ཟླ3པའི་ཚེས25ཉིན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས2024ལོའི་ཁྲིམས་འཛུགས་འཆར་གཞིའི་བྱ་བའི་གྲོས་ཚོགས་བསྡུས་ཏེ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་པ་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི2024ལོའི་ཁྲིམས་འཛུགས་བྱ་བའི་འཆར་གཞི་དང་ཁྲིམས་སྲོལ་སྲོལ་ཡིག་ལ་ཞིབ་བཤེར་དང་ཆོག་མཆན་འགོད་པའི་བྱ་བའི་འཆར་གཞི་བཀོད་སྒྲིག་བྱས།
གྲོས་ཚོགས་སྟེང་བསྟན་དོན། 2024ལོའི་ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛུགས་བྱ་བའི་ལས་འགན་ལྕི་ཞིང་འཕེལ་ཤུགས་ཆེ་ལ། དཀའ་ཚེགས་ཀྱང་ཆེ། ད་ལོའི་ཁྲིམས་འཛུགས་བྱ་བ་ཡག་པོར་སྒྲུབ་པར་ཆབ་སྲིད་ཀྱི་སྣེ་ཁྲིད་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། ཏང་གི་ཁྲིམས་འཛུགས་བྱ་བའི་འགོ་ཁྲིད་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་ཡང་དག་བྱས་ཏེ། ཁྲིམས་འཛུགས་བྱ་བ་དེ་ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་གི་ཇུས་ཆོད་དང་གོམ་སྟབས་གཅིག་གྱུར་ཡོང་བ་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་དང་གཅིག་མཐུན་ཡོང་བར་སྐུལ་འདེད་གཏོང་དགོས། འགན་ནུས་ངེས་གནས་ལ་རྐང་འཛུགས་པ་དང་། གཅིག་གྱུར་མཐུན་སྦྱོར་ལ་ཤུགས་སྣོན་པ། མཛུབ་སྟོན་དང་བཤེར་འབེབས་ཚད་ལྡན་ཡོང་བར་ལྟ་སྐུལ་བྱས་ཏེ། དམངས་ཆེན་གྱི་ཁྲིམས་འཛུགས་བྱ་བའི་ཁྲོད་ཀྱི་གཙོ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཁྲིམས་འཛུགས་ཀྱི་ཁ་གཏད་རང་བཞིན་དང་འཚམ་མཐུན་རང་བཞིན། ནུས་པའི་རང་བཞིན་བཅས་ཇེ་ཆེར་བཏང་ཞིང་། ས་གནས་ཁྲིམས་འཛུགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། ཁྲིམས་བཟང་པོ་དང་བཅོས་སྐྱོང་ལེགས་པོ་བྱེད་པར་འབད་དགོས། མ་མཐའི་མཚམས་ཐིག་གི་བསམ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཐོ་བཀོད་སྙན་ཞུའི་ཞིབ་བཤེར་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། ཐོ་བཀོད་སྙན་ཞུའི་ཞིབ་བཤེར་ནུས་པའི་འཛུགས་སྐྲུན་ལ་ཤུགས་སྣོན་པ། ཐོ་བཀོད་སྙན་ཞུའི་ཞིབ་བཤེར་བྱ་བའི་ལས་འགན་ལག་བསྟར་ནན་མོ་བྱས་ཏེ། རྒྱལ་ཁབ་ཀྱི་ཁྲིམས་སྐྱོང་གཅིག་གྱུར་ལ་སྲུང་སྐྱོབ་བྱེད་དགོས། རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། འབྲེལ་ཡོད་སྡེ་ཁག་སོ་སོས་འགན་འཁྲི་ལས་བགོ་ལ་ཤུགས་སྣོན་དང་བྱ་བའི་ལས་འགན་གཏན་འཁེལ་བྱེད་པ། བྱ་བའི་འགན་འཁྲི་དོན་འཁྱོལ་བྱེད་པ། འབྲེལ་འདྲིས་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་། བྱ་བ་སྒྲུབ་ཚད་ཇེ་མགྱོགས་སུ་བཏང་ནས། ཁྲིམས་འཛུགས་ལས་འགན་སོ་སོ་སོ་དོན་འཁྱོལ་ཞིབ་མོ་བྱེད་དགོས། ཤེས་ལྡན་མི་སྣ་སྐྱེད་སྲིང་གི་ཐབས་ལམ་རྒྱ་བསྐྱེད་པ་དང་། ཤེས་ལྡན་མི་སྣའི་དཔུང་སྡེ་གསོ་སྐྱོང་ལ་མཐོང་ཆེན་བྱས་ཏེ། ཁྲིམས་འཛུགས་ཞབས་ཞུའི་འགན་སྲུང་ཆུ་ཚད་ཇེ་མཐོར་གཏོང་དགོས།
ལྷ་མོ་འཚོས་བསྒྱུར།