པའོ་ཧེ་གྲོས་ཁང་གིས་གདན་ཞུ་བྱས་པ་ལྟར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཞའོ་ཅེ་ཡིས་ཟླ3པའི་ཚེས21ཉིན་ནས་ཚེས24ཉིན་བར་འཐུས་ཚབ་ཚོགས་པ་ཁྲིད་དེ་པའོ་ཧེ་རུ་འཚམས་འདྲི་བྱས་པ་དང་། པའོ་ཧེའི་ཀྲུའུ་ཞི་ཚོགས་པའི་རེས་སྐོར་ཀྲུའུ་ཞི་པའེ་ཆི་ལོ་ཝེ་ཆི་དང་ཀྲུའུ་ཞི་ཚོགས་པའི་ཁོངས་མི་ཚི་ཝེ་ཡཱ་ནོའུ་ཝེ་ཆི། གྲོས་ཁང་འཐུས་མི་ཁང་གི་རེས་སྐོར་ཀྲུའུ་ཞི་ཁྲ་ཝ་ལཱ། ཀྲུའུ་ཞི་གཞོན་པ་ལཱ་ཏི་མཱ་ནོའུ་ཝེ་ཆི་དང་ཙི་ཝེ་ཙི་ཏིས་ཆི། མི་རིགས་ཁང་གི་རེས་སྐོར་ཀྲུའུ་ཞི་ཨ་ཏའེ་མའོ་ཝེ་ཆི། ཀྲུའུ་ཞི་གཞོན་པ་ཧྲི་ཕིས་ལི་ཆི་སོགས་མགོ་ཁྲིད་པར་ཐུག་འཕྲད་བྱས།
ཞའོ་ཅེ་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་པའོ་ཧེའི་ཀྲུའུ་ཞི་ཚོགས་པའི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་གོ་དང་པའོ་ཧེའི་མཛའ་བརྩེ་དང་མཉམ་ལས་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་སོང་། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་པའོ་ཧེའི་གྲོས་ཁང་དང་མཉམ་དུ་སྲིད་ཇུས་འབྲེལ་འདྲིས་དང་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་བརྗེ་རེས་བྱེད་པར་ཤུགས་སྣོན་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ཀྲུང་གོ་དང་པའོ་ཧེའི་འབྲེལ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་འདོད་ཡོད་ཟེར། ཞའོ་ཅེ་ཡིས་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་གཉིས་པ་སོགས་ཀྱི་གནས་ཚུལ་མཚམས་སྦྱོར་བྱས།
པའོ་ཧེ་ཕྱོགས་ཀྱིས་ཀྲུང་གོའི་འཕེལ་རྒྱས་གྲུབ་འབྲས་དང་པའོ་ཧེ་དང་ཀྲུང་གོའི་མཛའ་མཐུན་འབྲེལ་བར་གདེང་འཇོག་ཆེན་པོ་བྱས་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལག་བསྟར་བྱེད་རྒྱུ་བསྐྱར་སྒྲོག་བྱས་པར་མ་ཟད། ཀྲུང་གོའི་བར་གྱི་སྲོལ་རྒྱུན་མཛའ་བརྩེ་ཇེ་ཟབ་ཏུ་བཏང་སྟེ། མུ་མཐུད་དུ་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་དང་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་མཉམ་ལས་ནང་ཞུགས་འདོད་ཡོད་པའི་ཚུལ་བསྟན།
བསོད་ནམས་ཚེ་རིང་གིས་བསྒྱུར།