ཟླ3པའི་ཚེས19ཉིན། ཞིང་ཆེན་ཡོངས་ཀྱི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་བྱ་བའི་གྲོས་ཚོགས་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཀྲའོ་ཡུའེ་ཞ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཞིང་ཆེན་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་པད་མས་བྱ་བའི་སྙན་ཞུ་ཕུལ། ཞིང་ཆེན་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་མཱ་ཅི་ཞའོ་དང་གོ་རུའུ་ཀྲའོ། ཀྲུའུ་རིན་གཞོན་པ་སུའུ་ཉིང་དང་ཧྭན་ཡུས་ཀོས། མཱ་ཀྲི་ཝེ་བཅས་གྲོས་ཚོགས་ལ་ཞུགས།
ཚོགས་ཐོག་ནས་བསྟན་དོན། འདས་པའི་ལོ་གཅིག་གི་རིང་ལ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་དང་རྒྱ་ཆེའི་བློ་མཐུན་རྒན་པས་མ་འོངས་པར་སེམས་ཁུར་བྱས་པ་དང་རང་འགུལ་གྱིས་འབད་འཐབ་བྱས་ནས། རང་ཞིང་གི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ལས་དོན་ཆུ་ཚད་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་། ད་ལོ་ནི་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་དོན་ལྔ་འཁོར་བའི་ལོ་ཡིན་ལ། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་པའི་གནད་འགག་གི་ལོ་ཡང་ཡིན་པས། མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བ་བཟང་བོར་སྒྲུབ་ན་རྒྱུན་མཐུད་ངང་ཆབ་སྲིད་སྣེ་ཁྲིད་ཀྱི་སྟེང་ནས་གྲུབ་འབྲས་གསར་བ་མངོན་པར་བྱེད་པ་དང་། རྒྱུན་འཁྱོངས་ལྷོད་མེད་སྒོས་ཞི་ཅིན་ཞིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་ཤུགས་བསྡུ་མི་སྐྱོང་བྱེད་དགོས། སྤྱོད་བཟང་གིས་མི་སྐྱོང་བའི་སྟེང་རྒྱུན་མཐུད་ངང་གྲུབ་འབྲས་གསར་བ་མངོན་པར་བྱས་ནས། ན་གཞོན་ལོ་ཆུང་གིས་མི་ཚེའི་སྒྲོག་གུ་དང་པོ་བཟང་བོར་རྒྱག་པར་རོགས་བྱེད་དགོས། གཟིགས་སྐྱོང་རོགས་སྐྱོར་ཁྲོད་རྒྱུན་མཐུད་ངང་གྲུབ་འབྲས་གསར་བ་མངོན་པར་བྱེད་པ་དང་། ན་གཞོན་ལོ་ཆུང་བདེ་ཐང་ངང་ནར་སོན་པར་སེམས་ཁུར་བྱེད་མཁན་དུ་འགྱུར་བར་བྱེད་དགོས། རང་སྟེང་འཛུགས་སྐྲུན་ཐད་ནས་གྲུབ་འབྲས་གསར་བ་མངོན་པར་བྱས་ཏེ། མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་ཡོངས་ཁེབས་དང་བྱ་བ་ཡོངས་ཁེབས་བྱེད་པའི་ཕན་འབྲས་རང་བཞིན་ཇེ་དྲག་ཏུ་གཏོང་དགོས།
ཚོགས་ཐོག་ནས་ད་ལོའི་ལས་འགན་གཙོ་བོ་བཀོད་སྒྲིག་བྱས་ནས་ནན་གྱིས་བསྟན་དོན། གཞུང་ལུགས་སློབ་སྦྱོང་རྒྱུན་འཁྱོངས་བྱེད་པ་དང་། སྣེ་ཁྲིད་ལ་ཤུགས་སྣོན་པ། ཚན་རིག་གི་གཞུང་ལུགས་ལ་བརྟེན་ནས་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་བྱ་བར་སྣེ་ཁྲིད་བྱེད་དགོས། སྤྱོད་བཟང་མི་སྐྱོང་རྒྱུན་འཁྱོངས་བྱེད་པ་དང་། གཞི་རྩ་ཇེ་བརྟན་དུ་གཏོང་བ་དང་བློ་སྦྱོང་བྱས་ཏེ། ན་གཞོན་ལོ་ཆུང་གིས་དམར་པོའི་གཞི་རྒྱུ་རྒྱུན་འཛིན་བྱེད་པ་དང་དམར་པོའི་ཁྲག་རྒྱུད་རྒྱུན་འཛིན་བྱེད་པར་སྣེ་ཁྲིད་བྱེད་དགོས། དཀྱིལ་སྙིང་ལ་དམིགས་པ་དང་། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་རྒྱུན་འཁྱོངས་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་རོགས་འདེགས་བྱེད་དགོས། གཟིགས་སྐྱོང་རོགས་སྐྱོར་རྒྱུན་འཁྱོངས་བྱེད་པ་དང་། རང་འགུལ་གྱིས་འབད་འཐབ་བྱས་ཏེ། ན་གཞོན་ལོ་ཆུང་འཚར་ལོངས་འབྱུང་བ་དང་ཕན་ཡོད་གོ་ཆོད་ཀྱི་མི་ཞིག་ཏུ་འགྱུར་བར་རོགས་རམ་བྱེད་དགོས། གཞི་རྩ་ཇེ་བརྟན་དུ་གཏོང་བ་དང་། རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་རྨང་གཞི་རྒྱུན་མ་ཆད་པར་ཇེ་བརྟན་དུ་གཏོང་དགོས།
རིན་ཆེན་མཚོས་བསྒྱུར།