ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་ཡོན་ཧྲི་ཏུའུ་ཞང་ཝན་དང་བཞུགས་མོལ་བྱས།
2024.04.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

ཟླ3པའི་ཚེས29ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གཉིས་ཀྱིས་པེ་ཅིང་དུ་ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི། ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཀྲང་གཞོན་པ་ཟུར་པ་ཏུའུ་ཞང་ཝན་དང་བཞུགས་མོལ་བྱས།

ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་ཡོན་ཧྲི་ཏུའུ་ཞང་ཝན་ལ་ལྷག་བསམ་རྣམ་དག་གི་འཚམས་འདྲི་དང་བླ་མེད་ཀྱི་གུས་འདུད་ཞུས་ཤིང་། མཚོ་སྔོན་གྱིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་མདེལ་གཉིས་སྐར་གཅིག་སྙིང་སྟོབས་རྒྱུན་འཛིན་དར་སྤེལ་བྱས་པའི་གནས་ཚུལ་མཚམས་སྦྱོར་བྱས། ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་བཤད་རྒྱུར། མདེལ་གཉིས་སྐར་གཅིག་སྙིང་སྟོབས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་སྤོབས་སེམས་བསྐྱེད་པས། ཀྲུང་ཧྭའི་བུ་དང་བུ་མོའི་འགྱུར་མེད་སྙིང་སྟོབས་མཚོན་པའི་དན་རྟགས་ཤིག་ཏུ་གྱུར་ཡོད། མཚོ་སྔོན་གྱིས་ལོ་རྒྱུས་རིང་ཞིང་ཉམས་མེད་གོང་འཕེལ་གྱི་མདེལ་གཉིས་སྐར་གཅིག་སྙིང་སྟོབས་ཁྲོད་ཀྱི་ཉིང་བཅུད་བསྡུ་ལེན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་བཀོད་གནང་བའི་ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་ངེས་གནས་དང་སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་གོ་གནས་ཁོང་དུ་དམ་པོར་ཆུད་པར་བྱེད་པ། ཆུ་ཚད་མཐོ་བའི་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཅིག་གྱུར་བཀོད་འདོམས་བྱེད་པ། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་སུ་བཏང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཇུས་འགོད་གནང་བའི་རླབས་ཆེན་བཟོ་བཀོད་དེ་མཛེས་སྡུག་གི་མངོན་སུམ་དུ་འགྱུར་བར་འབད་བརྩོན་བྱེད་རྒྱུ་ཡིན་ཞེས་བསྟན།

ཡོན་ཧྲི་ཏུའུ་ཞང་ཝན་གྱིས་ཉེ་བའི་ལོ་འགའི་རིང་མཚོ་སྔོན་གྱི་དཔལ་འབྱོར་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་ལ་རྟེན་འབྲེལ་ཞུས་པ་དང་། དང་ཐོག་མདེལ་གཉིས་སྐར་གཅིག་ལས་དོན་ལ་གཞོལ་བའི་ཕུལ་བྱུང་ལོ་ཟླར་ཕྱིར་དྲན་བྱས་ནས། མཚོ་སྔོན་གྱི་རི་ཆུ་ནགས་གསུམ་དང་གཉིས་གཉིས་གཅིག་རྟེན་གཞི་སྲུང་སྐྱོབ་བེད་སྤྱོད་སྐོར་ལ་བཅངས་པའི་དུངས་ཞེན་ཟབ་མོ་མཚོན་པར་བྱས། ཁོས་བཤད་རྒྱུར། མཚོ་སྔོན་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་བླངས་པའི་གྲུབ་འབྲས་ཀྱིས་མི་རྣམས་ཀྱི་བརྩོན་སེམས་བསྐྱེད་ཐུབ། མདེལ་གཉིས་སྐར་གཅིག་སྙིང་སྟོབས་ཀྱིས་དུས་རབས་གསར་བར་གཟི་འོད་རབ་ཏུ་འཕྲོ་བར་བྱས་ཏེ་དེང་རབས་ཅན་འཛུགས་སྐྲུན་བྱེད་ཆེད་སྙིང་སྟོབས་དང་སྒུལ་ཤུགས་ཆེན་པོ་འདོན་སྤྲོད་བྱེད་དགོས་ཟེར།

ཞིང་ཆེན་གྱི་མགོ་ཁྲིད་ཀྲའོ་ཡུའེ་ཞ་དང་ཀྲུའུ་ཞང་ཧྥིན་བཞུགས་མོལ་ལ་ཞུགས།

རིག་འཛིན་སྒྲོལ་མས་བསྒྱུར།