ཞིང་ཆེན་སྲིད་གྲོས་ཀྱིས་ཆེད་དོན་བཞུགས་མོལ་ཚོགས་འདུ་བསྡུས།
2024.03.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 57

ཟླ3པའི་ཚེས28ཉིན། ཞིང་ཆེན་སྲིད་གྲོས་ཀྱིས་འབྲོག་ཁུལ་ཀྱི་དྲེད་མོང་ལྟ་ཞིབ་ཞིབ་འཇུག་ལ་ཤུགས་བསྣན་ཏེ་འབྲོག་པའི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱེད་པའི་ཆེད་དོན་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཀྲིན་ཁྲང་གྲོས་ཚོགས་ལ་ཞུགས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིས་ཞའོ་ནན་གྱིས་མགོ་འཛིན་བྱས། ཞིང་ཆེན་ནགས་ལས་དང་རྩྭ་ས་ཅུའུ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ། དགུ་གསུམ་སློབ་ཚོགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྲིད་གྲོས་བཅས་ཀྱི་འགན་ཁུར་བློ་མཐུན་གྲོས་ཚོགས་ལ་ཞུགས།

ཚོགས་ཐོག་ཏུ་དགུ་གསུམ་སློབ་ཚོགས་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་། མཚོ་ལྷོ་ཁུལ་སྲིད་གྲོས་ཀྱིས་སོ་སོར་འབྲེལ་ཡོད་རྟོག་ཞིབ་གནས་ཚུལ་མཚམས་སྦྱོར་བྱས། ཞིང་ཆེན་ནགས་ལས་དང་རྩྭ་ས་ཅུའུ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་བཅས་ཡིས་གཏམ་བཤད། ཚང་མས་གཅིག་གྱུར་གྱིས་བལྟས་ན། བྱ་བའི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་དམངས་ཚིས་ལ་སེམས་ཁུར་བྱེད་པའི་དོན་དངོས་དེ་བྱ་བ་དང་འགན་སྒྲུབ་ཀྱི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ནས། རང་ཞིང་གི་འབྲོག་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་དང་མི་སྡོད་ཁོར་ཡུག་དོ་སྙོམ་ལ་མཉམ་དུ་སྲུང་སྐྱོབ་བྱེད་པར་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས་པར་འདོད།

མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་ཡག་པོ་ཞིག་བྱེད་པ་ནི་རྒྱལ་དོན་གྱི་ཆེ་ཕྱོགས་ཡིན། ན་ནིང་། དགུ་གསུམ་སློབ་ཚོགས་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་མཚོ་ལྷོ་ཁུལ་སྲིད་གྲོས་ཀྱིས་འབྲོག་ཁུལ་གྱི་དྲེད་མོང་ལྟ་ཞིབ་ཞིབ་འཇུག་ལ་ཤུགས་སྣོན་བྱས་ཏེ་འབྲོག་པའི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱེད་པའི་དམངས་སེམས་མངོན་པར་བྱས་པས། ཞིང་ཆེན་སྲིད་གཞུང་གིས་ཚད་མཐོའི་གདེང་འཇོག་བྱས་ཤིང་། དམངས་གཙོ་ཏང་ཁག་དང་གཞི་རིམ་སྲིད་གྲོས་ཀྱིས་ཞིང་ཆེན་གྱི་དོན་ཆེན་གཙིགས་སུ་བཟུང་ནས་སྲིད་འདོན་ཇུས་འབུལ་བྱེད་པའི་འོས་འགན་ཁག་ཁུར་དང་གྲོས་མོལ་དམངས་དོན་གྱི་འགན་སྒྲུབ་བརྩེ་སེམས་གང་ལེགས་སྒོས་མཚོན་ཡོད། ཐེངས་འདིའི་བཞུགས་མོལ་ཚོགས་འདུས་དྲེད་མོང་ལ་སྲུང་སྐྱོབ་དང་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་ལ་འགན་སྲུང་བྱེད་པ་བརྗོད་དོན་དུ་བཟུང་སྟེ་བསམ་ཚུལ་བརྗེ་རེས་དང་གྲོས་སྡུར་གཏིང་ཟབ་བྱས་ཤིང་། གྲོས་མོལ་ལ་བརྟེན་ནས་ཐུན་མོང་ངོས་འཛིན་བྱུང་བ་དང་སྔར་ལས་གནད་ཁེལ་ཕན་ཡོད་ཀྱི་ཇུས་བསྟར་གྲོས་གཞི་བཏོན་ནས། ཏང་ཨུ་དང་སྲིད་གཞུང་གི་ཇུས་ཆོད་ལ་དཔྱད་གཞི་འདོན་སྤྲོད་བྱ་རྒྱུ་དམིགས་སུ་བཟུང་ཡོད།

མགོན་པོ་བཀྲ་ཤིས་ཀྱིས་མཚོ་སྔོན་ནི་འཛམ་གླིང་སྟེང་སྐྱེ་དངོས་སྣ་མང་རང་བཞིན་ཆེས་ཕུན་སུམ་ཚོགས་པའི་ས་ཁུལ་གྲས་ཀྱི་གཅིག་ཡིན་ལ། མཐོ་སྒང་མང་ཚོགས་དང་རི་སྐྱེས་སྲོག་ཆགས་ཀྱིས་རང་བྱུང་འཆམ་མཐུན་གྱི་འབྲེལ་བ་རྒྱུན་སྲིང་བྱས་ཡོད། ཐོན་ཁུངས་དགེ་མཚན་ལ་རྐང་བཙུགས་ཏེ་འཚོལ་ཞིབ་ཞིབ་འཇུག་ལ་ཤུགས་སྣོན་པ་དང་། རི་སྐྱེས་དང་དམངས་ཚིས། སྐྱེ་ཁམས་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱ་བར་སྟོབས་ཤུགས་ཆེན་པོ་འབུལ་བ་དང་སྔར་ལས་མང་བའི་ཉམས་མྱོང་གསོག་དགོས། མི་གཞི་རྩར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ་རི་སྐྱེས་སྲོག་ཆགས་ཀྱིས་གནོད་འཚེ་གཏོང་བ་སོགས་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་རྐྱེན་སྲོལ་སྔར་ལས་འཐུས་ཚང་དུ་བཏང་ནས། ཁ་གསབ་ཚད་གཞི་ལུགས་མཐུན་སྒོས་ཇེ་མཐོར་གཏོང་བ་དང་། འབྲོག་པ་མང་ཚོགས་ཀྱི་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་པའི་ཧུར་བརྩོན་རང་བཞིན་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་དགོས། མཐོང་རྒྱ་བསྐྱེད་ནས་འདུ་ཤེས་ཆེ་རུ་བཏང་སྟེ། རྒྱལ་ནང་གི་སྔོན་ཐོན་ཉམས་མྱོང་སློབ་སྦྱོང་དང་དེར་དཔེ་ལྟ་བྱེད་མཁས་པར་བྱེད་པ་དང་། ལམ་ལུགས་མ་ལག་འཐུས་ཚང་བཙུགས་ནས། མདོ་དབུས་མཐོ་སྒང་དེ་རི་སྐྱེས་སྲོག་ཆགས་ཀྱི་ཞིང་ཁམས་དུ་འགྱུར་བར་བྱེད་པ་དང་། རིགས་སོ་སོའི་མང་ཚོགས་ཀྱི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་བྱེད་པའི་མཛེས་སྡུག་གི་ཞིང་ཁམས་དུ་འགྱུར་བར་བྱས་ཏེ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པར་སྤུས་ཚད་མཐོ་བའི་སྐུལ་འདེད་གཏོང་དགོས་པ་ནན་བཤད་བྱས།

རིག་འཛིན་སྒྲོལ་མ།