ཞིང་ཆེན་སྲིད་གཞུང་གིས་ཏང་ཙུའུ་གྲོས་ཚོགས་བསྡུས་པ་དང་ཝུའུ་ཞའོ་ཅུན་གྱིས་འགོ་འཛིན་བྱས།
2024.03.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

省政府党组会议召开 吴晓军主持

3月21日,省政府党组书记、省长吴晓军主持召开省政府党组会议,深入学习习近平总书记近期重要讲话和关于安全生产重要论述,落实省委工作要求,研究相关工作。

会议传达学习习近平总书记主持召开新时代推动中部地区崛起座谈会时的重要讲话精神。强调,要把习近平总书记在座谈会上的重要讲话同考察青海重要讲话精神紧密结合起来,一体学习领会、一体贯彻落实,奋力推动现代化新青海建设不断取得新成效。要坚持以科技创新引领产业创新,围绕打造生态文明高地、建设产业“四地”、绿色算力产业发展,积极培育和发展新质生产力,不断塑造发展新动能新优势。要推动区域协调发展、深化改革开放,深度融入共建“一带一路”、黄河流域生态保护和高质量发展、长江经济带高质量发展等国家战略,全方位提升对口援青和东西部协作能级,不断增强发展内生动力和活力。要协同推进生态环境保护和绿色低碳发展,高质高效推进国家公园示范省建设,全面彻底整改中央生态环保督察典型案例和反馈问题,持续深入打好污染防治攻坚战,推进产业生态化和生态产业化,厚植高质量发展的绿色底色。要坚持城乡融合发展,学习运用“千万工程”经验,扎实推进乡村全面振兴,全面抓好地震灾后恢复重建。要坚持高质量发展和高水平安全相互促进,努力提升粮食能源资源安全保障能力,确保粮食等重要农产品稳定安全供给,加强战略性资源储备保护和有序利用。

ཟླ3པའི་ཚེས21ཉིན། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་འགོ་འཛིན་བྱས་ནས་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་ལ་འགོ་འཛིན་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་བདེ་འཇགས་ཐོན་སྐྱེད་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་གཏིང་ཟབ་བྱས་ལ། ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་དོན་འཁྱོལ་བྱས་པར་མ་ཟད། འབྲེལ་ཡོད་བྱ་བར་ཞིབ་འཇུག་བྱས།

ཚོགས་འདུའི་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འགོ་འཛིན་བྱས་ཏེ་བསྡུས་པའི་དུས་རབས་གསར་པར་དབུས་རྒྱུད་ས་ཁུལ་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུའི་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་བྱས། བཞུགས་མོལ་ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཞུགས་མོལ་ཚོགས་འདུའི་སྐབས་ཀྱི་གསུང་བཤད་གལ་ཆེན་དེ་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་སློབ་སྦྱོང་དང་གོ་བ་ལེན་པ་དང་། དོན་འཁྱོལ་བྱས་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཐོན་ལས་གསར་གཏོད་ལ་སྣེ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་རྒྱུ་དང་། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་བྱ་རྒྱུ། ལྗང་མདོག་རྩིས་རྒྱག་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་བཅས་ལ་དམིགས་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་དང་འཕེལ་རྒྱས་ཧུར་ཐག་བཏང་ནས་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་དང་ལེགས་ཆ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་བ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་། རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས། འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་ནང་གཏིང་ཟབ་ངང་ཞུགས་པ། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པ་དང་ཤར་ནུབ་རྒྱུད་ཀྱི་མཉམ་ལས་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་བཏང་སྟེ་འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་དང་གསོན་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་བ་དང་། སྤུས་ཚད་མཐོ་ལ་ཕན་འབྲས་ཆེ་བའི་སྒོ་ནས་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་དཔེ་མཚོན་གྱོད་གཞི་དང་ཚུར་སྣང་གནད་དོན་ཁྱོན་ཡོངས་ནས་དག་ཐེར་བྱེད་པ། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་མུ་མཐུད་དུ་ཡག་པོ་རྒྱག་པ། ཐོན་ལས་སྐྱེ་ཁམས་ཅན་དང་སྐྱེ་ཁམས་ཐོན་ལས་ཅན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལྗང་མདོག་གི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་ཀྱིས“སྟོང་ཁྲི་བཟོ་སྐྲུན”གྱི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱེད་པ་དང་། གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བ། ས་ཡོམ་གནོད་འཚེ་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་ལ་ཁྱོན་ཡོངས་ནས་དམ་འཛིན་ཡག་པོ་བྱེད་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ཕན་ཚུན་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། འབྲུ་རིགས་དང་ནུས་ཁུངས་ཐོན་ཁུངས་བདེ་འཇགས་ཀྱི་འགན་སྲུང་ནུས་པ་ཆེ་རུ་ཧུར་ཐག་གཏོང་བ། འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་གལ་ཆེན་བརྟན་པོ་དང་བདེ་འཇགས་ངང་མཁོ་འདོན་བྱ་རྒྱུར་འགན་ལེན་བྱེད་པ། འཐབ་ཇུས་རང་བཞིན་གྱི་ཐོན་ཁུངས་གྲབས་གསོག་སྲུང་སྐྱོང་དང་གོ་རིམ་ལྡན་པའི་ངང་བེད་སྤྱོད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས།

会议听取全省城镇燃气安全专项整治工作情况汇报,研究部署安全生产工作。强调,要深入学习贯彻习近平总书记关于安全生产的重要论述,深刻汲取国内各地发生的燃气爆炸事故教训,把“时时放心不下”的责任感转化为“事事心中有底”的行动力,坚决遏制重特大事故发生,坚决守牢安全生产底线。要迅速开展燃气管道安全问题专项治理,紧盯市政管道与庭院管道、立管、厂站和设施、用户设施等重点,全面排查风险隐患,加快老旧问题管道的维护、改造、更新,确保城市燃气管线安全运行。要举一反三,进一步完善工作机制,压紧压实党政领导责任、行业监管责任、属地管理责任、企业主体责任,突出作风转变,从严从实推进安全生产治本攻坚三年行动,切实维护人民群众生命财产安全和社会大局稳定。

会议还研究了其他事项。

ཚོགས་འདུ་ལས་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་འབར་རླངས་བདེ་འཇགས་ཆེད་དོན་བཅོས་སྐྱོང་བྱ་བ་སྤེལ་བའི་གནས་ཚུལ་སྙན་ཞུར་གསན་པ་དང་། བདེ་འཇགས་ཐོན་སྐྱེད་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཚོགས་འདུ་ལས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། རྒྱལ་ནང་གི་ས་གནས་སོ་སོ་ནས་བྱུང་བའི་འབར་རླངས་འབར་གས་དོན་རྐྱེན་གྱི་བསླབ་བྱ་བསྡུ་ལེན་གཏིང་ཟབ་བྱས་ཏེ“རྟག་ཏུ་སེམས་ཁྲལ་བྱེད་པའི”འགན་འཁྲིའི་བསམ་པ་དེ“བྱ་བ་ཚང་མར་གདེང་ཚོད་ཡོད་པའི”བྱ་སྤྱོད་ཀྱི་ནུས་པར་འགྱུར་བར་བྱས་ནས་དོན་རྐྱེན་ཚབས་ཆེན་དང་ཤིན་ཏུ་ཚབས་ཆེན་འབྱུང་བར་བཀག་འགོག་མཐའ་གཅིག་ཏུ་བྱེད་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་ཚད་མཐའ་མཐའ་གཅིག་ཏུ་བརྟན་པོ་སྲུང་དགོས། འབར་རླངས་སྦུག་ལམ་གྱི་བདེ་འཇགས་གནད་དོན་ཆེད་དོན་བཅོས་སྐྱོང་མགྱོགས་མྱུར་ངང་སྤེལ་ཏེ་གྲོང་ཁྱེར་དོ་དམ་གྱི་སྦུག་ལམ་དང་། སྒོ་རའི་སྦུག་ལམ། ལྕགས་སྦུག བཟོ་གྲྭ་དང་ས་ཚིགས་ཀྱི་སྒྲིག་ཆས། སྤྱོད་མཁན་གྱི་སྒྲིག་ཆས་སོགས་གཙོ་གནད་ལ་དམ་པོར་དམིགས་ནས་ཉེན་ཁའི་མངོན་མེད་རྐྱེན་ངན་ཁྱོན་ཡོངས་ནས་གྲལ་བཤེར་བྱས་ཏེ་གནད་དོན་རྙིང་པའི་སྦུག་ལམ་སྲུང་སྐྱོང་དང་བསྒྱུར་བཀོད། གསར་བརྗེ་བཅས་བྱེད་ཚད་ཇེ་མགྱོགས་སུ་བཏང་ནས་གྲོང་ཁྱེར་གྱི་འབར་རླངས་སྦུག་ལམ་བདེ་འཇགས་ངང་འཁོར་སྐྱོད་ཐུབ་པར་འགན་ལེན་བྱེད་དགོས། ཟུར་བསྟན་ལེབ་མཐོང་བྱས་ཏེ་བྱ་བའི་ལམ་སྲོལ་སྔར་ལས་འཐུས་ཚང་དུ་བཏང་ནས་ཏང་སྲིད་འགོ་ཁྲིད་ཀྱི་འགན་འཁྲི་དང་། ལས་རིགས་ཀྱི་ལྟ་སྐུལ་དོ་དམ་འགན་འཁྲི། ཁོངས་གཏོགས་དོ་དམ་གྱི་འགན་འཁྲི། ཁེ་ལས་ཀྱི་གཙོ་བདག་འགན་འཁྲི། སྤྱོད་ཚུལ་འགྱུར་ལྡོག་མངོན་གསལ་བཅས་ཡོང་བར་བྱེད་པ་དང་། བདེ་འཇགས་ཐོན་སྐྱེད་རྩ་བཅོས་འགག་སྒྲོལ་གྱི་ལོ་གསུམ་འགུལ་སྐྱོད་ལ་སྐུལ་འདེད་ཏན་ཏིག་བཏང་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་དང་སྤྱི་ཚོགས་ཀྱི་ཁྱོན་ཡོངས་བརྟན་ལྷིང་ལ་སྲུང་སྐྱོང་ཏན་ཏིག་བྱེད་དགོས།

ཚོགས་འདུའི་སྟེང་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།

ཤ་བོ་གསེར་མཚོས་བསྒྱུར།