ཀྲའོ་ལི་ཅི་ཡིས་སོ་སོར་ཧ་སག་སི་ཐན་གྱི་ཙུང་ཐུང་ཐའོ་ཁ་ཡེ་ཧྥུའུ་དང་ཁམ་ཕུ་ཁྲེའི་རྒྱལ་བོའི་བློ་འདྲི་ཚོགས་པའི་ཀྲུའུ་ཞི་ཧུང་སིན། ཨུ་རི་སིའི་ཙུང་ལི་གཞོན་པ་ཨོ་ཝེའར་ཆིའུ་ཁི་བཅས་ལ་མཇལ་འཕྲད་གནང་།
2024.03.30 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

ཚེས་ཉེར་བརྒྱད་ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཧེ་ནན་པོ་ཨོ་རུ་སོ་སོར་ཀྲུང་གོའི་པོ་ཨོ་ཨེ་ཤ་ཡ་གླེང་སྟེགས་ཀྱི2024ལོའི་ལོ་ཚོགས་ལ་ཞུགས་པར་ཡོང་བའི་ཧ་སག་སི་ཐན་གྱི་ཙུང་ཐུང་ཐའོ་ཁ་ཡེ་ཧྥུའུ་དང་ཁམ་ཕུ་ཁྲེའི་རྒྱལ་བོའི་བློ་འདྲི་ཚོགས་པའི་ཀྲུའུ་ཞི་ཧུང་སིན། ཨུ་རི་སིའི་ཙུང་ལི་གཞོན་པ་ཨོ་ཝེའར་ཆིའུ་ཁི་བཅས་ལ་མཇལ་འཕྲད་གནང་།

ཟླ3ཚེས28ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཧེ་ནན་པོ་ཨོ་རུ་ཀྲུང་གོར་པོ་ཨོ་ཨེ་ཤ་ཡ་གླེང་སྟེགས་ཀྱི2024ལོའི་ལོ་ཚོགས་ལ་ཞུགས་པར་ཡོང་བའི་ཧ་སག་སི་ཐན་གྱི་ཙུང་ཐུང་ཐའོ་ཁ་ཡེ་ཧྥུའུ་ལ་མཇལ་འཕྲད་གནང་། 

ཐའོ་ཁ་ཡེ་ཧྥུའུ་ལ་མཇལ་འཕྲད་གནང་སྐབས་ཀྲའོ་ལི་ཅི་ཡིས་གསུངས་རྒྱུར། ཀྲུང་གོ་དང་ཧ་སག་སི་ཐན་གྱི་འབྲེལ་བས་གསེར་ལྡན་གྱི་ལོ་ངོ་སུམ་ཅུ་གསར་བ་མགོ་བརྩམས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཞབས་ཙུང་ཐུང་གཉིས་ཀྱིས་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འཐབ་ཇུས་ཇུས་ཆོད་བཏོན་པ་དེ་ནི། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་མ་འོངས་འཕེལ་རྒྱས་ཀྱི་རྩ་བའི་གཞི་འཛིན་ས་ཡིན། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་བྱུང་བའི་ཐུན་མོང་འདུ་ཤེས་དངོས་འབེབས་བྱས་ཏེ། ཕན་ཚུན་རྒྱབ་སྐྱོར་བརྟན་པོར་གཏོང་བ་དང་། ཁྱབ་ཁོངས་གཙོ་བོའི་མཉམ་ལས་ཇེ་ཟབ་ཏུ་གཏོང་བ། དམངས་སེམས་གཅིག་མཐུན་ལ་སྐུལ་མ་གཏོང་བ་དང་འཐབ་ཇུས་མཉམ་ལས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་ཐུན་མོང་འཕེལ་རྒྱས་མངོན་འགྱུར་བྱེད་པའི་འཐབ་ཇུས་དམིགས་འབེན་ཐད་རོགས་ཤུགས་འདོན་དགོས། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་ཧ་སག་སི་ཐན་གྲོས་ཁང་བར་རིམ་པ་མང་པོ་དང་རྣམ་པ་སྣ་མང་གི་བརྗེ་རེས་མཉམ་ལས་སྤེལ་འདོད་ཡོད་ལ།  རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་བརྗེ་རེས་ཇེ་ཟབ་ཏུ་གཏོང་འདོད་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་ཐད་བཅའ་ཁྲིམས་འགན་སྲུང་འདོན་སྤྲོད་བྱེད་ངེས་ཡིན་ཞེས་གསུངས།

ཐའོ་ཁ་ཡེ་ཧྥུའུ་ཡིས་བཤད་རྒྱུར། ཧ་སག་སི་ཐན་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་ཟླ་གྲོགས་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་ཁྲིམས་འཛུགས་ལས་ཁུངས་ནང་དུ་འདུ་བའི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་གསར་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།

ཟླ3ཚེས28ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཧེ་ནན་པོ་ཨོ་རུ་ཀྲུང་གོར་པོ་ཨོ་ཨེ་ཤ་ཡ་གླེང་སྟེགས་ཀྱི2024ལོའི་ལོ་ཚོགས་ལ་ཞུགས་པར་ཡོང་བའི་ཁམ་ཕུ་ཁྲེའི་རྒྱལ་བོའི་བློ་འདྲི་ཚོགས་པའི་ཀྲུའུ་ཞི་ཧུང་སིན་ལ་མཇལ་འཕྲད་གནང་། 

ཧུང་སིན་ལ་མཇལ་འཕྲད་གནང་སྐབས་ཀྲའོ་ལི་ཅི་ཡིས་གསུངས་རྒྱུར། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་གོ་དང་ཁམ་ཕུ་ཁྲེ་ཡི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པ་དེ་ཆུ་ཚད་མཐོན་པོ་དང་། སྤུས་ཚད་མཐོན་པོ། ཚད་གཞི་མཐོན་པོའི་དུས་རབས་གསར་བའི་ཁྲོད་སླེབས་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྣམ་དག་དང་བཟོད་སྒོམ་གྱི་མཐའ་འཁོར་ཕྱི་འབྲེལ་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། ཁམ་ཕུ་ཁྲེ་ཕྱོགས་དང་འཐབ་ཇུས་མཐུན་སྦྱོར་སྲུང་འཛིན་བྱེད་པ་དང་། དཔལ་འབྱོར་དང་མི་གཞུང་རིག་གནས། ན་གཞོན་སོགས་ཁྱབ་ཁོངས་སོ་སོའི་མཉམ་ལས་ཇེ་ཟབ་ཏུ་གཏོང་བ་དང་།  རྒྱལ་ཁབ་དེང་རབས་ཅན་མངོན་འགྱུར་བྱེད་པའི་བསྐྱོད་ལམ་སྟེང་མཉམ་སྐྱོད་བྱས་ནས། ཀྲུང་གོ་དང་ཁམ་ཕུ་ཁྲེའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་དེ་གཏིང་ཇེ་ཟབ་ནས་ཇེ་ཟབ་ཏུ་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ཡིན། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་ཀྱིས་མཛའ་འབྲེལ་སྲོལ་རྒྱུན་རྒྱུན་སྲིང་བྱས་ཏེ། རིམ་པ་མང་བ་དང་ཁྱབ་ཆེ་བའི་མཉམ་ལས་འབྲེལ་བ་མུ་མཐུད་དུ་བཙུགས་ནས་རང་སོ་སོའི་རྒྱལ་ཁབ་ཀྱི་ཁྲིམས་སྐྱོང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། དངོས་གཉེར་མཉམ་ལས་ཇེ་ཟབ་ཏུ་གཏོང་ཆེད་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་བཅའ་ཁྲིམས་འགན་སྲུང་འདོན་སྤྲོད་བྱེད་དགོས།

ཧུང་སིན་གྱིས་བཤད་རྒྱུར། ཁམ་ཕུ་ཁྲེ་ཡིས་ཀྲུང་གོའི་མཛའ་མཐུན་འབྲེལ་བའི་འཕེལ་རྒྱལ་ལ་གདེང་འཇོག་ཚད་མཐོ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་རྣོ་ལྕགས་ལྟ་བུའི་མཛའ་བརྩེ་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་གཏོང་ངེས་ཡིན། ཁམ་ཕུ་ཁྲེ་ཡིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏིང་ཟབ་གཏོང་འདོད་ཡོད་ཅེས་བསྟན།

ཟླ3ཚེས28ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཧེ་ནན་པོ་ཨོ་རུ་ཀྲུང་གོར་པོ་ཨོ་ཨེ་ཤ་ཡ་གླེང་སྟེགས་ཀྱི2024ལོའི་ལོ་ཚོགས་ལ་ཞུགས་པར་ཡོང་བའི་ཨུ་རི་སིའི་ཙུང་ལི་གཞོན་པ་ཨོ་ཝེའར་ཆིའུ་ཁི་ལ་མཇལ་འཕྲད་གནང་། 

ཨོ་ཝེའར་ཆིའུ་ཁི་ལ་མཇལ་འཕྲད་གནང་སྐབས་ཀྲའོ་ལི་ཅི་ཡིས་གསུང་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཕུའུ་ཅིན་གཉིས་ཀྱི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་གོ་དང་ཨུ་རི་སིའི་འབྲེལ་བས་བདེ་ཐང་བརྟན་འཇགས་དང་འཕེལ་རྒྱས་ཟབ་མོ་རྒྱུན་སྲིང་བྱས་ཡོད། ད་ལོ་ནི་ཀྲུང་གོ་དང་ཨུ་རི་སིའི་བར་འབྲེལ་བ་བཙུགས་ནས་ལོ་དོན་ལྔ་འཁོར་བའི་ལོ་ཡིན་པས། ཕྱོགས་གཉིས་ཀྱིས་དོན་དག་འདི་ལ་དམིགས་ཏེ་མུ་མཐུད་དུ་འདྲ་མཉམ་ཡིད་རྟོན་དང་། གཉིས་ཕན་མཉམ་རྒྱལ་གྱི་སྙིང་སྟོབས་བཅངས་ནས་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། གཡུར་དུ་ཟ་བའི་མཉམ་ལས་གྲུབ་འབྲས་ཀྱིས་ཀྲུང་གོ་དང་ཨུ་རི་སིའི་དུས་རབས་གསར་བའི་ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་ཟླ་གྲོགས་འབྲེལ་བའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་ཨུ་སི་རིའི་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཚོགས་བར་གྱི་བརྗེ་རེས་མཉམ་ལས་སྔར་ལས་དམ་ཟབ་ཏུ་གཏོང་རྒྱུ་མ་ཟད། ཁྲིམས་འཛུགས་སོགས་ཁྱབ་ཁོངས་ཀྱི་ཕུལ་བྱུང་ཉམས་མྱོང་ཕན་ཚུན་དཔེ་ལྟ་དང་སློབ་སྦྱོང་བྱས་ཏེ་ཕྱོགས་གཉིས་ཀྱི་མཉམ་ལས་ཐད་སྔར་ལས་འཐུས་ཚང་གི་བཅའ་ཁྲིམས་འགན་སྲུང་འདོན་སྤྲོད་བྱེད་རྒྱུ་ཡིན།

ཨོ་ཝེའར་ཆིའུ་ཁི་ཡིས་བཤད་རྒྱུར། ཨུ་རི་སི་དང་ཀྲུང་གོའི་མཉམ་ལས་ཀྱིས་འཕེལ་རྒྱས་ཀྱི་གནས་བབ་ཡག་པོ་མངོན་པར་བྱས་ཡོད། ཨུ་རི་སི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་བྱུང་བའི་ཐུན་མོང་འདུ་ཤེས་གལ་ཆེན་དངོས་འབེབས་བཟང་པོ་བྱེད་པ་དང་། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུར་འཐད་པ་ཡིན་ལ། ཨུ་རི་སི་དང་ཀྲུང་གོའི་དུས་རབས་གསར་བའི་ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་ཟླ་གྲོགས་འབྲེལ་བ་སྔར་ལས་མཐོ་བའི་ཆུ་ཚད་དུ་མཐོར་འདེགས་གཏོང་རྒྱུ་ཡིན་ཞེས་བསྟན།

རིག་འཛིན་སྒྲོལ་མས་བསྒྱུར།