ཏེན་ཞུའེ་ཞང་གིས་ཨེ་ཤ་ཡའི་གསར་སྤེལ་དངུལ་ཁང་གི་འགོ་གཙོ་ཆན་ཁྲན་ཡ་སི་ལ་མཇལ་འཕྲད་གནང་།
2024.03.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

ཟླ3པའི་ཚེས25ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་གིས་པེ་ཅིང་དུ་ཨེ་ཤ་ཡའི་གསར་སྤེལ་དངུལ་ཁང་གི་འགོ་གཙོ་ཆན་ཁྲན་ཡ་སི་ལ་མཇལ་འཕྲད་གནང་།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་གིས་ཚེས25ཉིན་པེ་ཅིང་དུ་ཨེ་ཤ་ཡའི་གསར་སྤེལ་དངུལ་ཁང་གི་འགོ་གཙོ་ཆན་ཁྲན་ཡ་སི་ལ་མཇལ་འཕྲད་གནང་།

ཏེན་ཞུའེ་ཞང་གིས་ཀྲུང་གོའི་དཔལ་འབྱོར་གྱིས་དཀའ་གནད་དང་འགྲན་རྩོད་མང་པོ་སེལ་ནས་བསྐྱར་འཕར་དང་བཟང་ཕྱོགས་སུ་འཕེལ་བའི་རྣམ་པ་བཟང་བོ་རྒྱུན་ཆད་མེད་པར་སྲ་བརྟན་དང་ཇེ་དྲག་ཏུ་གཏོང་བཞིན་ཡོད་ལ།  ཀྲུང་གོའི་དཔལ་འབྱོར་ནི་སྔར་བཞིན་འཛམ་གླིང་དཔལ་འབྱོར་འཕར་སྣོན་གྱི་སྒུལ་ཤུགས་གཙོ་བོ་ཞིག་ཡིན།   ང་ཚོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་ཆེན་པོས་སྐུལ་འདེད་གཏོང་བ་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་པ།   དཔལ་འབྱོར་འཛམ་གླིང་ཅན་ལ་སྐུལ་འདེད་ནན་མོ་གཏོང་བ་བཅས་བྱས་ཏེ་རང་སྟེང་གི་འཕེལ་རྒྱས་གསར་པར་བརྟེན་ནས་ཕྱོགས་སོ་སོར་གོ་སྐབས་གསར་པ་འདོན་སྤྲོད་བྱེད་ངེས་ཡིན།  ཀྲུང་གོས་ཨེ་ཤ་ཡའི་གསར་སྤེལ་དངུལ་ཁང་དང་མཉམ་དུ་མཉམ་ལས་ཀྱི་འབྲེལ་བ་བཟང་བོ་ཡུན་རིང་ལ་སྲུང་འཛིན་བྱེད་པ་དང་།    ཨེ་ཤ་ཡ་མུ་མཐུད་དུ་ཀྲུང་གོའི་བཅོས་སྒྱུར་སྒོ་འབྱེད་ཀྱི་འཕེལ་རིམ་ཁྲོད་ཞུགས་པར་དགའ་བསུ་ཞུས་པ་ཡིན།    ཕྱོགས་གཉིས་ཀྱིས་ཁོར་ཡུག་སྲུང་སྐྱོབ་དང་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས།    རྒན་གསོ་དང་སྨན་བཅོས་སོགས་ཁྱབ་ཁོངས་ལ་དམིགས་ནས་དངོས་གཉེར་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་སྤེལ་དགོས་ཞེས་བསྟན།

ཆན་ཁྲན་ཡ་སིས་ཨེ་ཤ་ཡའི་གསར་སྤེལ་དངུལ་ཁང་གིས་དང་ཀྲུང་གོའི་བར་སྔར་ལས་དམ་ཟབ་ཀྱི་མཉམ་ལས་གྲོགས་པོའི་འབྲེལ་བ་འཛུགས་པར་རེ་བཞིན་ཡོད་པ་དང་།    ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མུ་མཐུད་དུ་རྒྱབ་སྐྱོར་བྱས་ཏེ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་རྒྱལ་ཁབ་ཀྱིས་ཀྲུང་གོའི་གྲུབ་འབྲས་ཐོབ་པའི་འཕེལ་རྒྱས་ཉམས་མྱོང་ལོངས་སུ་སྤྱོད་པར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།

ལྷ་མོ་ཚེ་རིང་གིས་བསྒྱུར།