤེས་ལྡན་མི་སྣར་ཐུག་པས། བྱ་བའི་ཁ་གཏད་རང་བཞིན་ཇེ་དྲག་ཏུ་གཏོང་བ་དང་། གནད་དོན་གྱི་ཁྲིད་ཕྱོགས་དང་དམིགས་འབེན་གྱི་ཁྲིད་ཕྱོགས་གཅིག་གྱུར་བྱེད་པ་རྒྱུན་འཁྱོངས་བྱེད་པ། ལས་འགན་གཙོ་བོ་གསལ་ཁྲ་ཅན་དང་ལས་གཞི་ཅན། འགན་འཁྲི་ཅན་དུ་བསྒྱུར་བ། མཐུན་སྦྱོར་མཉམ་འབྲེལ་གྱིས་བཀོད་གཏོང་དམ་འཛིན་བྱེད་པ་དང་། དཀའ་གནད་ཐག་བཅད་དེ་སྤུས་ཚད་དམ་འཛིན་བྱེད་པ། རྗེས་འདེད་ཕན་བརྩོན་བྱས་ནས་ལག་བསྟར་དམ་འཛིན་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ཤེས་ལྡན་མི་སྣའི་མཐོ་ས་གསར་སྐྲུན་བྱེད་དགོས། བྱ་བའི་ཕན་འབྲས་རང་བཞིན་ཇེ་དྲག་ཏུ་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་རྒྱལ་ཁབ་སྤྱི་གླིང་། ཚྭ་མཚོའི་ཐོན་ལས། ནུས་ཁུངས་གསར་བ་དང་རྒྱུ་ཆས་གསར་བ། སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་སོགས་ཁྱབ་ཁོངས་གཙིགས་སུ་འཛིན་པ། ཁ་གཏད་རོགས་སྐྱོར་དང་ཤར་ནུབ་རྒྱུད་མཉམ་ལས་ཀྱི་ཤེས་ལྡན་མི་སྣའི་བྱ་བ་གཏིང་ཟབ་ཏུ་སྤེལ་བ། ཤེས་ལྡན་མི་སྣ་དང་ལས་གཞི། ཐོན་ལས་གཞི་གཅིག་ཅན་གྱི་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པའི་མ་ལག་བཙུགས་ནས། རང་ཞིང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ཤེས་ལྡན་མི་སྣའི་སྒུལ་ཤུགས་ཆེན་པོ་སྣོན་དགོས། བྱ་བའི་མ་ལག་རང་བཞིན་ཇེ་དྲག་ཏུ་གཏོང་བ་དང་། འགོ་ཁྲིད་དང་པོས་ཐོན་ཁུངས་དང་པོ་དམ་འཛིན་བྱེད་པའི་འགན་འཁྲི་ལག་བསྟར་བྱེད་པ། ཤེས་ལྡན་མི་སྣ་སྐྱེད་སྲིང་དང་ཤེས་ལྡན་མི་སྣ་ནང་འདྲེན། ཤེས་ལྡན་མི་སྣ་བཀོལ་སྤྱོད། ཤེས་ལྡན་མི་སྣ་ནང་འགུག་བྱེད་པའི་ཕྲེང་འབྲེལ་ཡོངས་ལ་དམིགས་ནས་གཅིག་བསྡུས་ཤུགས་འདོན་བྱེད་པ། ཤེས་ལྡན་མི་སྣ་དང་ཚན་རྩལ། སློབ་གསོ་སོགས་ཁྱབ་ཁོངས་ཀྱི་སྲིད་ཇུས་མཉམ་འབྲེལ་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། རྒྱ་ཆེའི་ཤེས་ལྡན་མི་སྣས་མཚོ་སྔོན་ལ་རྐང་འཛུགས་པ་དང་མཚོ་སྔོན་དུ་འདྲེས་པར་བྱེད་པ། མཚོ་སྔོན་ལ་བྱས་རྗེས་འཇོག་ཆེད་སྔར་ལས་དྲོད་ཁོལ་ལྡན་པ་དང་སྔར་ལས་གཏིང་ཚད་ཡོད་པ། སྔར་ལས་ཤུགས་ལྡན་པའི་ཞབས་ཞུའི་འགན་སྲུང་འདོན་སྤྲོད་བྱེད་དགོས།

གྲོས་ཚོགས་ཀྱི་དུས་རིམ་གཉིས་པར་ཏང་ཨུའི་ཧྲུའུ་ཅིས་ཤེས་ལྡན་མི་སྣའི་བྱ་བ་དམ་འཛིན་བྱེད་པའི་ཡར་ཞུ་དཔྱད་གླེང་སྤེལ་བ་དང་། མཚོ་སྔོན་ཞིང་ཆེན་གྱི་སྐོར་ཐེངས་གསུམ་པའི་ཤེས་ལྡན་མི་སྣ་བྱ་བའི་པོ་ལི་བྱ་དགའ་ཐོབ་པའི་སྡེ་ཁག་ལ་གཟེངས་བསྟོད་བྱས། ཀྲའོ་ཡུའེ་ཞ་ཡིས་བསྟན་དོན། དགོས་མཁོའི་ཁྲིད་ཕྱོགས་འབུར་དུ་ཐོན་པར་བྱེད་པ་དང་། ལྗང་མདོག་རྩིས་ནུས་དང་དག་གཙང་ནུས་ཁུངས། ཚྭ་མཚོའི་ཐོན་ཁུངས་གསར་སྤེལ་སོགས་ཐོན་ལས་གཙིགས་སུ་འཛིན་པ། ཤེས་ལྡན་མི་སྣའི་མཁོ་འདོན་ཆ་སྡེབ་ཚད་མཐོར་འདེགས་བཏང་ནས། མཚོ་སྔོན་གྱིས་ས་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་སུ་གཏོང་ཆེད་ཤུགས་བསྡུ་ནུས་འདོན་བྱེད་དགོས། ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་བྱེད་པ་དང་། གོང་རིམ་ཇུས་འགོད་ལ་ཤུགས་སྣོན་པ། བཅོས་བསྒྱུར་གསར་གཏོད་ལ་དོ་སྣང་བྱས་ནས། མཚོ་སྔོན་གྱི་ཤེས་ལྡན་མི་སྣའི་འགྲན་རྩོད་དགེ་མཚན་མྱུར་དུ་གྲུབ་པར་བྱེད་དགོས། ཁྱད་ལྡན་ཚོང་རྟགས་གསར་སྐྲུན་བྱེད་པ་དང་། ཐོན་ཁུངས་སྟེགས་བུ་བཀོལ་སྤྱོད་བཟང་བོ་བྱེད་པ། སྐྱེད་སྲིང་མ་དཔེ་གསར་གཏོད་བྱས་ཏེ། སྐྱེ་ཁམས་ཆེས་ལེགས་པོས་ཐོན་ཁུངས་ཆེས་ཆེ་བ་བསྡུ་རུབ་བྱེད་དགོས། བྱ་བའི་མཉམ་ཤུགས་གཅིག་བསྡུ་བྱེད་པ་དང་། འགན་འཁྲི་ཕྲག་ཏུ་ལེན་པ་དང་གཅིག་འདོམས་ལ་ཤུགས་སྣོན་པ། གཟིགས་སྐྱོང་སྐུལ་སློང་བཏང་ནས། ཤེས་ལྡན་མི་སྣའི་བྱ་བའི་སྤུས་ཚད་མཐོར་འདེགས་གཏོང་དགོས།

ཚོགས་ཐོག་ནས་མཚོ་སྔོན་ཞིང་ཆེན་གྱིས་དཀྱིལ་སྙིང་གཅིག་དང་ཁུལ་གཉིས་ཀྱི་ཤེས་ལྡན་མི་སྣའི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པའི་བྱ་བའི་སྤྱི་ཁོག་གི་ཇུས་གཞི་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཤེས་ལྡན་མི་སྣའི་བྱ་བའི་འགོ་ཁྲིད་ཚན་ཆུང་གི2024ལོའི་བྱ་བའི་གཙོ་གནད་ལ་ཞིབ་འཇུག་དང་གྲོས་ཞིབ་བྱས། ཞིང་ཆེན་ཏང་ཨུའི་ཤེས་ལྡན་མི་སྣའི་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཁོངས་མི་དང་། གྲོང་ཁྱེར་དང་ཁུལ་སོ་སོ་འགན་ཁུར་བློ་མཐུན་གཙོ་བོ་དང་འབྲེལ་ཡོད་འགན་ཁུར་བློ་མཐུན་གྲོས་ཚོགས་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།