ལིའུ་ཅན་ཁྲའོ་ཡིས་ཐེ་གོ་རུ་འཚམས་འདྲི་བྱས།
2024.04.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

ཟླ3པའི་ཚེས29ཉིན་ནས་ཚེས31ཉིན་བར། ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་ཡི་པུའུ་ཀྲང་ལིའུ་ཅན་ཁྲའོ་ཡིས་ཀྲུང་གུང་འཐུས་ཚབ་ཚོགས་པ་ཁྲིད་དེ་ཐེ་གོ་རུ་འཚམས་འདྲི་བྱས་ཤིང་། སོ་སོར་ཐེ་གོ་སྲིད་གཞུང་གི་ཙུང་ལི་གཞོན་པ། ཕྱི་འབྲེལ་བློན་ཆེན་པན་པིས་དང་། ཐེ་གོའི་སྤོབས་སེམས་ཏང་གི་ཏང་གཙོ། ཙུང་ལི་གཞོན་པ། ནང་སྲིད་པུའུ་ཀྲང་ཨ་ནོའུ་ཐིན། ཐེ་གོའི་ཆེད་དུ་ཞེས་པའི་ཏང་གི་ཀྲུའུ་ཞི་ཕའེ་ཐུང་ཐན་བཅས་ལ་ཐུག་འཕྲད་བྱས་པར་མ་ཟད། ཐེ་གོའི་མཉམ་འབྲེལ་རྒྱལ་འཛུགས་ཏང་གི་ཏང་གཙོ། ཙུང་ལི་གཞོན་པ། ནུས་ཁུངས་པུའུ་ཀྲང་ཕིས་ལཱ་ཕན་སོགས་སྲིད་འཛིན་མནའ་འབྲེལ་གྱི་སྲིད་ཏང་སོ་སོའི་མགོ་ཁྲིད་པར་མཉམ་དུ་ཐུག་འཕྲད་བྱས་པ་དང་། ཐེ་གོའི་ན་གཞོན་བརྗེ་རེས་བྱ་འགུལ་ལ་ཞུགས། ལིའུ་ཅན་ཁྲའོ་ཡིས་ད་རུང་ཀྲིན་ཏཱ་སྡེ་ཚོགས་ཀྱི་རྐང་འཛིན་དབུ་གཙོ་ཞེ་གོ་མེན་ལའང་ཐུག་འཕྲད་བྱས།

ཕྱོགས་གཉིས་ཀྱིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་ཐུན་མོང་ལྟ་ཚུལ་གལ་ཆེན་མཉམ་དུ་དངོས་འབེབས་བྱས་ཤིང་། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ་ལྔ་བཅུ་འཁོར་བ་གོ་སྐབས་སུ་བྱས་ཏེ། རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་བརྗེ་རེས་བྱེད་པར་ཤུགས་སྣོན་པ་དང་། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་བཏང་ནས། མི་དམངས་བར་གྱི་རྒྱུས་ལོན་དང་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་བ་དང་། ཀྲུང་གོ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་འབྲེལ་བའི་འཕེལ་རྒྱས་ལ་ཡར་སྐུལ་བྱས་ཏེ། ལག་རྡང་སྦྲེལ་ནས་ཀྲུང་གོ་དང་ཐེ་་གོའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།