ཟླ3པའི་ཚེས20ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕུའུ་ལ་པོ་ཝོ·སུའུ་པེ་ཡན་ཏོ་ལ་གློག་འཕྲིན་བཏང་སྟེ། ཁོ་རང་ཧིན་རྡུ་ཉི་ཞི་ཡ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་བདམས་པར་རྟེན་འབྲེལ་ཞུས།
ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡ་ནི་སྲོལ་རྒྱུན་གྱི་མཛའ་མཐུན་ཁྱིམ་མཚེས་རྒྱལ་ཁབ་ཡིན།ཕྱོགས་གཉིས་ཀྱི་ཐུན་མོང་འབད་བརྩོན་འོག་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་མགྱོགས་པོ་བྱུང་ཡོད། ཆབ་སྲིད་ཀྱི་ཐད་ནས་ཕན་ཚུན་ལ་ཡིད་ཆེས་བྱེད་ཚད་ཉིན་རེ་བཞིན་ཇེ་བརྟན་དུ་ཕྱིན་པ་དང་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་ཡོད། གཉིས་ཕན་མཉམ་ལས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ནས་ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་དུ་བསྐྲུན་པའི་ལེའུ་གསར་པ་བརྩམས་ཡོད། ངས་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད། ཕུའུ་ལ་པོ་ཝོ་ཙུང་ཐུང་ལ་བདམས་ཐོན་བྱུང་རྗེས་མཉམ་དུ་འབད་བརྩོན་བྱས་ནས་རྒྱལ་ཁབ་གཉིས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་ཁྲིད་སྟོན་བྱས་ཏེ། གྲུབ་འབྲས་སྔར་ལས་ཆེན་པོ་ཐོབ་པར་བྱས་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོའི་ལས་དབང་གཅིག་མཐུན་དང་མཐུན་སྒྲིལ་མཉམ་ལས། འཕེལ་རྒྱས་མཉམ་གཉེར་བཅས་ལ་ཇུས་འགོད་བྱེད་པའི་དཔེ་མཚོན་བསྐྲུན་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྔར་ལས་མང་པོ་བསྐྲུན་པ་དང་། ས་ཁུལ་དང་འཛམ་གླིང་ཡོངས་ཀྱི་དར་རྒྱས་དང་བརྟན་འཇགས་ལ་སྒུལ་ཤུགས་ཆེན་པོ་འདོན་རྒྱུར་རེ་བ་བྱེད་བཞིན་ཡོད་ཅེས་བསྟན།