ཟླ3ཚེས18ཉིན་ནས་ཚེས20ཉིན་བར།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཧྥུའུ་ཅན་དང་ཅང་ཞི་ལ་བརྟག་ཞིབ་གནང་། ལི་ཆང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམངས་འཚོའི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་རྒྱལ་ཡོངས་ཀྱི་གྲོས་ཚོགས་གཉིས་ཐོག་གཏན་འཁེལ་བྱས་པའི་འབྲེལ་ཡོད་ལས་འགན་དོན་འཁྱོལ་ནན་ཏན་བྱེད་པ་དང་།མི་དམངས་མང་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཚོ་བར་བཅངས་པའི་རེ་བ་གསར་པ་དང་བསྟུན་པ།ནུས་ཤུགས་ཡོད་རྒུས་དམངས་འཚོའི་བྱ་བ་དངོས་དང་དམངས་སེམས་བཟོ་སྐྲུན་ཁག་དམ་འཛིན་ཡག་པོ་བྱེད་པ།སྤྱི་པའི་ཞབས་ཞུའི་ཆུ་ཚད་ཇེ་མཐོར་གཏོང་རྒྱུར་ཤུགས་རྒྱག་པ།མི་དམངས་ཀྱི་རིམ་པ་མང་བའི་སྣ་མང་ཅན་གྱི་དགོས་མཁོ་སྔར་ལས་ལེགས་པའི་སྒོ་ནས་སྐོང་བ།སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་དམངས་འཚོའི་བདེ་སྐྱིད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱེད་དགོས།
ཟླ3ཚེས18ཉིན་ནས་ཚེས20ཉིན་བར།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཧྥུའུ་ཅན་དང་ཅང་ཞི་ལ་བརྟག་ཞིབ་གནང་། འདི་ནི་ཟླ3པའི་ཚེས18ཉིན་ལི་ཆང་ཏ་ཧོང་ཧྲན་སྡེ་ཁུལ་གྱི་རྒན་རབས་ཟ་ཁང་དུ་ཡོང་ནས་གནས་འདིར་བྱ་འགུལ་སྤེལ་བཞིན་པའི་རྒན་པ་ཚོ་དང་མཉམ་དུ་བསམ་ཚུལ་བརྗེ་རེས་བྱེད་པའི་ཚུལ་རེད།
ཧྥུའུ་ཅན་དུ་ལི་ཆང་ཐོག་མར་ཧྥུའུ་ཀྲིག་ཞིས་ཧུའུ་སྤྱི་གླིང་དུ་ཕེབས་ནས་མཚོ་ངོས་ཀྱི་ཆུ་སྤུས་ལ་གཟིགས་ཞིབ་གནང་བ་དང་ཞིས་ཧུའུ་ཡི་ཆུ་རྒྱུད་བཅོས་སྐྱོང་གི་གནས་ཚུལ་ལ་རྟོགས་ཞིབ་གནང་། ཁོང་གིས་བསྟན་དོན། སྣོད་བཅུད་ཀྱི་ཁོར་ཡུག་བཟང་པོ་ནི་ཀུན་ལ་ཕན་པའི་དམངས་འཚོའི་བདེ་སྐྱིད་ཅིག་རེད།ཞིས་ཧུའུ་ཡི་བཅོས་སྐྱོང་གྲུབ་འབྲས་ནི་ལས་སླ་མོར་བྱུང་བ་ཞིག་མིན་པས་གཅེས་སྤྲས་དང་མུ་མཐུད་དུ་འབད་བརྩོན་བྱས་ནས་ཆུ་བོ་སྔར་ལས་དྭངས་གཙང་དང་ཡུལ་ལྗོངས་སྔར་ལས་མཛེས་སྡུག་ལྡན་པ་ཞིག་ཡོང་བར་བྱེད་དགོས་ཞེས་ནན་བཤད་གནང་། ལི་ཆང་ཏ་ཧོང་ཧྲན་སྡེ་ཁུལ་གྱི་རྒན་རབས་ཟ་ཁང་དུ་ཡོང་ནས་གནས་འདིར་བྱ་འགུལ་སྤེལ་བཞིན་པའི་རྒན་པ་དང་ཚབ་གཉེར་བྱིས་པ་དང་མཉམ་དུ་བསམ་ཚུལ་བརྗེ་རེས་བྱས། ཁོང་གིས་རྒན་པ་རྣམས་ཀྱིས་ཚེ་མཇུག་སྐྱིད་པོ་ཞིག་རོལ་བ་དང་བྱིས་པ་རྣམས་བདེ་ཐང་དང་སྤྲོད་སྐྱིད་ངང་འཚར་ལོངས་ཡོང་རྒྱུ་དེ་ཁྱིམ་ཚང་དུང་ཕྱུར་མང་པོར་འབྲེལ་བ་ཡོད་པས།ས་གནས་ཀྱི་དོན་དངོས་ལ་གཞི་ཚུགས་པ་དང་དོ་དམ་གཉེར་སྐྱོང་གསར་གཏོད་བྱས་ཏེ།རྒན་གསོ་དང་བུ་བཅོལ་ཞབས་ཞུ་ལེགས་པོ་མཁོ་འདོན་བྱེད་དགོས་ཞེས་གསུངས། ཧྲན་ལིན་ཧྭ་ཧྥུའུ་སྡོད་ཁུལ་དུ་ལི་ཆང་གིས་ཧྥུའུ་ཅན་ཞིང་ཆེན་དང་ཧྥུའུ་ཀྲིག་གྲོང་ཁྱེར་གྱི་སྡོད་ཁང་འགན་སྲུང་བྱ་བའི་གནས་ཚུལ་སྙན་ཞུར་གསན་པ་མ་ཟད།ཚོགས་སྤྱི་མི་འདྲ་བའི་དགོས་མཁོར་དམིགས་ནས་གླ་གཏོང་ཉོ་སྒྲུབ་མཉམ་སྤྱོད་ཀྱི་སྡོད་ཁང་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་དང་།སྒྲིག་བཀོད་སྒྲིག་ཆས་ལ་ཤུགས་སྣོན་རྒྱག་པ།སྡོད་གནས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས་པའི་བླང་བྱ་བཏོན། ཧྥུའུ་ཅན་གྱི་གསར་གཏོད་ཚོད་ལྟ་ཁང་དུ་ལི་ཆང་གིས་ཚོད་ལྟ་ཁང་གི་ཚན་ཞིབ་འགག་སྒྲོལ་དང་གྲུབ་འབྲས་གཞན་སྒྱུར་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་ནས་ཐོན་སློབ་ཞིབ་གསུམ་མཉམ་འདྲེས་ལ་སྐུལ་འདེད་གཏོང་བའི་འབྲེལ་ཡོད་བྱེད་ཐབས་ལ་ཁས་ལེན་གང་ལེགས་བྱས་པར་མ་ཟད།ཁོ་ཚོས་ལམ་སྲོལ་གསར་གཏོད་ལ་བརྟེན་ནས་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བའི་ཐད་མུ་མཐུད་དུ་འཚོལ་ཞིབ་དང་ལམ་བུ་གསར་པ་བཏོད་རྒྱུའི་རེ་བ་བཏོན། ཧྥུའུ་ཀྲིག་ཀའོ་དབྱི་སྡེ་ཚོགས་ནས་ལི་ཆང་གིས་ཁེ་ལས་ཀྱི་གནས་ཚུལ་ངོ་སྤྲོད་ལ་གསན་ནས་ཁེ་ལས་ཀྱིས་ཀྲུང་གོར་གཞི་ཚུགས་པ་དང་གྲུབ་འབྲས་མགྱོགས་མྱུར་ངང་འཕར་སྣོན་བྱུང་བ་ཐོས་རྗེས་དགའ་སྤྲོ་ཆེན་མོ་སྐྱེས་ལ།འབྲེལ་ཡོད་ཕྱོགས་ཀྱིས་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས་ཕྱི་རྒྱལ་གྱི་དངུལ་གཏོང་ཁེ་ལས་མུ་མཐུད་དུ་ཀྲུང་གོ་ནས་རྐང་ཚུགས་པ་དང་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་རྒྱབ་སྐྱོར་བྱེད་དགོས་པའི་མངགས་བབཅོལ་གནང་།
ཟླ3ཚེས18ཉིན་ནས་ཚེས20ཉིན་བར།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཧྥུའུ་ཅན་དང་ཅང་ཞི་ལ་བརྟག་ཞིབ་གནང་། འདི་ནི་ཟླ3པའི་ཚེས19ཉིན་ཅང་ལི་ཆང་ནན་ཁྲང་གྲོང་ཁྱེར་འཛུགས་སྐྲུན་ཁུལ་གསར་གྱི་ལས་ཞུགས་གླིང་དུ་ཕེབས་ནས་ལས་སྒྲུབ་མི་སྣ་དང་ལས་འཚོལ་མི་སྣར་མཉམ་དུ་བསམ་ཚུལ་བརྗེ་རེས་བྱས་ཏེ་གཙོ་གནད་ཚོགས་སྤྱིའི་ལས་ཞུགས་གནས་ཚུལ་ལ་རྒྱུས་ལོན་གནང་བཞིན་པའི་ཚུལ་རེད།
ཅང་ཞི་རུ་ལི་ཆང་ནན་ཁྲང་གྲོང་ཁྱེར་འཛུགས་སྐྲུན་ཁུལ་གསར་གྱི་ལས་ཞུགས་གླིང་དུ་ཕེབས་ནས་ལས་སྒྲུབ་མི་སྣ་དང་ལས་འཚོལ་མི་སྣར་མཉམ་དུ་བསམ་ཚུལ་བརྗེ་རེས་བྱས་ཏེ་གཙོ་གནད་ཚོགས་སྤྱིའི་ལས་ཞུགས་གནས་ཚུལ་ལ་རྒྱུས་ལོན་གནང་།ལི་ཆང་གིས་གསུང་རྒྱུར། ལས་ཞུགས་ནི་དམངས་འཚོའི་རྩ་བ་ཡིན་པས་གནད་ལ་འཁེལ་བའི་ཞབས་ཞུར་བརྟེན་ནས་ལས་ཞུགས་ཐད་དཀའ་ངལ་ཡོད་པའི་མི་སྣར་ནུས་ཤུགས་ཡོད་རྒུས་རོགས་སྐྱོར་བྱས་ཏེ་ལས་ཀ་རག་ཐབས་བྱེད་དགོས། ཅང་ཞི་དེང་རབས་ལས་རིགས་ལག་རྩལ་སློབ་གླིང་དུ་ལི་ཆང་གིས་ཅང་ཞི་ཞིང་ཆེན་གྱི་ལས་རིགས་སློབ་གསོའི་གནས་ཚུལ་གྱི་སྙན་ཞུར་གསན་པར་མ་ཟད་དགེ་སློབ་རྣམས་དང་མཉམ་དུ་གླེང་མོལ་གནང་། ཁོང་གིས་གསུང་རྒྱུར།ལས་རིགས་སུམ་བརྒྱ་དྲུག་ཅུ་ཡོད་ཅིང་།ལས་རིགས་རེ་ནས་མཁས་པ་རེ་ཐོན་ཐུབ་པས།ལས་རིགས་སློབ་གསོ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ནས་ཐོན་ལས་དང་སློབ་གསོ་མཉམ་འདྲེས་གཏིང་ཟབ་ཏུ་བཏང་སྟེ།བྱང་ཚད་མཐོ་བའི་ལག་རྩལ་དང་རྩལ་ནུས་ཤེས་ལྡན་པ་སྔར་ལས་མང་པོ་སྐྱེད་སྲིང་བྱེད་དགོས། ཅིག་ལུང་ཧུའུ་སྡོད་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་སུ་ལི་ཆང་གིས་ཅང་ཞི་ཞིང་ཆེན་གྱི་གཞི་རིམ་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་གནས་ཚུལ་གྱི་སྙན་ཞུར་གསན་ནས།སྨན་བཅོས་མི་སྣ་དང་སྨན་པ་སྟོན་མཁན་གྱི་མང་ཚོགས་ལ་སྨན་རྫས་བཀོད་སྒྲིག་དང་ཁྱིམ་ཚང་སྨན་པའི་གན་རྒྱ་སོགས་ཀྱི་གནས་ཚུལརྒྱུས་ལོན་ཞིབ་ཕྲ་གནང་བར་མ་ཟད།སྤུས་ལེགས་ཀྱི་སྨན་བཅོས་ཐོན་ཁུངས་གཞི་རིམ་དུ་ཁྱབ་སྤེལ་བྱ་རྒྱུར་མུ་མཐུད་དུ་ཁྲིད་སྟོན་བྱས་ཏེ།མི་དམངས་མང་ཚོགས་ཀྱིས་རང་ཉིས་ཀྱི་སྒོ་འགྲམ་དུ་སྔར་ལས་ལེགས་པའི་སྨན་བཅོས་ཞབས་ཞུ་ལོངས་སྤྱོད་ཐུབ་པར་བྱེད་དགོས་པའི་བླང་བྱ་བཏོན། ཅང་ཞི་ཞིང་ཆེན་ལྗང་མདོག་ཐོན་ཁུངས་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་ཟི་ནས་ལི་ཆང་གིས་ལྗང་གསོའི་ལག་རྩལ་གྱི་སྙན་ཞུར་གསན་རྗེས་དྲོད་ཁང་དང་ལྗང་གསོའི་ཞིང་ནང་དུ་བསྐྱོད་ནས་ལྗང་གསོའི་གནས་ཚུལ་ལ་ལྟ་ཞིབ་བྱས།ཁོང་གིས་བསྟན་དོན།ད་སྐབས་ནི་དཔྱིད་དུས་རྨོ་འདེས་ཀྱི་འགག་རྩའི་དུས་སྐབས་ཡིན་པས་ཞིང་ལས་ཀྱི་དུས་བཟང་མི་འདའ་བར་ལག་རྩལ་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་།ཞིང་ལས་རྒྱུ་ཆའི་མཁོ་སྤྲོད་འགན་ལེན་དམ་འཛིན་ཡག་པོ་བྱེད་པ།བྱེད་ཐབས་སྣ་མང་སྤྱད་དེ་ཐོན་འབབ་ཡག་པོ་ཡོང་རྒྱུར་འགན་ལེན་བཅས་བྱེད་དགོས།
ལི་ཆང་གིས་ཧྥུའུ་ཅན་དང་ཅང་ཞི་ཡི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བར་མ་ཟད།ཞིང་ཆེན་གཉིས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་གཏིང་སྒོས་ལག་བསྟར་དོན་འཁྱོལ་བྱེད་པ་དང་།བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་བྱ་བ་ནན་སྒྲུབ།སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྤུས་ཚད་མཐོ་བའི་འཚོ་བ་བསྐྲུན་པའི་ཐད་ནས་སྔར་ལས་ཆེ་བའི་གྲུབ་འབྲས་གསར་པ་ཐོབ་རྒྱུར་རེ་བ་བྱེད་བཞིན་ཡོད་ཟེར།
ཝུའུ་ཀྲིན་ལུང་གིས་མཉམ་དུ་རྟོག་ཞིབ་བྱས།