

ཟླ3པའི་ཚེས27ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཧེ་ནན་པའོ་ཨོ་རུ་པའོ་ཨོ་ཨེ་ཤ་ཡའི་གླེང་སྟེགས་ལས་འཛིན་ལྷན་ཚོགས་དང་བློ་འདྲི་ཨུ་ཡོན་ལྷན་ཁང་། འཐབ་ཇུས་མཉམ་ལས་གྲོགས་པོའི་ཁེ་ལས་བཅས་ཀྱི་འཐུས་མི་ཁ་ཤས་ལ་གཅིག་བསྡུས་ཀྱིས་མཇལ་འཕྲད་གནང་བར་མ་ཟད། རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་པའི་འཐུས་མི་དང་བཞུགས་མོལ་མཛད།
རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚེས27ཉིན་ཧེ་ནན་པའོ་ཨོ་རུ་པའོ་ཨོ་ཨེ་ཤ་ཡའི་གླེང་སྟེགས་ལས་འཛིན་ལྷན་ཚོགས་དང་བློ་འདྲི་ཨུ་ཡོན་ལྷན་ཁང་། འཐབ་ཇུས་མཉམ་ལས་གྲོགས་པོའི་ཁེ་ལས་བཅས་ཀྱི་འཐུས་མི་ཁ་ཤས་ལ་གཅིག་བསྡུས་མཇལ་འཕྲད་གནང་བར་མ་ཟད། རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་པའི་འཐུས་མི་དང་བཞུགས་མོལ་མཛད།
གླེང་སྟེགས་ལས་འཛིན་ལྷན་ཚོགས་ཀྱི་འཐུས་མིར་མཇལ་འཕྲད་གནང་སྐབས། ཀྲའོ་ལི་ཅི་ཡིས་ད་ལོའི་གླེང་སྟེགས་ཀྱི་ལོ་ཚོགས་ཀྱིས་ཨེ་ཤ་ཡ་དང་འཛམ་གླིང་། ཐུན་མོང་གི་འགྲན་རྩོད་དང་ཐུན་མོང་གི་འགན་འཁྲི་ཞེས་པ་བརྗོད་དོན་དུ་བྱས་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དོ་ཁུར་ལ་ལན་བཏབ་པས། དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན། མིག་སྔའི་འཛམ་གླིང་དུ་འགྲན་རྩོད་མང་པོ་དང་ཉེན་ཁ་སྣ་ཚོགས་བསྣོལ་མར་འདྲེས་ཡོད། དཀའ་ཁག་ཅི་ཙམ་ཆེ་ན་ཐུན་མོང་གི་ངོས་འཛིན་དེ་ལས་ཀྱང་གཅིག་སྡུད་བྱས་ནས་མཐུན་སྒྲིལ་མཉམ་ལས་བྱེད་དགོས། ཀྲུང་གོས་རང་སྟེང་གི་འཕེལ་རྒྱས་ལ་བརྟེན་ནས་འཛམ་གླིང་ལ་གོ་སྐབས་སྔར་ལས་མང་པོ་འདོན་སྤྲོད་བྱེད་ངེས། ཀྲུང་གོ་ཕྱོགས་ཀྱིས་སྔར་བཞིན་དུ་པའོ་ཨོ་ཨེ་ཤ་ཡའི་གླེང་སྟེགས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་དང་། གླེང་སྟེགས་ཀྱིས་ཨེ་ཤ་ཡར་རྐང་འཛུགས་པ་དང་འཛམ་གླིང་ལ་ཁ་ཕྱོགས་ནས་དག་སྲུང་གསར་གཏོད་དང་ཁྱད་ཆོས་འབུར་དུ་ཐོན་པ། སྒོ་འབྱེད་བཟོད་སྒོམ། འཕེལ་རྒྱས་ལ་མཉམ་དུ་འཆར་འགོད་བཅས་བྱས་ཏེ་ཨེ་ཤ་ཡ་དང་འཛམ་གླིང་གི་ཞི་བདེ་འཕེལ་རྒྱས་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་པར་རེ་བ་བཅངས་ཡོད་ཅེས་བསྟན།
གླེང་སྟེགས་ཀྱི་ལས་འཛིན་དཔོན་པོ་ཕན་ཅི་ཝུན་སོགས་ཚོགས་ཞུགས་འཐུས་མིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་དང་འཛམ་གླིང་གི་གྲོས་འགོ་རབ་དང་རིམ་པར་གདེང་འཇོག་ཆེན་པོ་བྱས་པ་དང་། གླེང་སྟེགས་འཕེལ་རྒྱས་དང་ཕྱོགས་སོ་སོའི་མཐུན་སྒྲིལ་མཉམ་ལས་ཐད་སྟོགས་ཤུགས་འབུལ་རྒྱུའི་ཚུལ་བསྟན།

ཟླ3པའི་ཚེས27ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཧེ་ནན་པའོ་ཨོ་རུ་རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་པའི་འཐུས་ཚབ་དང་བཞུགས་མོལ་བྱས།
རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་པའི་འཐུས་མི་དང་བཞུགས་མོལ་བྱེད་སྐབས། ཀྲའོ་ལི་ཅི་ཡིས་ཁེ་ལས་པ་དག་ཀྲུང་གོའི་བཅོས་སྒྱུར་སྒོ་འབྱེད་དང་དཔལ་འབྱོར་འཛུགས་སྐྲུན་ཐད་ཧུར་ཐག་གིས་ཞུགས་པར་དགའ་བསུ་ཞུས་པ་དང་། ཀྲུང་གོར་གཞི་ཁྱོན་ཆེ་བའི་ཁྲོམ་ར་དང་ཐོན་ལས་མ་ལག འཇོན་མི་དང་གསར་གཏོད་ཀྱི་དགེ་མཚན་ཡོད་ལ། ལམ་ལུགས་ཀྱི་དགེ་མཚན་མངོན་གསལ་ཡོད་པར་མ་ཟད། ཀྲུང་གོའི་དཔལ་འབྱོར་ཡུན་རིང་བཟང་ཕྱོགས་སུ་འཕེལ་བའི་གཞི་རྩའི་ངོ་བོ་ལའང་འགྱུར་བ་བྱུང་མེད། ཀྲུང་གོས་ཀུན་ཕན་བཟོད་སྒོམ་གྱི་དཔལ་འབྱོར་འཛམ་གླིང་ཅན་ལ་ཡར་སྐུལ་དང་། རྣམ་པ་སྣ་མང་གི་ཕྱོགས་གཅིག་རིང་ལུགས་དང་སྲུང་སྐྱོབ་རིང་ལུགས་ལ་ངོ་རྒོལ་བྱེད་བཞིན་ཡོད་ལ། རང་སྟེང་གི་འཕེལ་རྒྱས་དེ་རྒྱལ་ཁབ་སོ་སོའི་འཕེལ་རྒྱས་དང་མཉམ་འདྲེས་ཟབ་མོ་བྱེད་པར་རེ་བཞིན་ཡོད། ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་པའི་བྱེད་ཐབས་གསར་པ་རབ་དང་རིམ་པ་སྤྱོད་བཞིན་ཡོད་པ་དང་། རྒྱལ་ཁབ་སོ་སོ་ནས་ཡོང་བའི་མཉམ་ལས་གྲོགས་པོ་ཚང་མར་ལྷག་བསམ་ཟོལ་མེད་ཀྱིས་དགའ་བསུ་ཞུ་བཞིན་ཡོད། ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་གྱིས་མུ་མཐུད་དུ་བཅའ་ཁྲིམས་ལམ་ལུགས་ཀྱི་ངོས་ནས་རྒྱལ་ཁབ་ཕྱི་ནང་གི་མཉམ་ལས་ལ་ཡར་སྐུལ་བྱེད་པ་དང་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱས་ཏེ་ཆུ་ཚད་སྔར་ལས་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་ངེས་ཡིན་ཞེས་བསྟན།
ཁེ་ལས་པ་རྣམས་ཀྱིས་དཔལ་འབྱོར་འཛམ་གླིང་ཅན་དང་རང་མོས་ཉོ་ཚོང་ལ་རྒྱབ་སྐྱོར་བྱེད་པ་དང་། ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལྗོངས་ལ་རེ་བ་ཆེན་པོ་བཅངས་ཡོད་ལ། ཧུར་ཐག་གིས་ཁྲོམ་ར་རྒྱ་བསྐྱེད་དེ་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་འདོད་ཡོད་ཅེས་བསྟན།
ལྷ་མོ་ཚེ་རིང་གིས་བསྒྱུར།