ཟླ་གསུམ་པའི་ཚེས་བཅོ་ལྔ་ཉིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རིན་གྲོས་ཚོགས་ཐེངས་ཉེར་གཉིས་པ་བསྡུས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཝང་ལིས་མེན་གྱིས་མགོ་འཛིན་བྱས། དབྱང་ཧྥིན་ཁྲུན་དང་ཉི་མ་སྒྲོལ་མ། ལིའུ་ཐུང་ཏི། ཀྲང་ཧོང་ཡོན། ལོའུ་ཀང་། ཝང་ཅིན་ཀྲའེ། ཁྲིན་ཏུང་ཁྲང་བཅས་གྲོས་ཚོགས་ལ་ཞུགས།
ཚོགས་ཐོག་ནས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་ཉན་པ་དང་། མཚོ་སྔོན་ཞིང་ཆེན་བདེ་འཇགས་ཐོན་སྐྱེད་སྲོལ་ཡིག་འཆར་ཟིན་དང་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པའི་སྲོལ་ཡིག་འཆར་ཟིན་བཟོ་བཅོས་གནས་ཚུལ་སྐོར་གྱི་སྙན་ཞུ། མཚོ་སྔོན་ཞིང་ཆེན་ཆུ་བེད་བཟོ་སྐྲུན་དོ་དམ་སྲོལ་ཡིག་འཆར་ཟིན་གྱི་གྲོས་ཞིབ་གནས་ཚུལ་སྐོར་གྱི་སྙན་ཞུ། ཟི་ལིང་གྲོང་ཁྱེར་མི་དམངས་འཐུས་མིའི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་བརྒྱུད་རིམ་སྐོར་གྱི་གཏན་ཁེལ། མཚོ་ཤར་གྲོང་ཁྱེར་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མཚོ་ཤར་གྲོང་ཁྱེར་མི་དམངས་འཐུས་མིའི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་སྲོལ་ཡིག་བཟོ་བཅོས་བྱེད་པའི་སྐོར་གྱི་གཏན་ཁེལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་སྲོལ་ཡིག་དང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་སྲོལ་ཡིག མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་སྲོལ་ཡིག་སྐོར་ཞིག་བཀོལ་མཚམས་འཇོག་པ་དང་བཟོ་བཅོས་བྱེད་པའི་གཏམ་ཁེལ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་ལྔ་པའི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་རི་སྐྱེས་རི་དྭགས་ཐོན་ཁུངས་སྲུང་སྐྱོབ་ཀྱི་དོ་དམ་སྲོལ་ཡིག་བཀོལ་མཚམས་འཇོག་པའི་གཏན་ཁེལ་སྐོར་གྱི་ཞིབ་བཤེར་སྙན་ཞུ། 2023ལོའི་ཞུ་ཚགས་ཞིབ་བཤེར་བྱ་བའི་གནས་ཚུལ་གྱི་སྙན་ཞུའི་སྐོར་གྱི་ཡར་ཞུ་དང་། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མི་དོན་འཐུས་མིའི་འདེམས་བསྐོ་བྱ་བའི་ཨུ་ཡོན་ལྷན་ཁང་གི་མིང་བརྗེ་བའི་སྐོར་གྱི་གཏན་ཁེལ་འཆར་ཟིན་གྱི་སྙན་ཞུ། མི་དོན་བསྐོ་འཐེན་གྲོས་གཞིའི་གནས་ཚུལ་སྐོར་གྱི་སྮན་ཞུ་བཅས་ལ་ཉན། ཀྲུའུ་རིན་གྲོས་ཚོགས་ཀྱིས་གོང་གི་གྲོས་གཞི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྟེང་གྲོས་ཞིབ་བྱེད་པར་སྤྲོད་རྒྱུར་འཐད་པ་བྱུང་།
ཚོགས་ཐོག་ནས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བདུན་པའི་ཉིན་རིམ་འཆར་ཟིན་སྐོར་གྱི་སྙན་ཞུ་ལ་ཉན་པ་དང་། ཀྲུའུ་རིན་གྲོས་ཚོགས་ཀྱིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྟེང་གྲོས་འཆམ་འགོད་རྒྱུར་འཐད་པ་བྱུང་།
ཚོགས་ཐོག་ནས2024ལོའི་ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིའི་འགན་སྒྲུབ་སློབ་སྦྱོང་འཛིན་གྲྭ་བསྡུ་བའི་སྐོར་གྱི་སྙན་ཞུ་ལ་ཉན། ཀྲུའུ་རིན་གྲོས་ཚོགས་ཀྱིས་རྩ་དོན་སྟེང་སྙན་ཞུ་དེར་འཐད་པ་བྱུང་།
རིན་ཆེན་མཚོས་བསྒྱུར།