ཟླ3པའི་ཚེས18ཉིན། ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་རྒན་པའི་ཅུའུ་ཀྲང་གྲོས་ཚོགས་ཟི་ལིང་དུ་བསྡུས། གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལས་བྱེད་པ་རྒན་པའི་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་པ་དང་། རྒྱལ་ཡོངས་རྩ་འཛུགས་པུའུ་ཀྲང་གི་གྲོས་ཚོགས་དང་ལས་བྱེད་པ་རྒན་པའི་ཅུའུ་ཀྲང་གྲོས་ཚོགས། ཞིང་ཆེན་ཡོངས་ཀྱི་རྩ་འཛུགས་པུའུ་ཀྲང་གྲོས་ཚོགས་ཀྱི་དགོངས་དོན་བཅས་ཕྱོགས་ཡོངས་དངོས་འབེབས་བྱས་ཤིང་། 2023ལོའི་བྱ་བར་སྤྱི་བསྡོམས་དང་ད་ལོའི་ལས་འགན་གཙོ་བོ་བཀོད་སྒྲིག་བྱས།
གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། ད་ལོ་ནི་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་དོན་ལྔ་འཁོར་བའི་ལོ་ཡིན་ལ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པའི་གནད་འགག་གི་ལོ་ཞིག་ཡིན་པས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ལས་བྱེད་པ་རྒན་པའི་བྱ་བའི་སྡེ་ཁག་གིས་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ལས་བྱེད་པ་རྒན་པའི་བྱ་བའི་བཀོད་སྒྲིག་བླང་བྱ་ལག་བསྟར་ནན་མོ་བྱེད་པ་དང་། ཆབ་སྲིད་ཀྱི་སྣེ་འདོམས་གཙོར་བཟུང་སྟེ། ལས་བྲལ་དང་ལས་ཁྱུར་ངལ་གསོ་བྱས་པའི་ལས་བྱེད་པའི་བསམ་བློ་ཆབ་སྲིད་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པར་སྐུལ་འདེད་ཆེན་པོ་གཏོང་བ་དང་། རྒྱ་ཆེའི་ལས་བྱེད་པ་རྒན་པས་གཏན་ཕབ་གཉིས་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་པ་དང་། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་སྒྲུབ་པར་སློབ་གསོ་གཏོང་བ་དང་སྣེ་ཁྲིད་བྱེད་དགོས། རྨང་རྐང་ཇེ་བརྟན་དུ་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། དུས་རབས་གསར་བའི་ལས་བྲལ་དང་ལས་ཁྱུར་ངལ་གསོ་བྱས་པའི་ལས་བྱེད་པའི་ཏང་འཛུགས་བྱ་བར་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར་ལག་བསྟར་དང་དངོས་འབེབས་ནན་མོ་བྱེད་པ་དང་། བཟང་པོ་དྲུག་གི་ཏང་ཀྲི་པུའུ་ཡི་དཔེ་སྟོན་བསྐྲུན་པའི་བྱ་བ་གཏིང་ཟབ་ཏུ་སྤེལ་དགོས་ཤིང་། གནས་ངེས་མེད་ཀྱི་ཏང་ཡོན་དོ་དམ་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། ནུས་ཤུགས་ཡོད་དགུས་ལས་བྲལ་དང་ལས་ཁྱུར་ངལ་གསོ་བྱས་པའི་ལས་བྱེད་པའི་ཏང་རྩ་འཛུགས་འཛུགས་སྐྱོང་བྱ་བ་སྤུས་འདེགས་ནུས་འཕར་ཡོང་བར་སྐུལ་འདེད་གཏོང་དགོས། དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འབུར་ཐོན་ཡོང་བར་བྱས་ཏེ། མཚོ་སྔོན་གསར་བའི་གཟི་འོད། གཙང་ཆུ་སྔོན་མོའི་མཛེས་སྡུག། སེ་འབྲུ་དམར་པོའི་བཀྲག་མདངས་སོགས་ཀྱི་འགུལ་སྐྱོད་སྣ་མང་ཏན་ཏིག་སྒོས་སྤེལ་ནས། ལས་བྱེད་པ་རྒན་པའི་དྲང་ནུས་བསྐྱེད་པའི་བྱ་འགུལ་གྱི་རིམ་པ་འཕར་བར་སྐུལ་འདེད་ཆེན་པོ་གཏོང་དགོས། གནད་ཁེལ་འདུ་ཤེས་ལག་བསྟར་བྱས་ཏེ། ལས་བྲལ་དང་ལས་ཁྱུར་ངལ་གསོ་བྱས་པའི་ལས་བྱེད་པར་གུས་སེམས་མཚོན་པའི་ཞབས་ཞུ་གང་ལེགས་སྒྲུབ་དགོས་ཤིང་། ཐབས་མང་མཉམ་སྤྱོད་ཀྱིས་ཞབས་ཞུའི་ཐབས་ལམ་རྒྱ་སྐྱེད་གཏོང་བ་དང་། ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་ཆེད་མཉམ་ཤུགས་འདོན་དགོས། དངོས་སྒྲུབ་ཀྱི་ཁྲིད་ཕྱོགས་བརྟན་པོར་བཙུགས་ཏེ། བྱ་བའི་ནུས་པ་ཇེ་ཆེར་གཏོང་བ་དང་། དངོས་འབེབས་ཀྱི་འགན་འཁྲི་ཕྲག་ཏུ་ལེན་པ། ལས་བྱེད་པ་རྒན་པའི་བྱ་བའི་སྡེ་ཁག་གི་རང་ངོས་འཛུགས་སྐྱོང་བྱ་བར་ཤུགས་བསྣན་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་བསྐྲུན་པར་དགོས་ངེས་ཀྱི་བྱས་རྗེས་འཇོག་དགོས།
རིག་འཛིན་སྒྲོལ་མས་བསྒྱུར།