ཏིན་ཞུའེ་ཞང་གིས་ཧ་སག་སི་ཐན་གྱི་ཙུང་ལི་གཞོན་པ་དང་ཕྱི་འབྲེལ་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་འཁུར་མཁན་ནུའུ་ཨར་ཐི་ལེ་ཝུའུ་ལ་མཇལ་འཕྲད་གནང་།
2024.03.30 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

ཚེས29ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིན་ཞུའེ་ཞང་གིས་པེ་ཅིང་དུ་ཧ་སག་སི་ཐན་གྱི་ཙུང་ལི་གཞོན་པ་དང་ཕྱི་འབྲེལ་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་ཁུར་བའི་ནུའུ་ཨར་ཐི་ལེ་ཝུའུ་དང་མཇལ་འཕྲད་གནང་།

ཏིང་ཞུའེ་ཞང་གིས་བསྟན་དོན། ཀྲུའུ་ཞི་ཞིན་ཅིན་ཕིང་དང་ཙུང་ཐུང་ཐོ་ཁ་ཡེ་ཧྤུ་ཡི་འཐབ་ཇུས་ཀྱི་སྣེ་ཁྲིད་འོག་ཀྲུང་ཧའི་འབྲེལ་བ་དེ་ཡུན་རིང་གི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ལོ་རྒྱུས་ཀྱི་མཐོ་ཚད་གསར་པ་ཞིག་ཏུ་སླེབས་ཡོད།ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་གལ་ཆེན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། མཉམ་དུ་ལག་གདང་སྦྲེལ་ནས་ཀྲུང་ཧའི་ལས་དབང་གཅིག་མཐུན་ཚོགས་པ་སྔར་ལས་དམ་ཟབ་དུ་བཏང་ནས་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྔར་ལས་ལེགས་པོ་བསྐྲུན་དགོས། ཀྲུང་གོ་ཕྱོགས་ཀྱིས་ཧ་སག་སི་ཐན་ཕྱོགས་དང་མཉམ་དུ་སྤུས་ཚད་མཐོན་པོས་མཉམ་དུ“རྒྱུད་གཅིག་ལམ་གཅིག”བསྐྲུན་རྒྱུ་གཙོ་རྐང་དུ་བྱས་ནས་དཔལ་འབྱོར་ཚོང་དོན་དང་། མ་འཇོག ནུས་རྒྱུ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། ཕན་ཚུན་སྦྲེལ་མཐུད་ཀྱི་རྣམ་པ་ཇེ་ལེགས་སུ་གཏོང་བ། མཉམ་ལས་ཀྱི་འཕར་གཞི་གསར་པ་གཏོད་པ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་མཉམ་ལས་ཆུ་ཚད་མཐོ་རུ་གཏོང་བ། དངོས་སྒྲུབ་མཉམ་ལས་ལ་གྲུབ་འབྲས་སྔར་ལས་མང་པོ་ཐོབ་པ་བྱེད་འདོད་ཡོད་ཅེས་བསྟན།

ནུའུ་ཨར་ཐི་ལེ་ཝུའུ་ཡིས་བསྟན་དོན། ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་རྒྱུ་ནི་ཧ་སག་སི་ཐན་ཕྱི་འབྲེལ་གྱི་ཐོག་མའི་ཁ་ཕྱོགས་ཤིག་ཡིན་པས་ཀྲུང་གོ་ཕྱོགས་དང་འགྲོ་འོང་མཉམ་ལས་དམ་ཟབ་བྱས་ནས་ཧ་སག་སི་ཐན་དང་ཀྲུང་གོའི་བར་གྱི་འབྲེལ་བར་འཕེལ་རྒྱས་སྔར་ལས་ཆེན་པོ་ཡོང་བར་བྱེད་འདོད་ཡོད་ཅེས་ཟེར།