2024ཀྲུང་གོའི“ཧ་སག་སི་ཐན་གྱི་ཡུལ་སྐོར་ལོའི”འགོ་རྩོམ་མཛད་སྒོ་པེ་ཅིང་དུ་འཚོགས།
2024.03.31 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ3ཚེས29ཉིན་གྱི་དགོང་མོ། 2024ལོའི་ཀྲུང་གོའི“ཧ་སག་སི་ཐན་གྱི་ཡུལ་སྐོར་ལོའི”འགོ་རྩོམ་མཛད་སྒོ་པེ་ཅིང་དུ་འཚོགས།

2023ལོའི་ཟླ5པའི་ནང་དུ། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀྲུང་གོར་འཚམས་འདྲིར་ཡོང་བའི་ཧ་སག་སི་ཐན་གྱི་ཙུང་ཐུང་ཐའོ་ཁཱ་ཡེ་ཧྥུའུ་ཡིས་མཉམ་དུ། 2024ལོ་ནི་ཀྲུང་གོའི“ཧ་སག་སི་ཐན་གྱི་ཡུལ་སྐོར་ལོ”ཡིན་ཞེས་དངོས་སུ་ཁྱབ་སྒྲོག་གནང་བ་རེད། ད་ཐེངས་ཀྱི་ཡུལ་སྐོར་ལོའི་འགོ་རྩོམ་མཛད་སྒོའི་སྟེང་དུ། ཧ་སག་སི་ཐན་གྱི་ཨ་པའེ་རྒྱལ་ཁབ་གླུ་གར་དང་པ་ལིའི་ཞབས་བྲོ་གླིང་། ཝུའུ་ལེ་ཐོ་རོལ་མོའི་ཚོགས་པ་སོགས་ཧ་སག་སི་ཐན་གྱི་མིང་གྲགས་ཆེ་བའི་ཟློས་གར་གླིང་དང་རོལ་ཚོགས་སོགས་ཀྱི་འཁྲབ་སྟོན་སྒྱུ་རྩལ་མཁས་ཅན་རྣམས་ཀྱིས་འཁྲབ་སྟོན་བྱས་ནས་ལྟད་མོ་ངོ་མཚར་ཅན་བསྟན་པ་དང་། ཐེངས་འདིའི་འཁྲབ་སྟོན་ལ་གཙོ་བོ་ཀྲུང་གོ་དང་ཧ་སག་སི་ཐན་གྱི་དམངས་གླུ་དང་། ཧ་སག་སི་ཐན་གྱི་མི་རིགས་ཞབས་བྲོ། རོལ་དབྱངས། མཉམ་ལེན་གླུ་གཞས་སོགས་ཡོད་ཅིང་། འཁྲབ་སྟོན་ཁྲོད་ཀྲུང་གོ་དང་ཧ་སག་སི་ཐན་རྒྱལ་ཁབ་གཉིས་ཀྱི་མི་རིགས་རོལ་དབྱངས་ཀྱི་ཁྱད་ཆོས་མཉམ་འདྲེས་གཏིང་ཟབ་བྱུང་བ་དེའི་སྟེང་ནས། ཀྲུང་གོ་དང་ཧ་སག་སི་ཐན་རྒྱལ་ཁབ་གཉིས་ཀྱི་རིག་གནས་མཉམ་འདྲེས་དང་ཕན་ཚུན་དཔྱད་གཞིར་འཛིན་གྱིན་པའི་སྣང་ཚུལ་ཡག་པོ་མངོན་པར་མཚོན་ཡོད།

བན་དེ་སྐྱབས་ཀྱིས་བསྒྱུར།