ཟླ3པའི་ཚེས25ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་ཡིས་པེ་ཅིང་དུ་ཨ་རིའི་ཧེ་ཧྲི་སྡེ་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན་པ་དང་དབུ་བཞུགས་ལག་བསྟར་དཔོན་སུའུ་ཧྲི་མེན་ལ་མཇལ་འཕྲད་གནང་།
ཟླ3པའི་ཚེས25ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་ཡིས་པེ་ཅིང་དུ་ཨ་རིའི་ཧེ་ཧྲི་སྡེ་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན་པ་དང་དབུ་བཞུགས་ལག་བསྟར་དཔོན་སུའུ་ཧྲི་མེན་ལ་མཇལ་འཕྲད་གནང་།
ཚའེ་ཆི་ཡིས་བསྟན་དོན། ཀྲུང་གོ་དང་ཨ་རིའི་འབྲེལ་བ་ནི་དེང་སྐབས་འཛམ་གླིང་གི་ཆེས་གལ་ཆེ་བའི་ཕྱོགས་གཉིས་ཀྱི་འབྲེལ་བ་ཡིན། རྒྱལ་ཁབ་གཉིས་ཀྱི་འགོ་གཙོའི་ཐུན་མོང་གི་ངོས་འཛིན་ལག་བསྟར་བཟང་བོ་བྱས་ནས། “ཅིའུ་ཅིན་ཧྲན་གྱི་མདུན་ལྗོངས”མངོན་འགྱུར་བྱེད་རྒྱུ་ནི་ཕྱོགས་གཉིས་ཀྱི་ཆེས་གལ་ཆེ་བའི་ལས་འགན་ཡིན་ལ། དེ་ལ་རྒྱལ་ཁབ་གཉིས་ཀྱི་ཕྱོགས་སོ་སོའི་མི་སྣ་ཡི་འབད་བརྩོན་དང་རྒྱབ་སྐྱོར་མཁོ། ཀྲུང་གོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད། སྐུ་ཞབས་སུའུ་ཧྲི་མེན་གྱིས་ཀྲུང་གོར་རྩ་བ་ཚུགས་ཤིང་གོ་སྐབས་མཉམ་སྤྱོད་བྱས་ནས། རྒྱལ་ཁབ་གཉིས་ཀྱི་སློབ་གསོའི་མཉམ་ལས་དང་མི་ཆོས་བརྗེ་རེས་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་ཁྱད་པར་དུ་ན་གཞོན་བར་གྱི་ཡིད་ཆེས་དང་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་བ། ཀྲུང་གོ་དང་ཨ་རིའི་མཛའ་མཐུན་གྱི་གཏམ་རྒྱུད་ཡག་པོར་བཤད་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་དམངས་བློའི་རྨང་གཞི་བརྟན་པོར་བཙུགས་ནས། ཀྲུང་གོ་དང་ཨ་རིའི་འབྲེལ་བ་ལ་དྲང་ཕྱོགས་ཀྱི་ནུས་པ་སྔར་ལས་མང་པོ་འདོན་རྒྱུའི་རེ་བ་ཡོད།
སུའུ་ཧྲི་མེན་གྱིས་བསྟན་དོན། ཕྱོགས་གཉིས་ཀྱི་ཐུན་མོང་གི་འབད་བརྩོན་འོག་ཏུ། ལོ་བཅུ་གཅིག་སྔུན་ལ་སྤེལ་བའི་སུའུ་ཧྲི་མེན་གྱི་ལས་གཞིར་འཕེལ་རྒྱས་བྱུང་ཡོད། ཀྲུང་གོའི་བར་དུ་མཉམ་ལས་བྱེད་པར་ཤུགས་བསྣན་ནས། ཀྲུང་གོ་དང་འཛམ་གླིང་གི་བརྗེ་རེས་ཇེ་དྲག་ཏུ་གཏོང་བ་དང་། མི་སྔར་ལས་མང་པོས་ཀྲུང་གོའི་འཕེལ་རྒྱས་མདུན་ལྗོངས་ལ་རྒྱུས་ལོན་བྱེད་དུ་བཅུག་ནས། ཀྲུང་གོ་དང་ཨ་རིའི་འབྲེལ་བ་བརྟན་འཇགས་ངང་འཕེལ་རྒྱས་སུ་གཏོང་བ་དང་སྔར་ལས་མཛེས་པའི་འཛམ་གླིང་འཛུགས་སྐྲུན་བྱེད་པར་བྱས་རྗེས་འཇོག་འདོད་ཡོད་ཟེར།
སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།