ཞིང་ཆེན་དང་གྲོང་ཁྱེར་གྱི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞིའི་གསོ་སྦྱོང་འཛིན་གྲྭ་པེ་ཅིང་དུ་འཚོགས་འགོ་ཚུགས།
2024.03.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

ཟླ3པའི་ཚེས18ཉིན་ཀྲུང་དབྱང་རྩ་འཛུགས་པུའུ་དང་ཀྲུང་དབྱང་ཏང་གི་སློབ་གྲྭ།(རྒྱལ་ཁབ་སྲིད་འཛིན་སློབ་གླིང)རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་མཉམ་དུ་སྒྲུབ་པའི་ཞིང་ཆེན་དང་གྲོང་ཁྱེར་གྱི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞིའི་གསོ་སྦྱོང་འཛིན་གྲྭ་པེ་ཅིང་དུ་འཚོགས་འགོ་ཚུགས། རྒྱལ་སྲིད་ཨུ་ཡོན། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཧྲིན་དབྱི་ཆིན་འགོ་རྩོམ་མཛད་སྒོར་ཞུགས་ནས་གཏམ་བཤད། ཁོ་མོས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བུད་མེད་དང་བྱིས་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱི་བྱ་བའི་ཐད་གནང་བའི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། “གཏན་ཕབ་གཉིས”ལ་མཐའ་གཅིག་ཏུ་གོང་བཀུར་དང“སྲུང་སྐྱོང་གཉིས”བཟང་བོར་སྒྲུབ་ནས་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བུད་མེད་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་དེ་སྐྱོད་ལམ་གསར་པའི་སྟེང་དུ་བུད་མེད་དང་བྱིས་པའི་བྱ་གཞག་ལ་རྣམ་པ་གསར་པ་བསྐྲུན་པ་དང་བྱས་རྗེས་གསར་པ་འཇོག་རྒྱུར་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་བུད་མེད་ཀྱི་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས་ཞེས་ནན་གྱིས་བསྟན།

ཧྲིན་དབྱི་ཆིན་གྱིས་བསྟན་དོན།  བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རང་རྒྱལ་གྱི་བུད་མེད་དང་བྱིས་པའི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་དེར་ཤུགས་སྣོན་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སེམས་གཏིང་དུ་སིམ་པར་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་བུད་མེད་ལ་བྱས་རྗེས་འཇོག་རྒྱུའི་སྒྲིག་འཛུགས་དང་སྐུལ་སློང་བྱེད་པ། ཆུ་ཚད་སྔར་ལས་མཐོ་བའི་ཁྱིམ་ཚང་སློབ་གསོའི་ཁྱིམ་སྲོལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ནན་མོ་བྱེད་པ།བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་རྩ་འཛུགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཀྲུང་གོ་དང་ཀྲུང་གོའི་བུད་མེད་ཀྱི་གཏམ་རྒྱུད་ཡག་པོར་ཤོད་པ་བཅས་བྱེད་དགོས། ཆབ་སྲིད་ཀྱི་ནུས་པ་དང་དོན་འཁྱོལ་གྱི་ནུས་པ། གསར་གཏོད་ཀྱི་ནུས་པ། ཆེད་ལས་ཀྱི་ནུས་པ། ཞབས་ཞུའི་ནུས་པ་བཅས་ཆེ་རུ་བཏང་ནས་སྤྱོད་གཙང་རང་གཅུན་ལ་ཤུགས་སྣོན་བརྒྱབ་སྟེ། ཏང་བློ་བདེ་བ་དང་བུད་མེད་མང་ཚོགས་ཡིད་ཆེས་བྱེད་ཐུབ་པའི་བྱང་ཚད་མཐོ་ལ་ཆེད་ལས་ཅན་གྱི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་བྱེད་པའི་དཔུང་ཁག་ཅིག་འཛུགས་སྐྱོང་བྱེད་དགོས།